སྤྱི་ཚོགས་འགན་སྲུང་བྱང་བུའི་རྒྱུན་མཐོང་གི་གནད་དོན5ཡི་ཐད་ཀྱི་དོགས་སེལ་དྲིས་ལན།

རང་རེའི་དྲ་བའི་འཕྲིན། ཉེ་ལམ། དགོང་དྲོའི་ཚགས་པར་གྱི་སྐུད་ལམ་ལ་གྲོང་ཁྱེར་མི་སྣ་སྐོར་ཞིག་གིས་ཁ་པར་བཏང་འོངས་ནས། སྤྱི་ཚོགས་འགན་སྲུང་བྱང་བུ་དེ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་དོན་དག་སྐོར་ཞིག་ལ་འདྲི་རྟོག་བྱས་པ་རེད། གྲོང་ཁྱེར་མི་རྣམས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དེའི་ཐད་ལ་གསར་འགོད་པས་གྲོང་ཁྱེར་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུའུ་སྤྱི་ཚོགས་འགན་བཅོལ་བརྡ་འཕྲིན་ཁའོ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་ལས་དྲིས་ལན་འདེབས་དུ་བཅུག་ཡོད།

● སྤྱི་ཚོགས་འགན་བཅོས་བྱང་བུའི་གསང་གྲངས་བརྗེད་པ་ན་ཅི་ཞིག་བྱེད་དགོས་སམ།

སྤྱི་ཚོགས་འགན་སྲུང་བྱང་བུ་ནི་སྤྱི་ཚོགས་འགན་སྲུང་བཀོལ་སྤྱོད་ཀྱི་ཐོ་མིང་གསང་གྲངས་བརྗེད་པ་དང་ཡང་ན་གསང་གྲངས་ཞིབ་བཤེར་ཚད་བརྒལ་གྱིས་གསང་གྲངས་ལ་ཟྭ་བརྒྱབ་པ་རེད། དེའི་མི་ཚད་གསང་གྲངས་ཡང་དག་དེ་བརྗེད་ནས་ཟྭ་བརྒྱབ་པས། ངེས་པར་དུ་གསང་གྲངས་གསར་བ་སྒྲིག་འཇུག་བྱེད་དགོས། བྱང་བུ་འཛིན་མཁན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་དང་ཐོབ་ཐང་ལག་འཁྱེར་བཟུང་ནས་རིམ་པ་སོ་སོའི་མི་དོན་སྤྱི་ཚོགས་སྡེ་ཁག་གི་ཞབས་ཞུའི་དངུལ་ཁང་སྤྱི་ཚོགས་འགན་སྲུང་དུས་བསྟུན་བྱང་བུའི་དྲ་སྟེང་གི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྒེའུ་ཁུང་དུ་སོང་ནས་གསང་གྲངས་གསར་བ་བརྗེས་པའི་ལས་དོན་སྒྲུབ་དགོས།

● སྤྱི་ཚོགས་འགན་སྲུང་བྱང་བུ་དོར་བ་དང་གནོད་སྐྱོན་བཟོས་ན་ཇི་ལྟར་སླར་གསོ་བྱེད་དགོས།

སྤྱི་ཚོགས་འགན་སྲུང་བྱང་བུ་དོར་བའམ་སྤྱི་ཚོགས་འགན་སྲུང་བྱང་བུར་གནོད་སྐྱོན་ཐེབས་པ། བྱང་བུའི་ངོས་ལ་ཆག་སྐྱོན་བྱུང་། ཆག་སྐྱོན་གྱིས་ངོས་འཛིན་བྱེད་མི་ཐུབ་པ་བཅས་ཀྱི་གནད་དོན་བྱུང་བ་ན། བྱང་བུ་འཛིན་མཁན་གྱིས་རང་གི་ཐོབ་ཐང་ལག་འཁྱེར་བཟུང་སྟེ་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུ་ཡི་དངུལ་ཁང་སྤྱི་ཚོགས་འགན་སྲུང་བྱང་བུའི་དུས་བཅད་ངེས་གཏན་དྲ་ཐོག་འགྲོ་ལུགས་སྒྲུབ་ས་རུ་སོང་སྟེ་གསར་བརྗེ་བྱེད་པའི་འགྲོ་ལུགས་སྒྲུབ་དགོས། དེ་ཡང་སྤྱི་ཚོགས་འགན་སྲུང་བྱང་བུ་ལ་དངུལ་རྩའི་བེད་སྤྱོད་ཀྱི་བྱེད་ནུས་ལྡན་པས། སྤྱི་ཚོགས་འགན་སྲུང་བྱང་བུ་གསར་བརྗེ་བྱེད་སྐབས་དངུལ་ཁང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་འགྲོ་ལུགས་ནན་མོར་སྒྲུབ་དགོས།

● སྤྱི་ཚོགས་འགན་སྲུང་བྱང་བུའི་ཁྲོད་ཀྱི་སྨན་བཅོས་འགན་སྲུང་རིན་དངུལ་ལྷག་མ་ལ་ཇི་ལྟར་བལྟ་དགོས་སམ།

ཟི་ལིང་གྲོང་ཁྱེར་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་བྱང་བུ་ཅན་དག་ཟི་ལིང་གྲོང་ཁྱེར་ལས་བཟོ་པའི་གཏན་ཁེལ་བྱས་པའི་སྨན་བཅོས་སྒྲིག་འཛུགས་སུ་སོང་སྟེ། གཏན་ཁེལ་བྱས་པའི་སྨན་རྫས་ཚོང་ཁང་དུ་བྱང་བུ་བཟུང་ནས་སོང་སྟེ་མི་སྒེར་གྱི་སྨན་བཅོས་རྩིས་ཐོའི་རིན་དངུལ་ཁ་གྲངས་ལ་བལྟས་ཆོག གཞུག་ནས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་སྨན་བཅོས་འགན་བཅོལ་བརྡ་འཕྲིན་མ་ལག་འཛུགས་སྐྲུན་གྱི་མཐུད་སྦྲེལ་ཡོངས་འགྲུབ་བྱས་རྗེས། སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ལམ་བུ་ལས་རྩད་གཅོད་དང་འདྲི་རྟོག་བྱ་ཆོག

● སྤྱི་ཚོགས་འགན་བཅོལ་བྱང་བུའི་བརྡ་འཕྲིན་དེ་གནས་ཚུལ་ཇི་འདྲའི་འོག་བརྗེ་སྒྱུར་བྱ་དགོས་སམ།

བྱང་བུ་འཛིན་མཁན་གྱི་རུས་མིང་དང་སྤྱི་ཚོགས་འགན་བཅོལ་བྱང་བའི་ཨང་གྲངས་སོགས་ཆེས་གནད་འགག་གི་བརྡ་འཕྲིན་ལ་འགྱུར་བ་གཏོང་དུས། སྤྱི་ཚོགས་འགན་བཅོལ་བྱང་བུ་གསར་དུ་བརྗེ་སྐབས། བྱང་བུ་འཛིན་མཁན་གྱིས་སྤྱི་ཚོགས་འགན་བཅོལ་བྱང་བུ་དང་ཐོབ་ཐང་ལག་འཁྱེར། སྤྱི་བདེ་ལས་ཁུངས་ཀྱིས་བྲིས་པའི་བརྗེ་སྒྱུར་བདེན་དཔང་བཅས་བཟུང་སྟེ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ཞབས་ཞུའི་སྒེའུ་ཁུང་དུ་བརྗེ་སྒྱུར་འགྲོ་ལུགས་སྒྲུབ་དགོས། དེ་ཡང་བྱང་བུ་འཛིན་མཁན་གྱི་ཁ་པར་ཨང་གྲངས་དང་སྡོད་གནས་སོགས་ཆེས་གནད་འགག་མ་ཡིན་པའི་བརྡ་འཕྲིན་ལ་འགྱུར་བ་གཏོང་སྐབས། སྤྱི་ཚོགས་འགན་སྲུང་བྱང་བུ་བརྗེ་སྒྱུར་བྱེད་མི་དགོས། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྒེའུ་ཁུང་དང་ཞབས་ཞུའི་དངུལ་ཁང་གི་དྲ་གནས། ཡང་ན་མི་དོན་སྤྱི་ཚོགས་ཐིན་གྱི་དྲ་ཚིགས། མཚོ་སྔོན་མི་དོན་སྤྱི་ཚོགས་སྟེགས་བུ་སོགས་ཁ་པར་གྱིAPPསོགས་བརྒྱུད་དེ་སྤྱི་ཚོགས་འགན་བཅོལ་བྱང་བུའི་རྩ་བའི་གནས་ཚུལ་ལ་བཟོ་བཅོས་བྱས་ཆོག

● སྤྱི་ཚོགས་འགན་བཅོལ་བྱང་བུའི་དངུལ་རྩའི་བྱེད་ནུས་དེ་ཇི་ལྟར་འབྱེད་དགོས་སམ། དེར་བྱེད་ནུས་གང་དག་ཡོད་དམ།

སྤྱི་ཚོགས་འགན་བཅོལ་བྱང་བུའི་དངུལ་རྩའི་བྱེད་ནུས་འབྱེད་པར་བྱང་བུ་འཛིན་མཁན་རང་ཉིད་དངོས་སུ་སྤྱི་ཚོགས་འགན་བཅོལ་བྱང་བུའི་ཞབས་ཞུའི་དངུལ་ཁང་གི་དྲ་ཐོག་དུ་སོང་ནས་འབྱེད་དགོས། རྒྱ་ཆེའི་བྱང་བུ་འཛིན་མཁན་དག་ལ་སྟབས་བདེ་བསྐྲུན་པ་དང་སྤྱི་ཚོགས་འགན་བཅོལ་བྱང་བུ་ལ་དངུལ་རྩའི་དངུལ་གསོག་བྱང་བུའི་བྱེད་ནུས་ལས་གཞན། རང་རེའི་གྲོང་ཁྱེར་གྱི་ཞབས་ཞུའི་དངུལ་ཁང་གིས་སྤྱི་ཚོགས་འགན་བཅོལ་བྱང་བུའི་དངུལ་རྩའི་རྩིས་ཐོ་ལ་གཤམ་གསལ་གྱི་དམིགས་གསལ་ཞབས་ཞུའི་རྣམ་གྲངས་འདི་དག་མཁོ་སྤྲོད་བྱས་ཡོད། སྤྱི་ཚོགས་འགན་བཅོལ་བྱང་བུའི་ལས་བརྩོན་རིན་དངུལ་རིན་མེད་དང་ལོ་རེའི་གྲོན་དངུལ། སྒོར་གྲངས་ཉུང་ངུའི་རྩིས་ཐོའི་བདག་དོམ་རིན་དངུལ། འཛུགས་སྐྲུན་དངུལ་ཁང་མ་ལག་ཁྲོད་ཟླ་རེའི་ཐེངས་གཉིས་ལ་གནས་གཞན་གྱིATMལས་སྒོར་མོ་བླངས་ན་རིན་དངུལ་མེད་པར་བཟོས་པ་བཅས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།