མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་ཁག་དང་པོའི་མིང་ཐོ་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས།

“མཚོ་སྔོན100”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་ཁག་དང་པོའི་མིང་ཐོ་ཁྱབ་སྒྲོག་བྱེད་པར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི《“མཚོ་སྔོན100”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་འཚོལ་ཞིབ་དང་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་ནས། ཐོན་ལས་འཕེལ་རྒྱས་ཁྲུའུ་ཡིས“མཚོ་སྔོན100”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་གཏོད་པའི་བྱ་བ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ཁེ་ལས(མཉམ་ལས་ཁང་དང་། སྒེར་གྱི་བཟོ་ཚོང་དུད་ཚང་། རོང་འབྲོག་དུད་ཚང་། སྤྱི་དམངས་བཅས)ཀྱིས་རེ་ཞུ་བྱས་པ་དང་། རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་འོས་སྦྱོར་བྱས་པ། གྲོང་ཁྱེར(ཁུལ)རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་ཐོག་མའི་ཞིབ་བཤེར་བྱས་པ། ཞིང་ཆེན་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་ཀྱི་ལས་གཞི་འགོ་ཁྲིད་ཚོགས་ཆུང་གིས་མཉམ་དུ་ཞིབ་བཤེར་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མཚོ་སྔོན་ཚོང་དཔོན་ནོར་བཟང་རིག་གནས་བརྒྱུད་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཀུང་སི110“མཚོ་སྔོན100”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་ཁག་དང་པོར་བདམས་པ་རེད། ད་ལྟ་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཞིང་། གལ་ཏེ་བསམ་འཆར་མི་འདྲ་བ་ཡོད་ཚེ་ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ཉིན7ནང་ཚུན(2020ལོའི་ཟླ3པའི་ཚེས2ཉིན་གྱི་སྔོན)ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་(ཐོན་ལས་འཕེལ་རྒྱས་ཁྲུའུ)ལ་སྙན་སེང་ཞུ་དགོས།

འབྲེལ་གཏུག་ཁ་པར། 0971-8253719

འབྲེལ་གཏུག་མི། ལིའུ་ཨན་ཆིན།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན།

2020ལོའི་ཟླ2པའི་ཚེས25ཉིན།


ཟུར་བཀོད། “མཚོ་སྔོན100”ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉམས་ལེན་ས་ཚིགས་ཁག་དང་པོའི་མིང་ཐོ།

 


ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།