མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་ནས་གནད་ཁེལ་ཇུས་བསྟར་བྱ་བའི་འཆར་གཞི་དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་སྦྱོར། མཚོ་སྲིད〔2020〕ཨང18པ།

ཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་ནས་གནད་ཁེལ་ཇུས་བསྟར་བྱ་བའི་འཆར་གཞི་དཔར་འགྲེམས་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད〔2020〕ཨང18པ།

གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་ནས་གནད་ཁེལ་ཇུས་བསྟར་བྱ་བའི་འཆར་གཞི》ལ་2020ལོའི་ཟླ2པའི་ཚེས17ཉིན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས43པའི་སྟེང་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམས་བྱས་པ་ཡིན་པས་ནན་ཏན་སྒོས་རྩ་འཛུགས་ལག་བསྟར་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ2པའི་ཚེས18ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་ནས་གནད་འཁེལ་ཇུས་བསྟར་བྱ་བའི་འཆར་གཞི།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་དང་། སྤྱི་ཁོག་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། “གཙོ་གནད་འབུར་ཐོན་དང་། གཅིག་འདོམས་ཡོངས་ལྟ། རིགས་དབྱེ་མཛུབ་སྟོན། ཁུལ་དབྱེ་ཇུས་བསྟར”གྱི་བླང་བྱར་དམིགས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་སོ་སོ་དངོས་གནས་དམ་འཛིན་དང་ཞིབ་སྒྲུབ་དང་དོན་འཁྱོལ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བྱ་བ་གཅིག་གྱུར་འཆར་འགོད་ངང་ལེགས་པོར་བསྒྲུབ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་གློ་ཚད་རིམས་ནད་ཟློག་པའི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་གཞིར་བཟུང་ནས། འཆར་གཞི་འདི་ཆེད་དུ་གཏན་འབེབས་བྱས་པ་ཡིན།

གཅིག བྱ་བའི་རྩ་དོན།

(གཅིག)གཙོ་གནད་འབུར་དུ་དོད་ཅིང་གཅིག་འདོམས་ཡོངས་ལྟ་བྱེད་པ། མིག་སྔར་རང་ཞིང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཅུང་ལྷོད་ཅིང་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པར་གྱུར་ཡོད། རིམ་པ་སྔ་མའི་བྱ་བའི་རྨང་གཞིའི་སྟེང་དུ། ལྷོད་གཡེང་སྤུ་ཙམ་མེད་པར་མུ་མཐུད་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གཙོ་གནད་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་དང་མཉམ་དུ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་དང་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ། མང་ཚོགས་ཀྱི་འཚོ་བ་འགན་སྲུང། ལས་ཞུགས་བརྟན་སྲུང་བཅས་ཀྱི་བྱ་བར་གཅིག་འདོམས་ངང་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་ཐུབ་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱས་ནས། ད་ལོའི་དམིགས་འབེན་ལས་འགན་སོ་སོ་བདེ་ལེགས་ངང་འགྲུབ་པ་ཁག་ཐེག་བྱ་དགོས།

(གཉིས)ས་ཁུལ་དང་རིམ་པ་དབྱེ་ཞིང་གནད་འཁེལ་ཇུས་བསྟར་བྱེད་པ། ས་ཁུལ་དང་རིམ་པ་དབྱེ་ནས་འགོག་བཅོས་ཚོད་འཛིན་གནད་ལ་ཁེལ་བ་བགྱིད་པ་འཛིན་ལུང་བྱས་ཏེ། ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་ཅིང་། རྫོང་ཁོངས་རེ་ཚན་པ་རེ་ལྟར་ས་ཁུལ་དང་རིམ་པ་དབྱེ་ནས་བར་ཁྱད་ཅན་གྱི་བྱེད་ཐབས་གཏན་ལ་འབེབས་པ་དང་། རང་འགན་རང་འཁུར་དང་རང་འགུལ་སྒོས་ལས་དོན་བསྒྲུབས་ནས། འགན་འཁྲི་ཕྲག་ཏུ་ལེན་པའི་སྙིང་སྟོབས་ཡོད་ལ་ཚན་རིག་གིས་འགོག་བཅོས་ཚོད་འཛིན་བྱེད་པའི་བློ་གྲོས་ཀྱང་ཡོད་པ་དང་། གཅིག་འདོམས་ཡོངས་ལྟ་བྱེད་པའི་ཐབས་བཀོད་ཡོད་ལ་རྩ་འཛུགས་ལག་བསྟར་བགྱིད་པའི་ནུས་པའང་ཡོད་པ་བྱ་དགོས།

(གསུམ)ཚན་རིག་གིས་ཞིབ་ཐག་གཅོད་ཅིང་དང་ཉེན་ཁར་དཔྱད་དཔོག་བྱེད་པ། ཁྲིམས་ལྟར་ཚན་རིག་ལ་བརྟེན་ནས་རིམས་ནད་ཀྱི་འཕེལ་ཚུལ་དང་དུས་སྐབས་རང་བཞིན་གྱི་ཁྱད་ཆོས་ལ་ཞིབ་འཇུག་དང་སྔོན་དཔོག་བྱས་ནས། རིམས་ནད་ཀྱི་འཕེལ་རྣམ་གསར་བར་རྒྱུས་ལོན་ཡང་དག་བྱེད་ཅིང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བའི་ཐད་གསར་དུ་བྱུང་བའི་ཁྱད་ཆོས་གསར་བ་གཞིར་བཟུང་སྟེ། ཕྱོགས་བསྡུས་བསམ་གཞིགས་དང་ཚད་འཇལ་དཔྱད་འཇོག་སྒོས་ཉེན་ཁར་དཔྱད་དཔོག་ལེགས་པོར་བྱས་ཏེ། ས་ཁུལ་དང་རིམ་པ་དབྱེ་ནས་འགོག་བཅོས་ཚོད་འཛིན་གནད་ལ་ཁེལ་བྱེད་པར་འགན་སྲུང་འདོན་སྤྲོད་བྱ་དགོས།

གཉིས། ས་ཁུལ་དང་རིམ་པ་དབྱེ་བའི་ཚད་གཞི།

རྒྱལ་ཁབ་ཀྱི་ས་ཁུལ་དང་རིམ་པ་དབྱེ་སྟངས་དང་འབྲེལ་ཡོད་བླང་བྱ་ལྟར། རང་ཞིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དོན་དངོས་གནས་ཚུལ་ལ་སྦྱར་ཏེ། ནད་དཔེ་སྙན་ཞུ་ཡོད་མེད་དང་། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་ཁ་གྲངས་དང་མི་འབོར་འདུས་ཚད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ། མི་འབོར་འཁོར་རྒྱུག་བྱེད་ཚད། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས། ས་ཁམས་གནས་ཡུལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་ནས། རང་ཞིང་གི་རྫོང45(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)གཤམ་གྱི་ས་ཁུལ་རིགས་གསུམ་དུ་དབྱེ་ཡོད།(མཇུག་ཏུ་རི་མོ་ཟུར་དུ་བཀོད་ཡོད)

(གཅིག)གཙོ་གནད་ཀྱི་འགོག་བཅོས་ཚོད་འཛིན་ས་ཁུལ། ནད་ངོ་ཟིན་པའི་ནང་དཔེ་དང་དོགས་ཡོད་ནད་དཔེ་ཡོད་ལ། རིམས་ནད་ནང་ཁུལ་ཏུ་ཁྱབ་པའི་ཉེན་ཁ་ཅུང་ཆེ་བ། མི་འབོར་འདུས་ཚད་མང་བ། འཁོར་རྒྱུག་མི་འབོར་མང་བ། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བསྡུར་ཚད་མཐོ་བ། ཕྱིར་ལས་ཀ་དང་ལས་གནས་དང་སློབ་གྲྭ་བཅས་སུ་ཞུགས་པའི་མི་གྲངས་མང་པོ་ཡོད་པ།

(གཉིས)གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ། ནད་ངོ་ཟིན་པའི་ནད་དཔེ་དང་དོགས་ཡོད་ནད་དཔེ་མེད་ལ། དཔྱད་འཇོག་བྱས་ཚེ་རིམས་ནད་ནང་ཁུལ་ཏུ་ཁྱབ་པའི་ཉེན་ཁ་བལྟོས་བཅས་ཀྱིས་ཚོད་འཛིན་ཐུབ་པ་དང་། མི་འབོར་འདུས་ཚད་ཅུང་མང་བ། འཁོར་རྒྱུག་མི་འབོར་ཅུང་མང་བ། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བསྡུར་ཚད་ཅུང་མཐོ་བ། ཕྱིར་ལས་ཀ་དང་ལས་གནས་དང་སློབ་གྲྭ་བཅས་སུ་ཞུགས་པའི་མི་གྲངས་ཅུང་མང་བ།

(གསུམ)སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ། ནད་ངོ་ཟིན་པའི་ནད་དཔེ་དང་དོགས་ཡོད་ནད་དཔེ་དང་འབྲེལ་ཐུག་དམ་ཟབ་བྱས་མྱོང་མཁན་བཅས་མེད་ལ། རིམས་ནད་ནང་ཁུལ་ཏུ་ཁྱབ་པའི་ཉེན་ཁ་ཅུང་ཆུང་བ་དང་། མི་འབོར་འདུས་ཚད་ཅུང་ཉུང་བ། འཁོར་རྒྱུག་མི་འབོར་ཅུང་ཉུང་བ། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བསྡུར་ཚད་ཅུང་དམའ་བ། ཕྱིར་ལས་ཀ་དང་ལས་གནས་དང་སློབ་གྲྭ་བཅས་སུ་ཞུགས་པའི་མི་གྲངས་ཅུང་ཉུང་བ།

གསུམ། ས་ཁུལ་དང་རིམ་པ་དབྱེ་ཚུལ།

ས་ཁུལ་དང་རིམ་པ་དབྱེ་བའི་ཚད་གཞི་ལྟར། ཉེན་ཁར་དཔྱད་འཇོག་དང་གནས་བབ་ལ་སྔོན་དཔོག་བྱས་ཐོག ། གཙོ་གནད་ཀྱི་འགོག་བཅོས་ཚོད་འཛིན་ས་ཁུལ་དང་། གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ། སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ་བཅས་ལ་རིམས་ནད་འཕེལ་རྒྱས་བྱུང་ཚུལ་དང་འགོག་བཅོས་ཚོད་འཛིན་བྱས་ཚུལ་གཞིར་བཟུང་སྟེ་འགུལ་རྣམ་གྱིས་སྙོམ་སྒྲིག་བྱ་དགོས། ས་ཁུལ་དང་རིམ་པ་དབྱེ་བ་ལྟར་ས་གནས་སོ་སོས་འགོག་བཅོས་ཚོད་འཛིན་བྱེད་ཐབས་ཕྲ་ཞིང་ཞིབ་པ་བཟོས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བྱ་བ་གཅིག་འདོམས་སྒོས་ལེགས་པོར་བསྒྲུབ་དགོས།

(གཅིག)གཙོ་གནད་ཀྱི་འགོག་བཅོས་ཚོད་འཛིན་ས་ཁུལ།(4ཡོད)

ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཆུས་དང་། མཁར་བྱང་ཆུས། སྐུ་འབུམ་ཆུས།

མཚོ་བྱང་ཁུལ་གྱི་མིན་ཡོན་རྫོང་།

(གཉིས)གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ།(16ཡོད)

ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཆུས་དང་། མཁར་ནུབ་ཆུས། སྟོང་སྐོར་རྫོང་། ཏ་ཐུན་རྫོང་། 

མཚོ་ཤར་གྲོང་ཁྱེར་གྱི་ལུང་མདོ་ཆུས་དང་། ཕིན་ཨན་ཆུས། ཧུའུ་ཀྲུའུ་རྫོང་། མིན་ཧོ་རྫོང་། དཔའ་ལུང་རྫོང་། ཞོན་ཧྭ་རྫོང་།

མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་། ན་གོར་མོ་གྲོང་ཁྱེར།

མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་།

ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར།

མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་།

རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་། 

(གསུམ)སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ།(25ཡོད)

མཚོ་ནུབ་ཁུལ་གྱི་མང་ཨེ་གྲོང་ཁྱེར་དང་། ཝུའུ་ལན་རྫོང་། ཐེམ་ཆེན་རྫོང་། ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན། ཏུའུ་ལན་རྫོང་།

མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་།

མཚོ་བྱང་ཁུལ་གྱི་ཧའེ་ཡན་རྫོང་དང་། མདོ་ལ་རྫོང་། རྐང་ཚ་རྫོང་།

ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་།

མགོ་ལོག་ཁུལ་གྱི་པདྨ་རྫོང་དང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་།

རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་། རྨ་ལྷོ་རྫོང་། གཅན་ཚ་རྫོང་།

བཞི། བར་ཁྱད་ཅན་གྱི་བྱེད་ཐབས།

(གཅིག)གཙོ་གནད་ཀྱི་འགོག་བཅོས་ཚོད་འཛིན་ས་ཁུལ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབས་པའི་སྔོན་འགྲོའི་འོག་ཏུ། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོའི་བྱ་བ་སྟོབས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས། རིམས་ནད་གནས་ཚུལ་ལ་ལྟ་བཤེར་དང་སྲོག་སྐྱོབ་སྨན་བཅོས་ཀྱི་བྱ་བར་ཤུགས་སྣོན་རྒྱག་པ་དང་། “སྔ་བ་བཞིའི”བླང་བྱ་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཧུར་ཐག་སྒོས་བསྡུ་བཅོས་བྱས་ཕྱོད་དང་དྲགས་སྐྱེད་བྱུང་ཕྱོད་ཇེ་མཐོར་དང་། རིམས་ནད་འགོས་ཕྱོད་དང་ནད་ཀྱིས་ཤི་ཕྱོད་ཇེ་དམའ་རུ་གཏང་དགོས། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣ་དང་། འབྲེལ་ཐུག་དམ་ཟབ་བྱས་མྱོང་མཁན། གསོ་རིག་ལྟ་ཞིབ་བྱེད་མཁན་བཅས་ལ་ཐོ་འགོད་དང་ལོགས་བཀར་བྱེད་པ་སོགས་འགོག་བཅོས་ཚོད་འཛིན་བྱེད་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་ཏུ། ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་ཧུར་ཐག་གིས་སྐུལ་འདེད་བྱ་དགོས།

1. རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། ནད་དཔེའི་སྲོག་སྐྱོབ་སྨན་བཅོས་དང་འབྲེལ་ཐུག་དམ་ཟབ་བྱས་མྱོང་མཁན་གྱི་གསོ་རིག་ལྟ་ཞིབ། རིམས་ཁོངས་མེད་པར་བཟོ་བ་བཅས་གཙོ་གནད་དུ་བཟུང་སྟེ་ལེགས་པོར་བསྒྲུབ་དགོས་པ་དང་། འགོག་སྲུང་རྒྱུ་དངོས་ཀྱི་མཁོ་འདོན་ལ་དངོས་གནས་འགན་སྲུང་བྱེད་པ་དང་། གཙོ་གནད་ལ་དག་འབུད་ཞིབ་བཤེར་བྱ་དགོས། གཙོ་གནད་མི་ཚོགས་དང་གཙོ་གནད་གནས་ཡུལ་གྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བདེ་ཐང་དོ་དམ་ཁྱོན་ཡོངས་ནས་དམ་འཛིན་ལེགས་པོ་བྱེད་ཅིང་། མང་ཚོགས་ཀྱི་བདེ་ཐང་སློབ་གསོ་དང་སེམས་ཁམས་རོགས་སྐྱོར་ལ་བསྟུད་མར་ཤུགས་སྣོན་བརྒྱག་དགོས།

2. སྡེ་ཁུལ་གྱི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་ལ་བསྟུད་མར་ཤུགས་སྣོན་བརྒྱབ་སྟེ། དྲ་མིག་ཅན་དང་གདན་འདིང་སྟངས་ཀྱི་དོ་དམ་བྱེད་པ་དང་། གཙོ་གནད་མི་ཚོགས་ཀྱི་དག་འབུད་ཞིབ་བཤེར་ཐོ་འགོད་དང་རིགས་དབྱེ་དོ་དམ་ཚོད་འཛིན་བྱེད་པ་ལག་བསྟར་ནན་ཏན་བགྱི་དགོས། སྡེ་ཁུལ་གྱི་མི་ཚོགས་འདུ་སར་དུག་སེལ་བྱེད་པ་དང་རླུང་རྒྱུ་རུ་འཇུག་པ། ཁོར་ཡུག་གཙང་སྦྲ་དོ་དམ་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་ཤེས་བྱ་གཏིང་ཟབ་རྒྱ་ཁྱབ་ཀྱི་སྒོ་ནས་དྲིལ་བསྒྲགས་བྱེད་ཅིང་། བདེ་ཐང་མཛུབ་སྟོན་དང་སྨན་པ་བསྟེན་ཚུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས།

3. མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པར་གོ་རིམ་ལྡན་སྒོས་སྐུལ་འདེད་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སོ་སོ་གཅིག་འདོམས་སྒོས་ལེགས་པོར་བསྒྲུབ་དགོས། སྨན་བཅོས་རྒྱུ་དངོས་དང“འབྲས་ཁུག”དང“ཚོད་སླེ”སོགས་འཚོ་བར་ངེས་པར་མཁོ་བའི་དངོས་པོ་མཁོ་འདོན་ཐུབ་པ་ཁག་ཐེག་བྱེད་པ་དང་། དངོས་གོང་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒོ་རྩིས་ཁང་དང་། ཞིང་ཚོང་ཁྲོམ་ར་ཁག་ཅིག་གོ་རིམ་ལྡན་པའི་ངང་ལས་གཉེར་བྱེད་པ་དང་། ཚོང་ར་དང་། ཞིང་ཚོང་ཁྲོམ་ར། ཕྱོགས་བསྡུས་ཁྲོམ་ར་གཞན་དག་ཏུ་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་པའི་རྨང་གཞིའི་སྟེང་རིམ་བཞིན་ལས་གཉེར་བྱེད་འགོ་བརྩམ་དགོས། ལས་ཞུགས་བརྟན་སྲུང་བྱེད་ཐབས་སོ་སོ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། སྤྱི་པའི་ལས་ཞུགས་འཇོན་མི་ཞབས་ཕྱི་ལས་ཁུངས་དང་། མི་ཤུགས་ཐོན་ཁུངས་ཞབས་ཕྱི་ལས་ཁུངས་སོ་སོས་སྤྱི་པའི་ཞབས་ཕྱིའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས།

4. ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་མ་ཟད་འགྲོ་ལུགས་སྒྲུབ་རིམ་ལྟར་ཆོག་མཆན་འགོད་པར་ཞུ་དགོས། རིམས་ནད་ཀྱི་ཁྱབ་ཕྱོགས་ལ་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ནས། རིམས་ནད་ལ་ཚོད་འཛིན་ནུས་ལྡན་ཐོབ་པ་ཁག་ཐེག་བྱས་རྗེས། ད་གཟོད་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁྱབ་ཁོངས་རིམ་གྱིས་གོ་རིམ་ལྡན་པའི་ངང་རྒྱ་བསྐྱེད་དགོས། ལས་ཀ་འགོ་བརྩམས་པ་དང་སླར་གསོ་བྱས་པའི་ཁེ་ལས་ཀྱིས་འདུ་འཛིར་གཡོལ་ནས་ལས་གནས་སུ་ཞུགས་པ་དང་། དུས་ཚོད་གཟུར་ནས་ཟས་ཟ་བའམ་ཟས་ཐུམ་སྒྲིག་སྐྱེལ་བྱེད་པ་ལག་བསྟར་བྱས་ཏེ། མཉམ་འདུས་རང་བཞིན་གྱིས་ཁ་ཟས་སྤྱོད་པ་གཏན་འགོག་བྱ་དགོས། གློག་བརྙན་ཁང་དང་། KTV དྲ་ཁང་། ཚོང་ཟོང་ཆུང་བའི་ཁྲོམ་ར་སོགས་འདུ་འཛོམས་རང་བཞིན་གནས་ཡུལ་རྣམས་གནས་སྐབས་སུ་ལས་གཉེར་བྱས་མི་ཆོག དཔྱིད་ཀྱི་རྨོ་འདེབས་དང་རྨོ་གྲབས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་དགོས།

5. འགྲིམ་འགྲུལ་གོ་རིམ་ལྡན་པར་ཤར་སྐྱོད་ཐུབ་པ་འགན་སྲུང་བྱས་ཏེ། མགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་དངོས་གནས་དམ་འཛིན་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལྟ་བཤེར་གནས་སམ་ལྟ་བཤེར་ས་ཚིགས་སྒྲིག་བཀོད་ལུགས་མཐུན་བྱ་དགོས་ལ། མཚོ་སྔོན་དུ་སླེབས་པའི་མི་སྣ་ཡོངས་ལ“གཉིས་འདྲི་གཅིག་འཇལ” (གང་ནས་ཡོང་བ་དང་གང་དུ་འགྲོ་བ་འདྲི་བ་དང་། ལུས་དྲོད་འཇལ་བ།)ལག་བསྟར་བྱེད་པ་དང་། ཁོར་ཡུག་ལ་དུག་སེལ་སྲིན་འཇོམས་དང་འགྲིམ་འགྲུལ་ཡོ་བྱད་ལ་དུག་སེལ་བྱེད་པ་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། གྲོང་ཁྱེར་རམ་ཁུལ་བར་དང་རྫོང་བར་གྱི་རྒྱ་ལམ་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་དང་གླས་འཁོར་འགྲུལ་སྐྱེལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། འཚུབ་ཟློག་སྐྱེལ་འདྲེན་གྱི་ལྗང་མདོག་བརྒྱུད་ལམ་དང་། ཁེ་ལས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཟོང་སྐྱེལ་རྒྱ་ལམ་རྒྱུན་ལྡན་ངང་ཤར་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས།

(གཉིས)གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ། རིམས་ནད་འགོག་བཅོས་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོའི་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབ་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཛོལ་མེད། གཉིས་ཀར་སྐུལ་འདེད་བྱེད་པར་ཤུགས་སྣོན་བརྒྱག་དགོས་པ་དང་། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣ་དང་། འབྲེལ་ཐུག་དམ་ཟབ་བྱས་མྱོང་མཁན། གསོ་རིག་ལྟ་ཞིབ་བྱེད་མཁན་བཅས་ལ་ཐོ་འགོད་དང་ལོགས་བཀར་བྱེད་པ་སོགས་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལེགས་པོར་སྒྲུབ་པ་དང་ཆབས་ཅིག་ཏུ། ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱ་དགོས།

1. རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ། གནས་ངེས་སྨན་ཁང་གི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རིམས་ནད་ཀྱི་གནས་ཚུལ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱ་དགོས། རིམས་ནད་ཀྱི་གནས་ཚུལ་ལ་ལྟ་འཇལ་བྱེད་པར་བསྟུད་མར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་གནས་ཡུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་དངོས་གནས་དོན་འཁྱོལ་བྱ་དགོས། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བདེ་ཐང་དོ་དམ་ལ་ནན་ཏན་གྱིས་དམ་འཛིན་བྱེད་ཅིང་། མང་ཚོགས་ཀྱི་བདེ་ཐང་སློབ་གསོ་དང་སེམས་ཁམས་འདྲི་རྟོག་ལ་བསྟུད་མར་ཤུགས་སྣོན་བརྒྱག་དགོས།

2. སྡེ་ཁུལ་གྱི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་ལ་ལུགས་མཐུན་གྱིས་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་མི་ཚོགས་ཀྱི་དག་འབུད་ཞིབ་བཤེར་ཐོ་འགོད་དང་རིགས་དབྱེ་དོ་དམ་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། སྡེ་ཁུལ་གྱི་མི་ཚོགས་འདུ་སར་དུག་སེལ་བྱེད་པ་དང་རླུང་རྒྱུ་རུ་འཇུག་པ། ཁོར་ཡུག་གཙང་སྦྲ་བྱེད་པ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཐབས་ལམ་མང་པོ་དང་ཕྱོགས་མཐའ་ཀུན་ནས་རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཅིང་། བདེ་ཐང་མཛུབ་སྟོན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས།

3. མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པར་རིམ་གྱིས་སྐུལ་འདེད་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སོ་སོ་གཅིག་འདོམས་སྒོས་ལེགས་པོར་བསྒྲུབ་དགོས། མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་སྒོ་རྩིས་ཁང་དང་། ཞིང་ཚོང་ཁྲོམ་ར་ཁག་ཅིག་རྒྱུན་ལྡན་ངང་ལས་གཉེར་བྱེད་པ་དང་། ཚོང་ར་དང་། ཞིང་ཚོང་ཁྲོམ་ར། ཕྱོགས་བསྡུས་ཁྲོམ་ར་གཞན་དག་ཏུ་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་པའི་རྨང་གཞིའི་སྟེང་གོ་རིམ་ལྡན་པའི་ངང་ལས་གཉེར་བྱེད་འགོ་བརྩམ་དགོས། ལས་ཞུགས་བརྟན་སྲུང་བྱེད་ཐབས་སོ་སོ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། སྤྱི་པའི་ལས་ཞུགས་འཇོན་མི་ཞབས་ཕྱི་ལས་ཁུངས་དང་། མི་ཤུགས་ཐོན་ཁུངས་ཞབས་ཕྱི་ལས་ཁུངས་སོ་སོས་སྤྱི་པའི་ཞབས་ཕྱིའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས།

4. ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་མ་ཟད་འགྲོ་ལུགས་སྒྲུབ་རིམ་ལྟར་ཐོ་འགོད་སྙན་སེང་ཞུ་དགོས་ལ། རིམས་ནད་འགོག་བཅོས་ཚོད་འཛིན་དང་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་འགྲོས་མཉམ་ངང་སྤེལ་ཐུབ་པ་བྱ་དགོས། ལས་ཀའི་འགོ་བརྩམས་པ་དང་སླར་གསོ་བྱས་པའི་ཁེ་ལས་ཀྱིས་འདུ་འཛིར་གཡོལ་ནས་ལས་གནས་སུ་ཞུགས་པ་དང་། དུས་ཚོད་གཟུར་ནས་ཟས་ཟ་བའམ་ཟས་ཐུམ་སྒྲིག་སྐྱེལ་བྱེད་པ་ལག་བསྟར་བྱས་ཏེ། མཉམ་འདུས་རང་བཞིན་གྱིས་ཁ་ཟས་སྤྱོད་པ་གཏན་འགོག་བྱ་དགོས། གློག་བརྙན་ཁང་དང་། KTV དྲ་ཁང་། ཚོང་ཟོང་ཆུང་བའི་ཁྲོམ་ར་སོགས་འདུ་འཛོམས་རང་བཞིན་གནས་ཡུལ་དང་ཚོང་ར། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། ཟ་ཁང་སོགས་འཚོ་བའི་ཞབས་ཕྱི་རང་བཞིན་གྱི་ཁེ་ལས་རྣམས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་མཉམ་དུ། གོ་རིམ་ལྡན་པའི་ངང་ལས་གཉེར་བྱེད་འགོ་རྩོམ་ཆོག། དཔྱིད་ཀྱི་རྨོ་འདེབས་དང་རྨོ་གྲབས་ཀྱི་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས།

5. འགྲིམ་འགྲུལ་རྒྱུན་ལྡན་ངང་ཤར་སྐྱོད་ཐུབ་པ་བྱས་ཏེ། མགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་དངོས་གནས་དམ་འཛིན་བྱེད་པ་དང་། ཞིང་ཆེན་མཚམས་ཁོངས་བརྒལ་བའི་གཞུང་ལམ་གྱི་ལམ་ཁར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལྟ་བཤེར་གནས་སམ་ལྟ་བཤེར་ས་ཚིགས་སྒྲིག་བཀོད་ལུགས་མཐུན་བྱ་དགོས་ལ།མཚོ་སྔོན་དུ་སླེབས་པའི་མི་སྣ་ཡོངས་ལ“གཉིས་འདྲི་གཅིག་འཇལ” (གང་ནས་ཡོང་བ་དང་གང་དུ་འགྲོ་བ་འདྲི་བ་དང་། ལུས་དྲོད་འཇལ་བ།)ལག་བསྟར་བྱེད་པ་དང་། ཁོར་ཡུག་ལ་དུག་སེལ་སྲིན་འཇོམས་དང་འགྲིམ་འགྲུལ་ཡོ་བྱད་ལ་དུག་སེལ་བྱེད་པ་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་རམ་ཁུལ་བར་དང་རྫོང་བར་གྱི་རྒྱ་ལམ་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་དང་གླས་འཁོར་འགྲུལ་སྐྱེལ། རང་ས་གནས་ཀྱི་རྒྱ་ལམ་འགྲུལ་སྐྱེལ་ཟོང་སྐྱེལ་ཞབས་ཕྱི་བཅས་མགྱོགས་མྱུར་ངང་སླར་གསོ་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཟོང་སྐྱེལ་རྒྱ་ལམ་རྒྱུན་ལྡན་ངང་ཤར་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས།

(གསུམ)སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོའི་བྱ་བ་ཁྱོན་ཡོངས་ནས་ཕན་མཐོ་སྒོས་སྒྲུབ་པའི་ཁྲོད། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཛོལ་མེད། གཉིས་ཀར་སྐུལ་འདེད་བྱེད་པར་ཤུགས་སྣོན་བརྒྱག་དགོས་པ་དང་། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣ་དང་། འབྲེལ་ཐུག་དམ་ཟབ་བྱས་མྱོང་མཁན། གསོ་རིག་ལྟ་ཞིབ་བྱེད་མཁན་བཅས་ལ་ཐོ་འགོད་དང་ལོགས་བཀར་བྱེད་པ་སོགས་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལེགས་པོར་སྒྲུབ་པ་དང་ཆབས་ཅིག་ཏུ། ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས།

1. རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། རང་འགུལ་གྱིས་སྲོག་སྐྱོབ་སྨན་བཅོས་དང་རིམས་ནད་གནས་ཚུལ་ལྟ་འཇལ་སོགས་ཁ་གཏད་འཇལ་བའི་གྲ་སྒྲིག་ལེགས་པོ་བྱེད་པ་དང་། གཙོ་གནད་གནས་ཡུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་བརྒྱག་དགོས། མཚོ་སྔོན་དུ་ལོག་པ་དང་ཡོང་བའི་མི་སྣའི་བདེ་ཐང་དོ་དམ་ལ་དམ་འཛིན་བྱེད་ཅིང་། མང་ཚོགས་ཀྱི་བདེ་ཐང་སློབ་གསོ་དང་སེམས་ཁམས་འདྲི་རྟོག་ལ་ཤུགས་སྣོན་བརྒྱག་དགོས།

2. སྡེ་ཁུལ་གྱི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་ལ་ཚན་རིག་དང་མཐུན་པར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་མི་ཚོགས་ཀྱི་དག་འབུད་ཞིབ་བཤེར་ཐོ་འགོད་དང་རིགས་དབྱེ་དོ་དམ་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། སྡེ་ཁུལ་གྱི་མི་ཚོགས་འདུ་སའི་ཁོར་ཡུག་གཙང་སྦྲའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཐབས་ལམ་མང་པོ་དང་ཕྱོགས་མཐའ་ཀུན་ནས་རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཅིང་། ཚན་རིག་དང་མཐུན་པར་བདེ་ཐང་གི་འཚོ་བ་རོལ་སྟངས་ཁྲིད་སྟོན་བྱ་དགོས།

3. མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སོ་སོ་གཅིག་འདོམས་སྒོས་ལེགས་པོར་བསྒྲུབ་དགོས། རིགས་མི་འདྲ་བའི་སྒོ་རྩིས་ཁང་དང་། ཚོང་ར། ཞིང་ཚོང་ཁྲོམ་ར། ཕྱོགས་བསྡུས་ཁྲོམ་ར་བཅས་སུ་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་པའི་རྨང་གཞིའི་སྟེང་ཁྱོན་ཡོངས་ནས་ལས་གཉེར་བྱེད་འགོ་བརྩམ་དགོས། ལས་ཞུགས་བརྟན་སྲུང་བྱེད་ཐབས་སོ་སོ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། སྤྱི་པའི་ལས་ཞུགས་འཇོན་མི་ཞབས་ཕྱི་ལས་ཁུངས་དང་། མི་ཤུགས་ཐོན་ཁུངས་ཞབས་ཕྱི་ལས་ཁུངས་སོ་སོས་སྤྱི་པའི་ཞབས་ཕྱིའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས།

4. ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་མ་ཟད་འགྲོ་ལུགས་སྒྲུབ་རིམ་ལྟར་སྙན་སེང་ཞུ་དགོས། ལུགས་མཐུན་མིན་པའི་གཅུན་སྡོམ་མེད་པར་གཏང་དགོས་པ་དང་། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཆ་རྐྱེན་འདོན་མི་ཆོག་ལ། ཞིབ་མཆན་འགོད་པ་དང་གྲབས་ཐོ་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་ཕྱི་འགྱངས་བྱེད་མི་ཆོག། གློག་བརྙན་ཁང་དང་། KTV དྲ་ཁང་། ཚོང་ཟོང་ཆུང་བའི་ཁྲོམ་ར་སོགས་འདུ་འཛོམས་རང་བཞིན་གནས་ཡུལ་དང་ཚོང་ར། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། ཟ་ཁང་སོགས་འཚོ་བའི་ཞབས་ཕྱི་རང་བཞིན་གྱི་ཁེ་ལས་རྣམས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་ཆབས་ཅིག་ཏུ། ཚང་མས་ལས་གཉེར་བྱེད་འགོ་བརྩམ་དགོས། དཔྱིད་ཀྱི་རྨོ་འདེབས་དང་རྨོ་གྲབས་ཀྱི་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས།

5. འགྲིམ་འགྲུལ་ཤར་གཏོང་མངོན་འགྱུར་བྱས་ཏེ། མགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་དངོས་གནས་དམ་འཛིན་བྱེད་པ་དང་། ཞིང་ཆེན་མཚམས་ཁོངས་བརྒལ་བའི་གཞུང་ལམ་གྱི་ལམ་ཁར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལྟ་བཤེར་གནས་སམ་ལྟ་བཤེར་ས་ཚིགས་སྒྲིག་བཀོད་ལུགས་མཐུན་བྱ་དགོས་ལ།མཚོ་སྔོན་དུ་སླེབས་པའི་མི་སྣ་ཡོངས་ལ“གཉིས་འདྲི་གཅིག་འཇལ” (གང་ནས་ཡོང་བ་དང་གང་དུ་འགྲོ་བ་འདྲི་བ་དང་། ལུས་དྲོད་འཇལ་བ།)ལག་བསྟར་བྱེད་པ་དང་། ཁོར་ཡུག་ལ་དུག་སེལ་སྲིན་འཇོམས་དང་འགྲིམ་འགྲུལ་ཡོ་བྱད་ལ་དུག་སེལ་བྱེད་པ་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་རམ་ཁུལ་བར་དང་རྫོང་བར་གྱི་རྒྱ་ལམ་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་དང་གླས་འཁོར་འགྲུལ་སྐྱེལ། རང་ས་གནས་ཀྱི་རྒྱ་ལམ་འགྲུལ་སྐྱེལ་ཟོང་སྐྱེལ་ཞབས་ཕྱི་བཅས་ཁྱོན་ཡོངས་ནས་སླར་གསོ་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཟོང་སྐྱེལ་རྒྱ་ལམ་གེགས་མེད་ཤར་གཏོང་ཐུབ་པ་ཁག་ཐེག་བྱ་དགོས།

གཙོ་གནད་ཀྱི་འགོག་བཅོས་ཚོད་འཛིན་ས་ཁུལ་དང་། གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ། སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་རིམས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་ལོག་པའི་མི་སྣ་ཚང་མར་ཉིན14ལ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱ་དགོས་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་མིན་པའི་རིམས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་ལོག་པའི་མི་སྣ་ཚང་མར་ཉིན7ལ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་མངའ་ཁོངས་བརྒལ་ནས་འཁོར་རྒྱུག་བྱེད་པའི་མི་སྣར་རང་རང་གི་སྡེ་ཚན་དང་ཁེ་ལས་ཀྱིས་ཕྱིར་ལས་གནས་སུ་མ་ཞུགས་སྔོན་གྱི་ཉིན14རིང་གི་འགྲུལ་བཞུད་གནས་ཚུལ་དང་བདེ་ཐང་གནས་ཚུལ་ཐོ་འགོད་བྱ་དགོས་ཤིང་། གལ་ཏེ་ཕྱི་རུ་བསྐྱོད་མེད་པའམ་ཚ་རྒྱས་པའི་ནད་རྟགས་མེད་ཚེ་ཕྱིར་ལས་གནས་སུ་ཞུགས་ཆོག་པ་དང་། ཕྱིར་ལས་གནས་སུ་ཞུགས་རྗེས་མུ་མཐུད་དུ་ལས་གནས་བདེ་ཐང་གི་དོ་དམ་ལག་བསྟར་བྱ་དགོས། གཙོ་གནད་མིན་པའི་འགོག་བཅོས་ཚོད་འཛིན་ས་ཁུལ་དང་སྤྱིར་བཏང་གི་འགོག་བཅོས་ཚོད་འཛིན་ས་ཁུལ་གྱིས་ཞིང་ཆེན་ནང་གི་གྲོང་ཁྱེར་རམ་ཁུལ་བར་དང་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)བར་གྱི་རྒྱལ་ཁབ་གཞུང་ལམ་དང་། ཞིང་ཆེན་གཞུང་ལམ། མྱུར་སྐྱོད་གཞུང་ལམ་གྱི་འཛུལ་སྒོ་དང་འབུད་སྒོ་བཅས་སུ་སྒྲིག་བཀོད་བྱས་པའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལྟ་བཤེར་གནས་སམ་ལྟ་བཤེར་ས་ཚིགས་ཁྱོན་ཡོངས་ནས་ཕྱིར་འཐེན་བྱ་དགོས།

ལྔ། འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱག་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་སྙོམ་སྒྲིག གཅིག་གྱུར་བཀོད་སྒྲིག་བཅས་ངེས་པར་མཐའ་གཅིག་ཏུ་དང་ལེན་བྱས་ཏེ་གང་གསུང་དེ་སྒྲུབ་བྱ་དགོས། སྤྱི་ཡོངས་འདུ་ཤེས་དང་འགན་འཁྲི་འདུ་ཤེས། གཅིག་འདོམས་འདུ་ཤེས་བཅས་ལ་སྔར་བས་ཤུགས་བསྣན་ནས། རང་ས་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱག་དགོས། “གཉིས་ཀ་དམ་འཛིན་དང་གཉིས་ཀ་སྐུལ་འདེད། གཉིས་ཀ་འཛོལ་མེད”རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགན་འཁྲི་དངོས་གནས་དང་དུ་ལེན་དགོས། དུས་མཉམ་དུ། རང་ས་ཁུལ་གྱི་མི་སྣའི་འཁོར་རྒྱུག་དང་འདུ་འཛོམས། ས་ཁུལ་གོ་གནས་སོགས་དོན་དངོས་གནས་ཚུལ་ལ་གཞིགས་ནས། ས་ཁུལ་དང་རིམ་པ་དབྱེ་བའི་བར་ཁྱད་ཅན་གྱི་འགོག་བཅོས་ཚོད་འཛིན་དང་འཁོར་རྒྱུག་རང་བཞིན་གྱི་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཏེ། རང་ས་ཁུལ་གྱི་གནད་ཁེལ་ཇུས་བསྟར་བྱ་བའི་འཆར་གཞི་དུས་ཐོག་ཏུ་གཏན་ལ་འབེབས་པ་དང་། ཆ་འཕྲིན་སྐྱེལ་རེས་དང་བྱེད་ཐབས་སྤེལ་རེས་དོན་འཁྱོལ་བྱས་ཏེ། སྔར་བས་ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་འགོག་བཅོས་ཚོད་འཛིན་དང་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་དགོས།

(གཉིས)གཞི་རིམ་གྱི་ཁོངས་གཏོགས་ས་ཆའི་དོ་དམ་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ས་གནས་སོ་སོས“ཁོངས་གཏོགས་ས་ཆའི་དོ་དམ”གྱི་རྩ་དོན་ལྟར། མངའ་ཁོངས་ནང་གི་ཁེ་ལས་དང་དོན་ལས་སྡེ་ཚན། བཟོ་གཏེར་ཁེ་ལས་སོགས་ཀྱི་ལས་ཀ་སླར་གསོ་དུས་ཚོད་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། མི་བཀོལ་མཁན་སྡེ་ཚན་སོ་སོར་རྩ་འཛུགས་བྱས་ནས་ལས་བཟོ་བའི་བདེ་ཐང་དོ་དམ་དང་། ཉིན་རེའི་བདེ་ཐང་ལྟ་བཤེར། ནད་ཀྱིས་ལས་གནས་སུ་མ་འབྱོར་བ་ཐོ་འགོད་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་། མི་བཀོལ་མཁན་སྡེ་ཚན་གྱི་མི་སྣའི་བདེ་ཐང་དོ་དམ་ཁྱོན་ཡོངས་ནས་སྤེལ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་མི་བཀོལ་མཁན་སྡེ་ཚན་གྱིས་རིམས་ནད་བྱུང་ཁུལ་ནས་ཕྱིར་ལས་གནས་སུ་ཞུགས་པའི་མི་སྣའི་འགུལ་རྣམ་དོ་དམ་སྟེགས་ཐོ་འཛུགས་པར་ལྟ་སྐུལ་བྱེད་པ་དང་། རིམས་འགོག་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་པ་མ་ཟད་དུས་བཅད་ལྟར་ཕྱིར་བཅར་འདྲིར་འགྲོ་དགོས།

(གསུམ) སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་ཁག་ཐེག་བྱ་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཁྲིམས་འགལ་ནག་ཉེས་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བའི་མཐོ་གནོན་གནས་བབ་རྒྱུན་འཁྱོངས་བྱ་དགོས་པ་དང་། ལོགས་བཀར་སྨན་བཅོས་བྱེད་ཁ་མི་ཉན་པ་དང་། ནད་ཡམས་རིག་པའི་བརྟག་བཤེར་ལ་རམ་འདེགས་མི་བྱེད་པ། རིམས་འགོག་བྱེད་ཐབས་ལ་བར་ཆད་གཏོང་བ། སྨན་བཅོས་ལས་བྱེད་མི་སྣར་གནོད་འཚེ་གཏོང་བ། སྨན་བཅོས་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། རིམས་ནད་གནས་ཚུལ་བེད་སྤྱད་དེ་དངོས་ཟོག་གི་གོང་བསྟོད་པ་དང་། འབེལ་ཉོ་དཀོན་ཚོང་རྒྱག་པ། ཁེ་ལོག་ཧམ་ལེན་བྱེད་དང་དེ་མིན་རྫུན་བཟོ་རྫུན་ཚོང་བྱེད་པ་དང་། གཡོ་སྒྱུ་མགོ་སྐོར་གཏོང་བ། མཉམ་རུབ་ཧམ་འཕྲོག་བྱེད་པ་སོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བ་སོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། དྲ་རྒྱའི་གླེང་ཕྱོགས་ཀྱི་དྲང་ཕྱོགས་སྟོབས་ཤུགས་ཇེ་དྲག་ཏུ་གཏང་དགོས། དངོས་ཐོག་བདེན་འཚོལ་གྱིས་འགོག་བཅོས་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། ཡོ་འཁྱོག་ཤོར་བ་དང་ཐལ་དྲགས་པའི་སྒྲུབ་ཐབས་ལ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ། སྟབས་བདེའི་ངང་དུ་སྒོ་རྒྱག་པ་དང་མཚམས་འཇོག་པ་སོགས་མི་བྱེད་པར། རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པ་ལས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཅི་ནུས་སྒོས་ཇེ་ཉུང་དུ་གཏང་དགོས།

(བཞི) ལྟ་སྐུལ་དང་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱག་དགོས། ས་གནས་སོ་སོས་དམིགས་གཏད་རང་བཞིན་གྱི་ལྟ་སྐུལ་སྒྲུབ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཡུལ་དངོས་སུ་ལྟ་སྐུལ་དང་། སྐབས་བསྟུན་འདེམས་བཤེར། མངོན་ཞིབ་ལྐོག་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ། བརྡ་བསྒྲགས་དང་། སྐོང་མོལ། ཉེན་བསྒྲགས། དྲན་སྐུལ། སློབ་གསོ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བཀོལ་ཞིང་། རྗེས་འདེད་ནུས་འདྲིར་ཤུགས་སྣོན་བརྒྱབ་སྟེ། བྱ་བའི་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་ཐུབ་པ་ཁག་ཐེག་བྱ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཡིད་ཆེས་འགྱུར་མེད་དང་གཏན་ཤུགས་སྲུང་འཛིན་བྱས་ནས། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་པ་དང་། བྱ་བའི་སྤྱོད་ཚུལ་མུ་མཐུད་ལེགས་སྒྱུར་བྱས་ཏེ། དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་པ་འགན་སྲུང་བྱ་དགོས།

ཟུར་བཀོད། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་རིམས་ནད་ལ་ས་ཁུལ་དང་རིམ་པ་དབྱེ་བའི་དོན་མཚོན་རི་མོ།