མཚོ་སྔོན་གྱི་རྫོང5རྒྱལ་ཁབ་ཕྱོགས་བསྡུས་སྐྱེ་ཁམས་ཀྱི་ཁ་གསབ་ཚོད་ལྟའི་ས་ཚུགས་ཁྲོད་བདམས་པ།

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་ལྔ་བཅུ་ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་རྨ་ཆེན་རྫོང་། ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་། མཚོ་བྱང་ཁུལ་མདོ་ལ་རྫོང་། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བཅས་རྫོང་ཁག་ལྔ་བདམས་ཡོད།

ན་ནིང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་བྱ་བའི་ལས་གཞི་འདི་བཀོད་སྒྲིག་བྱས་པ་ནས་བཟུང་། མཚོ་སྔོན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྔོན་འགྲོའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་དུས་ལྟར་ཆེད་དོན་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་ཏེ་གཏན་ཁེལ་བྱས། ཚོད་ལྟའི་ཁ་གྲངས་བརྩོན་ལེན་དང་ས་ཁུལ་སོ་སོའི་སྐྱེ་ཁམས་ཀྱི་གཞི་རྒྱུ་ལ་ཕྱོགས་བསྡུས་བསམ་གཞིག་བཏང་བ་བརྒྱུད། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་བྱ་བའི་རྨང་གཞི་ལེགས་པོ་ཅན་གྱི་ས་ཁུལ་ལེགས་བདམས་བྱས། དེར་མ་ཟད་འབྲེལ་ཡོད་ཐིན་དང་ཅུའུ་ཡི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་དུས་ལྟར་ཚོད་ལྟའི་རྫོང་ཁག་གི་རེ་འདུན་སྙན་ཞུ་ཕུལ་བ་རེད།

སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་བྱ་བའི་དགོངས་དོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སྒྲིག་གཞི་འཐུས་ཚང་དུ་བཏང་བ་དང་སྐྱེ་ཁམས་ཁ་གསབ་མ་དངུལ་བེད་སྤྱོད་བྱེད་པའི་ཡོངས་ཁྱབ་ཕན་ནུས་མཐོར་འདེགས་སུ་བཏང་། མཇུག་མཐར་སྐྱེ་ཁམས་ཁ་གསབ་གསར་སྐྲུན་གྱི་མ་དངུལ་བེད་སྤྱོད་བྱེད་ཐབས་དང་མ་དངུལ་བསྡུ་རུབ་ཀྱི་འཁོར་ལམ་རྒྱ་སྐྱེད། ཕྱོགས་སོ་སོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཧུར་ཐག་རང་བཞིན་ལ་སྙོམས་སྒྲིག་གང་ལེགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་འཕེལ་རྒྱས་བྱེད་ཐབས་བསྒྱུར་ཏེ། རང་སྟེང་གི་འཕེལ་རྒྱས་ནུས་པ་མཐོར་འདེགས་དང་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་མཐོར་འདེགས། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་མངོན་འགྱུར་དང་ཁེ་ཕན་ཅན་གྱི་ས་ཁུལ་ལ་སྐུལ་འདེད་ལེགས་པོ་ཐེབས་པའི་དམིགས་འབེན་དེ་ཡོངས་འགྲུབ་བྱས།

ཐེངས་རྗེས་མར་མཚོ་སྔོན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ས་བབ་ཡུལ་བསྟུན་དང་རྩ་དོན་གལ་ཆེན་གཞིར་བཟུང་སྟེ། ཚོད་ལྟའི་རྫོང་རྩ་འཛུགས་དང་སྙོམས་སྒྲིག་བཅས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ཇུས་གཞི་དངོས་སུ་ལག་བསྟར་བྱས། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་གྱིས་བྱ་བའི་ཚོད་ལྟའི་བརྟན་འཇགས་དེ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་དུ་གཏོང་བར་ཁག་ཐེག་བྱས། ལོ་གསུམ་རིང་གི་ཚོད་ལྟའི་བྱ་བ་བརྩོན་ལེན་བྱས་པ་བརྒྱུད་རྨང་གཞི་ལེགས་པོ་དང་འཚོལ་ཞིབ་ཐབས་ལམ། ཉམས་མྱོང་གསོག་འཇོག མ་དངུལ་བེད་སྤྱོད་བྱ་བའི་ཕན་ནུས་བཅས་མཐོར་འདེགས་སུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དུ་གསར་སྐྲུན་ནུས་པ་མཐོར་འདེགས་དང་། སྐྱེ་ཁམས་སྲུང་སྐྱོབ་མཁན་རང་འགུལ་སྒོས་ཟབ་ཞུགས་བྱེད་པའི་ཚད་གཞི་ཡང་མངོན་གསལ་གྱིས་ཇེ་མཐོར་བཏང་ནས། ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྒྲིག་གཞི་གསར་འཛུགས་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།