མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས2020ལོའི་སློབ་འགོ་ཡག་པོར་ཚུགས་དགོས་སྐོར་ལ་བཏང་བའི་བརྡ་ཁྱབ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཏོག་གསར་གློ་ཚད་འགོག་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་སྐོར།

2020ལོའི་སློབ་འགོ་ཚུགས་པའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ།

མཚོ་སྔོན་ཆབ་སྲིད་གཞུང་དོན་ཁང་གི་ཡི་གེ〔2020〕ཨང32པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་ཁག་གི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུའུ་བཅས་ཁག་ལ།

ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་ཁྲིད་དང་ཁག་བགོས་འགན་འཁུར་བའི”ལས་ཀའི་བྱེད་ཕྱོགས་དང“རྫོང་ཁོངས་ཚན་པར་བྱས་ཏེ། ཁག་བགོས་རིམ་དབྱེ་བྱས་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་བཟོ་བའི”ཞིབ་ཕྲའི་བླང་བྱར་གཞིགས་ནས། སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང2020ལོའི་སློབ་འགོ་ཚུགས་པའི་བྱ་བར་སྤྱི་འདོམས་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས། ཞིང་ཆེན་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་ད་ལྟ་འབྲེལ་ཡོད་ལས་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

གཅིག ལས་ཀའི་རྩ་དོན།

(གཅིག) རིམས་ནད་ཚོད་འཛིན་ཐུབ་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། སློབ་གསོ་པུའི“རིམས་ནད་ཚོད་འཛིན་ནུས་ལྡན་མ་བྱུང་གོང་སློབ་འགོ་རྩོམ་མི་ཆོག་པའི”བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་ལེགས་སྒྲིག་མ་བྱས་གོང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ(དམངས་གཉེར་སློབ་གྲྭ་དང་བུ་བཅོལ་ཁང་ཚུད་པ)སློབ་གྲྭ་ཚོགས་རྒྱུ་མིན་པ་རེད།

(གཉིས།) ཁུལ་བགོས་ཇུས་བསྟར་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། ཞིང་ཆེན་སྲིད་གཞུང་གིས་ཁ་གསལ་བཏོན་པའི“གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་དང་། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ”བཅས་ས་ཁོངས་རིགས་གསུམ་ལ་གཞིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱེད་པ་དང་། ཁུལ་བགོས་ནས་སློབ་འགོ་རྩོམ་པའི་བྱ་བར་ཞིབ་འཇུག་བྱེད་དགོས།

(གསུམ།)སློབ་འགོ་རྩོམ་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། མཐོ་རིམ་སློབ་གླིང་དང་། སློབ་གྲྭ་ཆུང་འབྲིང་། བུ་བཅོལ་ཁང་སོགས་སློབ་རིམ་མི་འདྲ་བའི་སློབ་མར་སློབ་ཁུངས་ཀྱི་གྲུབ་ཆའི་ཁྱད་ཆོས་དང་། སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོ། ས་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་རིམ་པ་བཅས་དང་ཟུང་འབྲེལ་བྱས་ནས་སློབ་འགོ་ཚུགས་པའི་དུས་ཚོད་སོ་སོར་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

(བཞི) ཁོངས་གཏོགས་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། “རྫོང་ཁོངས་ཚན་བགོས”ཀྱི་བླང་བྱ་གཞིར་བཟུང་སྟེ། རྫོང་ཁོངས་ནང་གི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་སློབ་འགོ་ཚུགས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཚང་མ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་དང་། གཅིག་གྱུར་མཛུབ་ཁྲིད། གཅིག་གྱུར་ཞིབ་བཤེར། གཅིག་གྱུར་ཚོད་སྐོར་བཅས་བྱེད་དགོས།

(ལྔ།) དྲ་ཐོག་སློབ་ཁྲིད་སྔོན་དུ་སྤེལ་བའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཁབ་དང་། རང་ཞིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱི་དྲ་ཐོག་སློབ་ཚན་ཐོན་ཁུངས་སྤྱི་འདོམས་བྱས་ཏེ། ཟླ3པའི་ཚེས1ཉིན་ནས་བཟུང་རིམ་ཁག་དང་རིགས་ཁག་གི་སློབ་མས་སློབ་ཚན་བསྐྱར་སྦྱོང་དང་སྔོན་སྦྱོང་སོགས་ཀྱི་འབྲེལ་ཡོད་བྱ་བ་ཡག་པོ་བསྒྲུབ་རྒྱུར་རོགས་རམ་དང་མཛུབ་ཁྲིད་བྱ་རྒྱུ་རེད།

གཉིས། ལས་ཀའི་བྱེད་ཐབས།

(གཅིག)ལས་ཀའི་འགན་འཁྲི་ནན་དུ་གཏང་དགོས།

1. ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ནན་དུ་གཏང་དགོས།

2. སློབ་གྲྭའི་གཡུལ་སའི་འགན་འཁྲི་ནན་དུ་གཏང་དགོས།

3. དགེ་རྒན་གསོ་སྐྱོང་གི་འགན་འཁྲི་ནན་དུ་གཏང་དགོས།

(གཉིས། )འགན་སྲུང་ཁག་ལ་ཤུགས་སྣོན་དགོས།

1. སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གསོག་འཇོག་བྱ་དགོས།

2. སློབ་གྲྭའི་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་དགོས།

3. བདེ་སྲུང་བྱེད་ཐབས་དོན་འཁྱོལ་བྱ་དགོས།

4.སློབ་ཁྲིད་བཀོད་སྒྲིག་ལེགས་པོ་བྱ་དགོས།

གསུམ། འབྲེལ་ཡོད་བླང་བྱ།

(གཅིག)རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཉིས། )སློབ་འགོ་རྩོམ་པའི་གོ་རིམ་ནན་དུ་གཏང་དགོས།

(གསུམ། )སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱ་དགོས།

(བཞི། )ལྟ་སྐུལ་ཞིབ་བཤེར་དང་སྐུལ་སྒྲུབ་བྱེད་ཤུགས་ཆེ་རུ་གཏང་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན།

2020ལོའི་ཟླ2པའི་ཚེས25ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།