མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་ཨུའི་ལྟ་ཞིབ་ཚད་ལེན་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ། མཚོ་ཤར་གྲོང་ཁྱེར་སྒྲིག་ཨུའི་ལྟ་སྐུལ་ཨུ་ཡོན་རྩ་འཛུགས་ཀྱིས་གྲོང་ཁྱེར་ཧྲིལ་བོའི་ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་ཨུ་ཚད་ལྡན་ཅན་དང་སྒྲིག་སྲོལ་ཅན། ལམ་ལུགས་ཅན་འཛུགས་སྐྲུན་བྱེད་པའི་ལས་མིའི་བཀོད་སྒྲིག་གྲོས་ཚོགས་བསྡུས་སྟེ་གཞི་རིམ་གྱི་ལྟ་སྐུལ་ཞིབ་བཤེར་ཁྲིམས་འཛིན་ངོ་བོ་གཅིག་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་ཨུའི་ལྟ་སྐུལ་ཞིབ་བཤེར་འགན་སྲུང་ནུས་པ་ཡང་སྔར་ལས་མཐོར་འདེགས་སུ་བཏང་ཡོད།

ངོ་སྤྲོད་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་ཚོ་དང་གྲོང་རྡལ་སྒྲིག་ཨུ་ཡི“ཅན་གསུམ”འཛུགས་སྐྲུན་བྱེད་པའི་ཁྲོད། གྲོང་ཁྱེར་གྱི་མཛུབ་སྟོན་དང་རྫོང་གི་དམ་འཛིན། ཡུལ་ཚོའི་དངོས་འབེབས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྫོང་དང་ཆུས་ཀྱི་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་འགོ་ཁྲིད། རྫོང་དང་ཆུས་ཀྱི་སྒྲིག་ཨུའི་ལྟ་སྐུལ་ཨུ་ལྷན་གྱིས་མཛུབ་སྟོན་སྙོམས་སྒྲིག ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་རྩ་འཛུགས་བྱས་ཏེ་དངོས་སུ་ལག་བསྟར། བཙན་གཉོམ་མཉམ་བསྒྲིགས་དང་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་རྒྱུན་འཁྱོངས་སྟེང་ཡུལ་ཚོ་དང་གྲོང་རྡལ་སྒྲིག་ཨུའི་གཞུང་སྒྲུབ་ཁང་གིས་ཆབ་སྲིད་ཀྱི་ཁྱད་ཆོས་ལ་དོ་སྣང་དང་བརྗིད་ཉམས་བབ་ཆགས་ཕྱིར་མངོན། དངོས་བཀོལ་སྟབས་བདེ་ཅན་ཏུ་བཏང་། མཉེན་ཆས་འཛུགས་སྐྲུན་ཐད་ཚད་གཞི་གཅིག་གྱུར་དང་བྱ་བའི་སྒྲིག་སྲོལ་གཅིག་གྱུར། ལམ་སྲོལ་འཐུས་ཚང་བཅས་ཀྱིས་དོན་དངོས་གཞིར་བཟུང་སྟེ་གྲི་ཡིས་གཏུབ་པ་ལྟར་མཚམས་མི་གཅོད་པར་བྱས། རྫོང་དང་ཆུས་སོ་སོའི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་རང་སྟེང་གི་དོན་དངོས་ལ་འཚོལ་ཞིབ་ནན་ཏན་བྱས་པ་བརྒྱུད་དོན་དངོས་ལ་གདོང་ལེན་ཕོད་པ་དང་སྒྲིག་སྲོལ་ཇུས་འགོད་ཀྱིས་གཞི་རིམ་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བའི་རྣམ་གཞག་དང་བྱེད་ཐབས་བརྒྱུད་རིམ་གསར་གཏོད་བྱས་ཡོད།

ཡུལ་ཚོ་དང་གྲོང་རྡལ་སྒྲིག་ཨུ་ཡི“ཅན་གསུམ”འཛུགས་སྐྲུན་གྱི་བྱེ་བྲག་གི་འཛུགས་སྐྲུན་ནི་ཅི་ཞིག་ཡིན་ནམ། ཅི་ཞིག་དམ་འཛིན་བྱེད་དགོས་སམ་ཞེ་ན། གྲོས་ཚོགས་ཀྱིས་བཀོད་སྒྲིག་གསལ་བོ་བྱས་ཡོད། དོན་དངོས་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཆབ་སྲིད་ལས་ཁུངས་ཀྱི་གཏན་ཁེལ་བརྟན་སྲུང་། ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས། ཆབ་སྲིད་ཀྱི་འགན་འཁྲི་ཤུགས་སྒྱུར། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བཅས་བྱས་ཡོད། སྒྲིག་འཛུགས་རུ་དཔུང་གི་ངོ་བོར་སྐུལ་འདེད་དང་འགན་འཁྲི་འགན་ནུས། སྲ་མཁྲེགས་སྒྲིག་ཆས་ཚད་ལྡན་ཅན་འཛུགས་སྐྲུན། འགོ་ཁྲིད་ཀྱི་གོ་གནས་གཅིག་ལྕོགས་ལ་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་ནན་མོ། སྒྲིག་ཨུའི་ཁྲིམས་འཛིན་ལག་བསྟར། སྒྲིག་སྲོལ་ཅན་གྱི་འཛུགས་སྐྲུན་ནུས་པ་མཐོར་འདེགས་བཅས་ཀྱིས་ལྟ་སྐུལ་བྱ་བའི་ངོ་བོར་སྐུལ་འདེད་ཀྱིས་དངོས་ཡོད་གསར་གཏོད་དང་ནང་ཁུལ་ལྟ་རྟོག་བདག་དོམ་ལམ་ལུགས་བཅས་འཛུགས་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།