ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་རིགས་རྩལ་ནུས་མཐོར་གཏང་གི་ལག་ལེན་ལ་བརྟེན་ནས་ལས་གནས་སྦྱོང་བརྡར་ཆེན་པོ་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་པ།

— ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆེ་རུ་བཏང་ནས་མི་ཁྲི16ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། 《ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོའི“མི་སྣ་གསོ་སྦྱོང་ཆེ་མོ་དང་། ལས་གནས་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་བྱ་བ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི》བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་བྱ་ཐབས་མགྱོགས་མྱུར་བཟོས་ནས། ཁེ་ལས་ཀྱི་ལས་བཟོའི་ལས་རིགས་རྩལ་ནུས་མཐོར་གཏང་གིས་ནང་དོན་གཙོ་བོར་བྱེད་པའི་ལས་གནས་སྦྱོང་བརྡར་ཆེ་མོའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས་ཀྱི་ལས་བཟོས་གཙོ་གནད་དུ་བྱས་པའི་ལས་རིགས་རྩལ་ནུས་མཐོར་གཏང་གི་བྱ་སྤྱོད་སྤེལ་བ། ཤེས་ཡོན་ཅན་དང་། རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་ཆེན་པོ་མགྱོགས་མྱུར་བསྐྲུན་ནས། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་རྩལ་ནུས་མཐོར་གཏང་གི་གསོ་སྦྱོང་མི་ཁྲི16ལ་བྱ་རྩིས་ཡོད་པ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཏན་འབེབས་བྱས་པའི་བྱ་ཐབས་གཞིར་བཟུང་སྟེ། ཁེ་ལས་ཀྱི་ལས་བཟོའི་ལས་གནས་ཀྱི་རྩལ་ནུས་མཐོ་རུ་གཏང་བའི་གསོ་སྦྱོང་ཤུགས་ཆེན་བྱས་ནས། ཁེ་ལས་ཀྱི་ལས་བཟོར་ལས་གནས་ཀྱི་དགོས་མཁོ་དང་འཚམ་པ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྩལ་ནུས་གསོ་སྦྱོང་དང་། ལས་ཐོག་མ་ཞུགས་གོང་གི་གསོ་སྦྱོང་། ལས་ཐོག་གསོ་སྦྱོང་། ལས་ཐོག་ལས་བྲལ་གསོ་སྦྱོང་། ལས་གནས་ཀྱི་དམག་སྦྱོང་དང་། རྩལ་ནུས་འགྲན་སྡུར། དྲ་ཐོག་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆ་རྐྱེན་འཛོམས་རིགས་ལ་དུས་ཐོག་ཏུ་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་རང་ངོས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་ཐོན་རིང་རང་ཉིད་ཀྱི་དྲ་ཚིགས་དང་ཕྱོགས་གསུམ་པའི་གསོ་སྦྱོང་ལས་སྟེགས་སོགས་དྲ་ཐོག་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས། ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་དང་། བདེ་འཇགས་རྩལ་ནུས་གསོ་སྦྱོང་། ལས་གནས་སྒྱུར་བ་དང་ལས་རིགས་བསྒྱུར་བའི་གསོ་སྦྱོང་། རྩལ་ནུས་མཐོར་གཏང་སོགས་ཀྱི་གསོ་སྦྱོང་ཡག་པོ་བྱས་ཏེ། རིམས་ནད་ཐོན་རིང་དྲ་ཐོག་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་རིགས་ཁ་གསབ་ཁྱབ་ཁོངས་ནང་བཅུག་ནས་ཁ་གསབ་བྱ་རྒྱུ་རེད། 

གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《2020ལོའི་ཞིང་ཆེན་ཡོངས་ཀྱི་ལས་རིགས་རྩལ་ནུས་མཐོར་གཏང་གི་གསོ་སྦྱོང་བྱ་བའི་འཆར་གཞི》བཟོ་རྒྱུར་དམ་འཛིན་བྱས་ནས། ལས་རིགས་རྩལ་ནུས་མཐོར་གཏང་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེན་པོས་སྤེལ་བ། ཁེ་ལས་ཀྱི་ལས་བཟོ་དང་། ལས་ཞུགས་ཀྱི་གཙོ་གནད་ཚོགས་པ། ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིགས་ཁག་གི་ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཆུ་ཚད་དང་། ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏང་བ། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་མཐོར་གཏང་གི་གསོ་སྦྱོང་མི་ཐེངས་ཁྲི16ཙམ་སྒྲིག་འཛུགས་བྱ་རྩིས་ཡོད་པ་རེད།