ཞིང་ཆེན་ཏང་ཨུ་རྩ་འཛུགས་པུས་དམིགས་བསལ་ཏང་དངུལ་གྱིས་དངོས་ཆས་ཉོས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱས་པ།

རང་རེའི་དྲ་བའི་འཕྲིན།  ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཏང་དངུལ་རྩིས་ཁྲར་སྤྲད་པའི་དམིགས་བསལ་ཏང་དངུལ་སྤྱད་དེ། དུག་སེལ་གཤེར་ཁུ་ཏུན104དང་། ཆང་བཅུད་ཏུན80། ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་རས་ཁྲི10བཅས་ཉོས་ནས་གཞི་རིམ་གྱི་འཐབ་ས་དང་པོར་རིམས་ནད་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱས་ཡོད། 

ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་དྲོ་སྐྱིད་དུས་ཐོག་ཏུ་རིམས་ནད་འགོག་ཟོན་གྱི་འཐབ་ཕྱོགས་དང་པོར་བསྐྱལ་ནས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རིམས་ནད་འགོག་ཟོན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་ཆེད། རིམས་ནད་འགོག་ཟོན་གྱི་དངོས་ཟོག་དེ་དག་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཅིག་སྡུད་ཐོག་ཉོ་སྒྲུབ་དང་གཅིག་གྱུར་ཐོག་གྲོང་ཁྱེར་དང་ཁུལ་ཁག་ཏུ་སྤྲད་པ་དང་། གྲོང་ཁྱེར་དང་ཁུལ་ཁག་གི་རྩ་འཛུགས་པུའུ་ཡིསའཕྲལ་དུ་གཞི་རིམ་ཏང་རྩ་འཛུགས་ལ་སྤྲད་པ་རེད། ཞིབ་ཕྲ་བཀོད་སྒྲིག་བྱེད་པའི་ཁྲོད《མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་གློ་ཚད་གསར་པའི་རིམས་ནད་ཁུལ་གྱི་རིམ་དབྱེ་གནད་སྨིན་ཇུས་བསྟར་ལས་ཀའི་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་ཡན་ལག་དང་། རིམ་པ་དབྱེ་བའི་ཚད་གཞི་གཞིར་བཟུང་གཙོ་གནད་འགོག་ཟོན་རྫོང་དང་། རང་སྐྱོང་ལྗོངས། གཙོ་གནད་མིན་པའི་འགོག་ཟོན་རྫོང་དང་ཆུའུ་བཅས་ལ་གཟིགས་སྐྱོང་འོས་འཚམ་བྱས་ཏེ། ཐོ་འགོད་ནན་པོ་དང་གནད་སྨིན་བགོ་བཤའ་རྒྱག་ཐུབ་པ་བྱས་ཏེ། “ངར་ལྕགས་ཡག་པོ་གྲིའི་རྣོ་ངར་ཐོག་སྤྱོད་ཐུབ་པའི”འགན་ལེན་བྱས་ནས། དགོས་མཁོ་ཆེ་བའི་གནས་སུ་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད། 

ཏོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཧུར་ཐག་སྒོས་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་པ་དང་དུས་མཚུངས་དམིགས་བསལ་ཏང་དངུལ་སྤྲད་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། བསྡུ་སྤྲོད་བྱས་པའི་དམིགས་བསལ་ཏང་དངུལ་ཐད་ཞིང་ཆེན་ཏང་ཨུ་དང་རྩ་འཛུགས་པུའུ་ཡིས་ཏང་དངུལ་བེད་སྤྱོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆེད་དངུལ་ཆེད་སྤྱོད་དང་ཡོངས་སྒྲོག་ཁ་གསལ་གྱི་རྩ་དོན་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་རེད།