མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་བའི་གཉན་རིམས་སྐབས་ཀྱི་སྨན་པར་སྟོན་ཕྱོགས།

ཏོག་དབྱིབས་ནད་དུག་གསར་བའི་གློ་བའི་གཉན་རིམས་ལ་ཕྱོགས་ཡོངས་ནས་འགོག་སྲུང་གི་སྐབས་འདིར། འགོས་ནད་སྔོན་འགོག་བྱ་བར་སྔར་ལས་ལྷག་པའི་ནུས་པ་ཐོན་ཞིང་། སྨན་ཁང་དུ་ཕན་ཚུན་སྣོལ་རེད་འབྱུང་བར་རགས་རྒྱག སྨན་བཅོས་བདེ་འཇགས་ལ་འགན་སྲུང་བཅས་བྱ་ཆེད། ངེད་སྨན་ཁང་གི་དངོས་ཡོད་གནས་ཚུལ་བཅས་ལ་གཞི་བཅས། འདིར་རིམས་ནད་འགོག་སྲུང་སྐབས་ཀྱི་སྨན་བཅོས་འགྲོ་ལུགས་ལེགས་བཅོས་བྱས་པ་གཤམ་གསལ་ལྟར་ཡིན།

གཅིག ཁ་བཀར་ནད་བརྟག་སྨན་བཅོས། ཚ་རྒྱག་པ་དང་མི་རྒྱག་པའི་ནད་པ་གཉིས་ཁ་དགར་ཏེ་ནད་བརྟག་སྨན་བཅོས་དོ་དམ་བྱེད་ཅིང་། ནད་པ་དཀྱུས་མའི་ནད་བརྟག་སྨན་བཅོས་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། སྒོ་བསྟེན་ཚོམས་ཆེན་གྱི་འཇུག་སྒོའི་གནས་སུ་རིགས་དགར་བརྟག་དབྱེ་ས་ཚིགས་བཙུགས་ཏེ། དེར་ལུས་དྲོད་འཇལ་བ་དང་ནད་རྒྱུས་འདྲི་ཞིང་། དྲིས་ན་རམ་འདེགས་ཡོང་བའི་སྒོ་ནས་འདེམས་སྒྲུག་བྱས་རྗེས་རྒྱུན་ལྡན་ལྟར་སྨན་པར་སྟོན་དུ་འཇུག

གཉིས། རིགས་དགར་ས་ཚིགས་ནས་གནད་དོན་འདྲ་མེད་ན།

འདྲི་ཤོག་བཟུང་ནས་སྒོ་བསྟེན་ཁང་དུ་སོང་ནས་ཨང་ཐོ་འགོད་པ་དང་ནད་བརྟག་སྨན་བཅོས་བྱེད་རུང་ནའང་། རིགས་དགར་གྱི་ས་ནས་འབྲེལ་ཡོད་གནད་དོན་དང་འཕྲད་ན། ཚ་བརྟག་བྱེད་སར་སོང་ནས་ནད་རིགས་གསལ་འབྱེད་ངོས་འཛིན་ལ་རེམ་ཞིང་། གསལ་ངོས་བརྟག་འབྲས་ལྟར་མུ་མཐུད་དུ་བཀག་གཞིག་བྱེད་དགོས་ཚེ། ཚ་བརྟག་སར་ཉིན་གསུམ་ལ་བཀག་གཞིག་གིས་རིམས་དང་འབྲེལ་ཡོད་ཀྱི་ནད་མེད་ན། ཚ་བརྟག་སྨན་པས་འདྲི་ཤོག་སྟེང་དུ་མིང་རྟགས་བཀོད་རྗེས། འདྲི་ཤོག་དེ་བཟུང་ནས་སྒོ་བསྟེན་ཁང་དུ་ཨང་ཐོ་འགོད་པ་དང་། འབྲེལ་ཡོད་སྨན་པའི་སར་ཕྱིན་ནས་ནད་བརྟག་སྨན་བཅོས་བྱས་ཆོག་པ་ཞིག་སྟེ། གལ་ཏེ་དོགས་ཡོད་ནད་པར་གཏན་ཁེལ་བ་ཡིན་ན། ངེད་སྨན་ཁང་གི་ཟུར་བཀག་ལོགས་དབྱེ་ནད་ཁུལ་དུ་སྐྱེལ་ཞིང་། དེ་ནས་ངེས་གཏན་ཁེལ་བའི་སྨན་ཁང་གཞན་ལ་གནས་སྤོར་བ་ཞིག་གོ

གསུམ། སྒོ་བསྟེན་དང་དོས་དྲག་ཁུལ་དུ་འབྱོར་ཚེ་སྨན་དོན་མི་སྣས་བཀོད་སྒྲིག་ལྟར་ཡང་བསྐྱར་ལུས་དྲོད་འཇལ་བ་དང་ནད་རྟགས་སོགས་འདྲི་བར་ལན་ལྡོན་དགོས།

བཞི། རང་གི་ཁྱིམ་མིའི་བདེ་ཐང་དང་བདེ་འཇགས་ཀྱི་ཆེད་དུ། སྨན་པར་སྟོན་དུ࿒ཡོང་སྐབས་གང་ནུས་སྒོས་སྟོན་རོགས་མ་ཁྲིད། གལ་ཏེ་ཅིས་ཀྱང་སྟོན་རོགས་དགོས་ན་གཅིག་ལས་མང་མི་ཁྲིད་ཞིང་། སྨན་ཁང་དུ་འབྱོར་ཚེ་ནད་པ་དང་སྟོན་རོགས་གཉིས་ཀས་ཁ་ཐུམ་རྒྱག་དགོས།

ལྔ། གཟའ་རེའི་ངལ་གསོའི་ཉིན་དང་དུས་ཆེན་ལ་སོགས་པ་གང་གི་སྐབས་སུའང་སྒོ་བསྟེན་བརྟག་བཅོས་ཁང་སྔར་བཞིན་སྒོ་ཕྱེ་ནས་ནད་པར་བལྟ། སྒོ་བསྟེན་དུ་འཚང་ཁ་རྒྱག་པ་དང་གྲལ་སྒྲིག་ཡུན་རིང་བ་ལ་སོགས་པ་མི་འབྱུང་ཆེད། རབ་ཡིན་ན་རྒྱུན་ལྡན་གྱི་ལས་ཚོགས་དང་སྟབས་ཁེལ་གྱིས་སྨན་པར་དུས་བཅད་ཨང་འགོད་བྱེད་པའི་གསལ་འདེབས་བྱ། དྲུག སྨན་ཁང་ནང་ནས་གཅིག་གཅིག་ལ་སྣོལ་རེད་ཀྱི་ཉེན་ཁ་འབྱུང་བར་གཟུར་ཆེད། བད་ཀན་ལ་གཏོགས་ནད་རྙིང་དང་དལ་གཤིས་རང་བཞིན་གྱི་ནད་པས་སྨན་པར་དུས་བཅད་ཨང་འགོད་བྱེད་རོགས།

བདུན། དུས་བཅད་ཀྱི་མཉམ་འཇོག་བྱ་ཡུལ།

༡ སྨན་པར་དུས་བཅད།

ངེད་སྨན་ཁང་གི་སྒོ་བསྟེན་དུས་བཅད་བརྟག་བཅོས་སྟེགས་བུའི་ཕྱོགས་ནས་ཡུལ་དངོས་དང་དྲ་ལམ། ཁ་པར། སྐད་འཕྲིན། ཁ་པར་APP རོགས་ཐབས་རྩོལ་ཆས་ལ་སོགས་པ་མཁོ་སྤྲོད་ཀྱིས་ཆེད་མཁས་དང་སྨན་པ་དཀྱུས་མ་གང་ཡིན་ལ་དུས་བཅད་བྱེད་དུ་འཇུག

༢ མིང་ལྟར་དུས་བཅད་བྱེད་པ།

དུས་བཅད་བྱེད་སྐབས་ངེས་པར་ཏུ་ནད་པ་གང་དེའི་མིང་དངོས་དང་རྟེན། སྡོད་དམངས་ལག་ཁྱེར་ཨང་གྲངས། ཁ་པར་ཨང་གྲངས་སོགས་མ་ནོར་བར་འབྲི་རྒྱུ།

༣ ཁ་པར་དུས་བཅད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྒོ་བསྟེན་ཕྱོགས་སྟོན་ཁ་པར་ཨང་གྲངས་ནི། ༠༩༧༡—༨༢༠༠༨༩༧ཡིན་ཞིང་། སྐད་འཕྲིན་བརྒྱུད་ནས་དུས་བཅད་(གཟའ་འཁོར་གཅིག་རིང་གི་ཨང་གྲངས་མ་གཏོགས་མེད།) བྱེད་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྐད་འཕྲིན་སྤྱི་སྟེགས་སྟེང་དང་། དྲ་ཐོག་ནས་དུས་བཅད་བྱེད་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་ཐོ་འགོད་དྲ་ཚིགས་བརྒྱུད་ནས་ཐོ་འགོད་བྱེད་དགོས།

༤ དུས་བཅད་བྱས་ཏེ་དུས་ལྟར་ཡོང་མ་ཐུབ་ན། དུས་བཅད་ལ་གཏུགས་པའི་ཉིན་གཅིག་གི་སྔོན་ཐོག་མར་དུས་བཅད་བྱས་པ་ནང་བཞིན་གསུབ་དགོས།

བརྒྱད། ངེད་སྨན་ཁང་གི་སྐད་འཕྲིན་སྤྱི་སྟེགས་དང་གཞུང་འབྲེལ་དྲ་ཐོག་ནས་དུས་ལྟར་སྤེལ་བའི་སྨན་པ་བཀོད་སྒྲིག་གི་གནས་ཚུལ་ལ་མཉམ་འཇོག་དོ་ཁུར་བྱེད་པ།

དགུ སྨན་པར་སྟོན་དུས། རང་གི་འདྲི་ཤོག་བོར་མི་རུང་ཞིང་། སྨན་པ་གང་ལ་ནད་བསྟན་པ་དེས་མིང་མཆན་བཀོད་ནས་ལོག་དུས་ཚོམས་ཆེན་སྒོ་ཁའི་བདེ་སྲུང་དོ་དམ་མི་སྣར་(དོས་དྲག་གི་སྐབས་སུ་དོས་དྲག་རིགས་དགར་ས་ནས) ཕྱིར་སྤྲོད་དགོས།

བཅུ། སྡོད་བཅོས་ནད་པ་དང་དེ་དག་གི་ཁྱིམ་མིས་སྨན་ཁང་དུ་མཉམ་འཇོག་བྱ་ཡུལ།

རིམས་འགོག་གི་སྐབས་སུ་ནད་པར་བལྟ་རུ་མི་འཇུག་ཅིང་། སྨན་ཁང་ངོས་ནས་ཀྱང་ ༼ སྟོན་རོགས་དཔང་ཡིག༽་ལག་བསྟར་གྱིས། ནད་པ་རེ་ལ་ནད་རོགས་རེའི་རྩ་དོན་ལྟར་ནད་རོགས་གཅིག་བརྗེ་གཉིས་བརྗེ་བྱེད་པར་མི་འཐད་པ་ཡིན། དེ་བཞིན་ནད་རོགས་ངོས་ནས་ཀྱང་ཁ་ཐུམ་རྒྱག་དགོས་ཤིང་སྨན་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་སྐབས་སུ་༼ སྟོན་རོགས་དཔང་ཡིག༽་བཏགས་ན་མ་གཏོགས་གློག་སྐས་དང་ཐོག་ཁང་གཞན་དུ་འགྲོ་རུ་མི་འཇུག

བཅུ་གཅིག སྨན་པར་སྟོན་སྐབས་ནད་པ་སྒེར་ངོས་ནས་འགོག་སྲུང་བྱེད་ཐབས།

༡ སྨན་པ་སྟོན་པའི་མགོ་མཇུག་བར་གསུམ་དུ་ཁ་ཐུམ་རྒྱག་དགོས།

༢ ལག་པ་མི་གཙང་བས་ཁ་མིག་དང་ངོ་ལ་མི་རེག་ཅིང་ལག་ཤུབས་གྱོན་ལོབ་བྱེད་རྒྱུ།

༣ མི་ཆ་མེད་རྒྱུས་མེད་ལ་འབྲེལ་འདྲིས་མི་བྱེད་ཅིང་། གལ་ཏེ་མིར་ཐུག་དགོས་ཀྱང་སྨིས་གཅིག་ཡན་གྱི་བར་ཐག་འཛིན་དགོས་པ།

༤ ནད་བརྟག་ལ་སྒུག་དུས་སྒུག་མཁན་ཕན་ཚུན་བར་ལ་སྨིས་༡ཡན་གྱི་བདེ་འཇགས་བར་ཐག་འཛིན་དགོས་ཤིང་། དགོས་མེད་ཀྱི་འབྲེལ་ཐུག་མི་བྱེད་པ།

༥ སྒུག་ཡུན་མི་རིང་ན། ལངས་ཟས་སྐོམ་ཆུ་མི་འཐུང་བ།

༦ ལག་བཟུང་དངོས་བོ་གང་སར་མི་འཕེན་པ།

༧ གཟབ་ནན་གྱིས་ལྟ་ཞིབ་བྱེད་ཅིང་གན་དུ་འདུག་པའི་མིས་གློ་ལུ་ནས་མཚམས་མི་འཇོག་པ་དང་ལུས་སེམས་ཉོབ་པ་ལྟར་སྣང་ན། དེ་ལ་མཉམ་འཇོག་གིས་བར་ཐག་འཛིན་ཞིང་། སྨན་དོན་མི་སྣར་འབྲེལ་བ་བྱེད་དགོས།

༨ ཁ་ཐུམ་ལེན་དུས་ལག་པས་ཁ་ཐུམ་ཕྱི་རོལ་ལ་མི་རེག་ཅིང་། ལག་པ་དང་རྣ་རྒྱབ་ཐེ་བའི་ངོ་གདོང་ཧྲིལ་བོ་གཙང་མ་བཀྲུ་དགོས།

༩ སྤྱིར་གློ་ལུ་བའམ། སྨན་ཁང་ནང་ཁུལ་གྱི་སྤྱི་སྤྱོད་སྒྲིག་ཆས་ལ་སོགས་བེད་སྤྱོད་དང་དེ་ལ་རེག་ཐུག་བྱེད་སྐབས། གློ་ལུ་རྒྱབ་ན་ཁ་སྣར་ཤོག་བུས་བཏུམ་སྟེ། གཅིག་གཅིག་ལ་འགོས་རེད་མི་འབྱུང་བའི་གུས་ལུགས་རྟོགས་དགོས།

༡༠ སྨན་ཁང་དང་ཁ་བྲལ་རྗེས་དེ་མ་ཐག་ཁ་ཐུམ་བརྗེ་དགོས་ཤིང་། དེ་ནས་ལག་པ་ཚད་དང་ལྡན་པའི་སྒོ་ནས་བཀྲུ་ཞིང་ལག་དངོས་གང་ཡོད་ལ་དུག་སེལ་བྱ་དགོས།

༡༡ སྤྱད་ཟིན་པའི་ཁ་ཐུམ་ཆེད་སྤྱོད་སྙིགས་སྣོད་དུ་འཕེན་པ་ལས། གང་སར་དབྱུག་མི་རུང་།

གོང་ལྟར་སྨན་ཁང་ནང་ཁུལ་དུ་སྣོལ་རེད་ཀྱི་ཉེན་ཁ་ཚད་ཆེ་བའི་སྒོ་ནས་འགོག་པ་ཡིན་པས། དེའི་དོན་ཀུན་གྱིས་ཐུགས་ལ་འདོགས་རོགས།