མཚོ་ཤར་མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་བགོ་བཤའི་ཡོང་འབབ་ཐོག་མར་སྒོར་ཁྲི3ལ་བུད་པ།

རང་རེའི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་ཤར་རྟོག་ཞིབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་མཚོ་ཤར་གྲོང་ཁྱེར་མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་བགོ་བཤའི་ཡོང་འབབ་ནི་སྒོར31962ཡིན་ཞིང་། ཆེས་ཐོག་མར་སྒོར་ཁྲི3ལ་བུད་པ་དང་། ཡོང་འབབ་དེ་ལོ་སྔོན་མ་ལས་སྒོར2105ཡིས་འཕར་ཡོད། འཕར་ཚད་དེ་ནི7.1%ཡིན།

ལོ་འདི་དག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་གྱིས་སྡོད་དམངས་ཀྱི་ཡོང་འབབ་དང་འགྲོ་སོང་རྟོག་ཞིབ་བྱ་བ་དེ་ཧུར་ཐག་སྒོས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གྱི་ཆེས་གནད་འགག་བྱེད་ཐབས་དུ་བཟུང་ཡོད། ཏང་ཨུའི་སྲིད་གཞུང་གི་རྒྱབ་རྟེན་ཡོད་པའི་སྤྱི་ཚོགས་གནས་ཚུལ་དམངས་སེམས་ཀྱི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གཙོ་གནད་འབུར་ཐོན་དང་གཞི་གྲངས་ཀྱི་རྒྱུ་སྤུས་དམ་འཛིན། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་རྟོག་ཞིབ་བྱ་བ་ནན་ཏན་སྒོས་སྒྲུབ།

ད་ལྟ། འགྲོ་སོང་དང་ཡོང་འབབ་ཀྱི་གྲུབ་ཚུལ་ལ་བལྟས་འོངས་ན། ལས་ཕོག་རང་བཞིན་གྱི་ཡོང་འབབ་ནི་སྔར་བཞིན་རང་ཞིང་གི་སྡོད་དམངས་ཁྱིམ་ཚང་དག་གི་འབྱུང་ཁུངས་གཙོ་བོ་ཡིན། 2019ལོར་མཚོ་ཤར་གྲོང་ཁྱེར་གྱི་མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་ལས་ཕོག་རང་བཞིན་གྱི་ཡོང་འབབ་ནི་སྒོར22487དང་། དེས་སྡོད་དམངས་དག་གི་མི་རེའི་ཆ་སྙོམས་འགྲོ་སོང་ཡོང་འབབ་ཀྱི70.4%ཟིན། ཡོང་འབབ་དེ་ལོ་སྔོན་མ་ལས་སྒོར1202འཕར་བ་དང་འཕར་ཚད་ནི5.7%ཡིན། ཚོང་གཉེར་རང་བཞིན་གྱི་ཡོང་འབབ་མགྱོགས་མྱུར་སྒོས་འཕར་བ་དེ་ནི་མཁར་གྲོང་སྡོད་དམངས་དག་གི་ཆ་སྙོམས་མི་རེའི་འགྲོ་སོང་ཡོང་འབབ་ཀྱི་འཐེན་འཁྱེར་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ངེས།

2019ལོར་མཁར་གྲོང་སྡོད་དམངས་དག་གི་ཆ་སྙོམས་མི་རེའི་ཚོང་གཉེར་རང་བཞིན་གྱི་ཡོང་སྒོ་ནི་སྒོར4006ཡིན་ལ། ཡོང་འབབ་དེ་ལོ་སྔོན་མར་སྡུར་ན་སྒོར1316འཕར་བ་དང་དེའི་འཕར་ཚད་ནི48.9%ཡིན། སྡོད་དམངས་རིགས་བཞི་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་ནས་ཐོག་མ་རུ་གྱུར་བ་དང་སྡོད་དམངས་ཡོང་འབབ་ཁ་སྣོན་རང་བཞིན་གྱི་གསོན་ཤུགས་གསར་བའི་སྟོབས་ཤུགས་དུ་གྱུར། ནོར་སྲིད་ཀྱི་ཡོང་སྒོ་དང་ཡོང་སྒོ་གཞན་སྒྱུར་གྱི་ཡོང་འབབ་དེ་ལོ་སྔོན་མ་ལས་མར་འགྲིབ་འདུག 2019ལོར་མཁར་གྲོང་སྡོད་དམངས་དག་གི་མི་རེའི་ཆ་སྙོམས་ནོར་སྲིད་གཙང་མའི་ཡོང་སྒོ་དང་ཡོང་སྒོ་གཞན་སྒྱུར་ཡོང་འབབ་སོ་སོ་ནི་སྒོར1077དང་སྒོར4393ཡིན་པས། ལོ་སྔོན་མ་ལས1.8%དང8.2%མར་འགྲིབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།