རིགས་མི་འདྲ་བའི་མི་འདི་གསུམ་ལ་ཏོག་གསར་གློ་ཚད་འགོ་དཀའ་བས་མྱུར་དུ་གཟིགས་རོགས།

ཏོག་དབྱིབས་ནད་དུག་འགོ་མི་འགོ་དེ་དོན་ངོ་མས་ལུས་སྟེང་གི་ནད་འགོག་ནུས་པ་དང་ནད་དུག་བར་གྱི་འཐབ་རྩོད་ཅིག་ཡིན། ནད་འགོག་ནུས་པ་ནད་དུག་ལས་རྒྱལ་བ་ན་འགོས་ནད་འཕོག་མི་ཐུབ། དེ་ལས་ལྡོག་ན་ཉེན་ཁ་ཧ་ཅང་ཆེ། འདི་ཡང་མི་མང་པོ་ཞིག་ཝུའུ་ཧན་ནས་ཕྱིར་ཐོན་རྗེས་མི་ལ་ལ་ཞིག་ལ་འགོས་ནད་བྱུང་མེད་པ་དང་ཡང་མི་ལ་ལ་ཞིག་ལ་འགོས་ནད་དེ་བྱུང་ཡོད་པའི་རྒྱུ་མཚན་ཡང་ཡིན།

ཏོག་གསར་གློ་ཚད་དེ་ཆེས་འཇིགས་སུ་རུང་བ་ཞིག་ཡིན་མོད། འོན་ཀྱང་གཤམ་གསལ་གྱི་མིའི་རིགས་མི་འདྲ་བ་གསུམ་ལ་འགོ་མི་སྲིད།

1.རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དྲག་པོ་ལྡན་པའི་མི།

ཏོག་གསར་གློ་ཚད་ཀྱི་ནད་དུག་དེ་མཆིལ་ཟེགས་བརྒྱུད་དེ་འགོས་ཁྱབ་བྱུང་བཞིན་ཡོད་ལ། ཆེས་ལེགས་པོའི་བྱེད་ཐབས་ནི་ཁྱིམ་དུ་བསྡད་དེ་སྒོར་མི་འབུད་པ་དེ་ཡིན། གལ་ཏེ་སྒོར་འབུད་དགོས་ཚེ་ངེས་པར་དུ་ཁ་ཐུམ་རྒྱག་དགོས། འདི་ལྟར་བྱས་ན་ནད་དུག་དེ་འགོ་བའི་ཚད་ཇེ་དམའ་རུ་གཏང་ཐུབ། དེ་ལས་ལྡོག་སྟེ་སེམས་ཆུང་དང་དོ་སྣང་མི་བྱེད་པར་གང་འདོད་དུ་ག་སར་འགྲོ་འདུག་མང་ན་ནད་དུག་འཕོག་པའི་ཉེན་ཁ་སྔར་ལས་ཆེ། དེའི་རྐྱེན་གྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱིས་ཆེས་གནད་འགག་གི་སྐབས་སུ་ཁྱོད་ཀྱི་ཚེ་སྲོག་བསྐྱབ་ཐུབ།

2.ཟ་མ་ཐུན་ལྟར་བསྟེན་ཞིང་ཁམས་གསོ་རྒྱུན་འཁྱོངས་བྱེད་པའི་མི།

བཤད་རྒྱུན་ལ་ནད་དུག་ཁ་ལས་འགོ་ཟེར། ནང་སྒོས་སུ་ཆེས་གནད་འགག་གི་དུས་སྐབས་འདིར་སྒོ་ཕྱིར་འགྲོ་ན་ཡང་འཇིགས་སྐྲག་སྐྱེ་བ་དང་སྨན་ཁང་དུ་སོང་ན་འགོས་ནད་འཕོག་སླ། བཟའ་བཏུང་ཐད་དུ་དཀར་ཟས་དང་དམར་ཟས་དོ་མཉམ་བྱ་དགོས། སྔོ་ཚོད་དང་ཤིང་ཏོག་མང་པོ་ཟོས་ན་ལུས་པོར་ཕན། ལུས་ཁམས་གསོ་བར་མཐོང་ཆེན་བྱེད་པའི་མི་ནི་སྤྱིར་བཏང་དུ་བདེ་ཐང་ཅན་ཡིན་པས་འདིའི་རིགས་ཀྱི་མི་ལ་ནད་དུག་འཕོག་མི་སྲིད།

3.ལུས་སྟོབས་དར་ན་ནད་འཕོག་མི་སྲིད།

མི་ལ་ལས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལུས་རྩལ་སྦྱོང་བརྡར་གྱི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རང་ལུས་ཀྱི་ནད་འགོག་ནུས་པ་ཡང་ཅུང་ཆེ་བས། ནད་དུག་ཡང་ལས་སླ་མོའི་སྒོ་ནས་ཕོག་མི་སྲིད། དེའི་རྐྱེན་གྱིས་ལུས་པོའི་བདེ་ཐང་དང་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན། ནད་འཕོག་མི་སྲིད་པ་མ་ཟད། ཏོག་གསར་ནད་དུག་འགོ་རྒྱུ་ཡང་ལས་སླ་མོ་ཞིག་མིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།