མཚོ་སྔོན་ཞིང་ཆེན་པྲོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཡིག་ཆ།

མཚོ་པྲོག་བཀོད་གཞུང〔2020〕ཨང58པ།

མཚོ་སྔོན་ཞིང་ཆེན་པྲོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣར་བདེ་ཐང་ཤར་སྐྱོད་གཱ་སྤྱོད་པའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་ཁུལ་སོ་སོའི་བཀོད་འདོམས་པུའུ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་ཞུགས་སྡེ་ཚན་སོ་སོ་ལ།

པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་པ་དང་། ལས་མགོ་དང་སློབ་མགོ་རྩོམ་པར་སྒྲིག་ལམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་གྱི་རྐྱེན་སྲོལ《ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་བྱ་བ་གནད་དུ་ཁེལ་བའི་སྒོ་ནས་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》(མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་སྤེལ〔2020〕ཨང28པ)གྱི་དགོངས་དོན་དང་རང་ཞིང་གི་བྱ་བའི་བཀོད་འདོམས་གཞིར་བཟུང་ནས། ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣར་བདེ་ཐང་ཤར་སྐྱོད་གཱ་སྤྱོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཐག་བཅད་པ་ཡིན། ད་ལྟ་འབྲེལ་ཡོད་དོན་ཚན་གྱི་བརྡ་སྦྱོར་གཤམ་ལྟར།

དང་པོ། འགྲོ་ལུགས་སྒྲུབ་པའི་ཆ་རྐྱེན།

མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་བསྟུད་མར་ཉིན14དང་དེའི་ཡན་ལ་བསྡད་པ་དང་། ཚ་རྒྱག་པ་དང་བསྟུད་མར་སྐམ་ལུད་བྱེད་པ། ཐང་ཆད་པ་སོགས་ཀྱི་ནད་རྟགས་མེད་ཅིང་ལས་མགོ་དང་སློབ་མགོ་བརྩམས་པའི་རྐྱེན་གྱིས་ཡུལ་གཞན(རྫོང་ཁོངས་ཕྱི)དུ་འགྲོ་དགོས་པའི་མི་སྣས་བདེ་ཐང་ཤར་སྐྱོད་གཱ་རེ་ཞུའི་འགྲོ་ལུགས་སྒྲུབ་ཆོག གཤམ་གྱི་སྣང་ཚུལ་ཡོད་མཁན་གྱིས་གནས་སྐབས་སུ་འགྲོ་ལུགས་སྒྲུབ་མི་ཆོག་སྟེ།

(གཅིག)ནད་གཞི་བརྟག་དཔྱད་ལས་པྲོག་གསར་གློ་ཚད་ཀྱི་གཏན་ཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ། གདགས་གཤིས་འགོས་ནད་ཅན་དུ་ངོས་བཟུང་བ། ནད་བཅོས་དྲག་སྐྱེད་མ་བྱུང་བའམ་སྨན་ཁང་ལས་བུད་རྗེས་ལྟ་ཞིབ་ཀྱི་ཉིན14ལོངས་མེད་པ།

(གཉིས) པྲོག་གསར་གློ་ཚད་ཀྱི་གཏན་ཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ། གདགས་གཤིས་འགོས་ནད་ཅན་དང་འབྲེལ་ཐུག་དམ་ཟབ་ཡོད་མཁན། གསོ་རིག་ལྟ་ཞིབ་ཀྱི་དུས་བཀག་གྲོལ་མེད་པ།

(གསུམ) ཕྱིར་མཚོ་སྔོན་དུ་ལོག་ནས་ཉིན14ལོངས་མེད་པ།

(བཞི) ཧུའུ་པེ་སོགས་རིམས་ནད་བྱུང་ཚད་ཆེ་བའི་ས་ཁུལ་གྱི་མི་སྣར་འབྲེལ་ཐུག་ཡོད་པ་ལས་ལོགས་བཀར་ལྟ་ཞིབ་ཀྱི་ཉིན14ལོངས་མེད་པ།

གཉིས་པ། འགྲོ་ལུགས་སྒྲུབ་པའི་གོ་རིམ།

(གཅིག) རེ་ཞུ་མཁན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ་རེ་ཞུ་རེའུ་མིག》ནན་ཏན་སྒོས་འབྲི་བ་དང་། ཕྱིར་མ་སོང་སྔོན་གྱི་རང་གི་བདེ་ཐང་དོ་དམ་གྱི་གནས་ཚུལ་སྦ་གསང་མེད་པར་སྙན་ཞུ་འབུལ་དགོས་པར་མ་ཟད། དམིགས་སར་ཐོན་རྗེས་ས་གནས་དེ་གའི་རིམས་ནད་འགོག་སྡོམ་བྱ་བར་མཉམ་འབྲེལ་སྒོས་དམ་བཅའ་འཇོག་དགོས་ཤིང་། ས་གནས་དེ་གའི་སྡེ་བར(སྡེ་ཁུལ)སྤྲད་དེ་ཞིབ་བཤེར་བྱེད་དུ་འཇུག་དགོས།

(གཉིས)སྡེ་བས(སྡེ་ཁུལ)རེ་ཞུ་མི་སྣས་སྤྲད་པའི《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ་རེ་ཞུ་རེའུ་མིག》གི་འབྲེལ་ཡོད་ཆ་འཕྲིན་ལ་ཞིབ་བཤེར་བྱ་དགོས། རེ་ཞུ་མཁན་ལ་འགྲོ་ལུགས་སྒྲུབ་པའི་ཆ་རྐྱེན་ལྡན་ཞིང་ཕྱིར་སྐྱོད་པར་འཚམ་ན། འགྲོ་ལུགས་སྒྲུབ་མཁན་གྱིས་མིང་རྟགས་འགོད་པ་དང་སྡེ་བའི(སྡེ་ཁུལ)གཞུང་ཐམ་བརྒྱབ་རྗེས་སྤྱོད་གོ་ཆོད་ཅིང་། 《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ》སྟེར་དགོས།

(གསུམ) 《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ་རེ་ཞུ་རེའུ་མིག》ནི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས(https://wsjkw.qinghai.gov.cn)(ཚ་ཤོས་གསལ་འདེབས་ཆེད་དོན་ཆེད་བསྒྲིགས་ལེ་ཚན)སུ་ཕབ་ལེན་བྱེད་པའམ་སྡེ་བ(སྡེ་ཁུལ)རུ་སོང་ནས་ལེན་དགོས།

གསུམ་པ། བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དང་ཡུན་ཚད།

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཱ་ཡོད་མཁན་གྱི་མི་སྣ་གང་སར་འགྲོ་རུ་འཇུག་དགོས་པར་མ་ཟད། ལོགས་བཀར་ལྟ་ཞིབ་ལག་བསྟར་བྱ་མི་དགོས་ཤིང་། མཚོ་སྔོན་དང་ཁ་བྲལ་བའི་མི་སྣས་ས་གནས་དེ་གའི་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱ་དགོས། བདེ་ཐང་ཤར་སྐྱོད་གཱ་བླངས་པའི་ཉིན་ནས་བཟུང་སྟེ་ཉིན5རིང་ལ་གོ་ཆོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་སེལ་རྗེས་བདེ་ཐང་ཤར་སྐྱོད་གཱ་བཀོལ་མཚམས་འཇོག་དགོས།

བཞི་བ། དོ་དམ་གྱི་བླང་བྱ།

(གཅིག) དུས་ཐོག་ཏུ་བཀོད་སྒྲིག་བྱ་དགོས། ས་གནས་སོ་སོས་འདོམས་ཁོངས་ཀྱི་དོ་དམ་རྩ་དོན་ལྟར། ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ་སྤྱོད་པའི་ལམ་ལུགས་མཉམ་འགོག་མཉམ་སྡོམ་གྱི་བྱ་བའི་ནང་དོན་ནང་དུ་བཅུག་སྟེ། སྡེ་བ(སྡེ་ཁུལ)སོ་སོར་བཀོད་སྒྲིག་བྱས་ནས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣར་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

(གཉིས) འགྲོ་ལུགས་བསྒྲུབ་པར་ནན་ཏན་གྱིས་ཞིབ་བཤེར་བྱ་དགོས། སྡེ་བ(སྡེ་ཁུལ)སོ་སོའི་རིམས་ནད་འགོག་སྡོམ་ཚན་ཆུང་གིས་ཆེད་གཉེར་མི་སྣ་བཀོད་སྒྲིག་བྱས་ཏེ་རེ་ཞུ་མི་སྣས་སྤྲད་པའི་རེ་ཞུ་རེའུ་མིག་ལ་ནན་ཏན་སྒོས་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་ཚད་ལྡན་ཡིན་མཁན་ལ་བདེ་ཐང་ཤར་སྐྱོད་གཱ་སྟེར་དགོས། སྔ་ས་ནས་རང་སྡེ་བའི(སྡེ་ཁུལ)གཏན་ཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ། འབྲེལ་ཐུག་དམ་ཟབ་ཡོད་མཁན་སོགས་ཀྱི་ཆ་འཕྲིན་གསལ་རྟོག་བྱས་ནས་གཱ་སྒྲུབ་པའི་ནུས་ཕྱོད་ཇེ་མཐོར་གཏང་དགོས། ཞིབ་བཤེར་དང་གཱ་སྟེར་བའི་བྱ་བ་དེ་རེ་ཞུ་རེའུ་མིག་འབྱོར་རྗེས་ཀྱི་དུས་ཚོད2ནང་དུ་སྒྲུབ་ཚར་དགོས།

(གསུམ) མང་ཚོགས་ཀྱིས་འགྲོ་ལུགས་བསྒྲུབ་པར་སྟབས་བདེ་བཟོ་དགོས། སྡེ་བ(སྡེ་ཁུལ)སོ་སོས་འགྲོ་ལུགས་སྒྲུབ་པའི་ཆ་རྐྱེན་དང་། གོ་རིམ། སྤྱོད་སྐབས་མཉམ་འཇོག་དགོས་པའི་དོན་ཚན། སྒྲུབ་མཁན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། སྔ་ས་ནས་གྲངས་ཚད་ངེས་ཅན་གྱི་རེ་ཞུ་རེའུ་མིག་གྲ་སྒྲིག་བྱས་ནས་མང་ཚོགས་ཀྱིས་འགྲོ་ལུགས་བསྒྲུབ་པར་སྟབས་བདེ་བཟོ་དགོས།

(བཞི) རྒྱུ་ཆ་གསོག་ཉར་དང་དོ་དམ་ལེགས་པོར་བསྒྲུབ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ་རེ་ཞུ་རེའུ་མིག》དང《མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་དང་སློབ་མགོ་རྩོམ་པའི་མི་སྣའི་བདེ་ཐང་ཤར་སྐྱོད་གཱ(ཉར་འཛིན)》གཉིས་དུས་ཐོག་ཏུ་ཚགས་སུ་ཉར་དགོས་ལ། ཉར་འཇོག་དུས་ཡུན་ནི་རིམས་ནད་སེལ་རྗེས་ཀྱི་ཉིན30རིང་ཡིན། འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱིས་ཁ་པར་ལས་བདེ་ཐང་ཤར་སྐྱོད་གཱ་ལ་བདེན་མིན་ཞིབ་དཔྱད་བྱེད་ན་དུས་ཐོག་ཏུ་ཞིབ་བཤེར་བྱ་དགོས།

(ལྔ) བྱ་བའི་སྒྲིག་ཁྲིམས་གཟབ་ནན་མོ་བྱ་དགོས། ས་གནས་སོ་སོས་བརྡ་སྦྱོར་གྱི་བླང་བྱ་ལྟར་བཀོད་སྒྲིག་ནན་མོ་བྱས་ཏེ། འདོམས་ཁོངས་ཀྱི་འགན་འཁྲི་དང་སྡེ་བའི(སྡེ་ཁུལ)བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས། འགྲོ་ལུགས་སྒྲུབ་པའི་བྱ་བའི་ཁྲོད་དུ་ཟ་ཁྱེར་བཀག་ལེན་དང་། མི་བདེན་རྫུན་བཟོ། དོན་མེད་དུ་མི་སྒྲུབ་པ། རང་འགན་གཞན་དཀྲི་སོགས་བྱེད་མཁན་ལ་གཟབ་ནན་སྒོས་ཞིབ་གཅོད་བྱ་དགོས།



མཚོ་སྔོན་ཞིང་ཆེན་པྲོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་།

2020ལོའི་ཟླ2པའི་ཚེས27ཉིན།