མདང་དགོང་དུས་ཚོད24ནས་བཟུང་རང་ཞིང་གིས་ས་ཁུལ་སོ་སོའི་རླངས་སྣུམ་ཕྱིར་འཚོང་གི་རིན་གོང་སྙོམས་སྒྲིག་བྱས་པ།

རྒྱལ་ཁབ་ཀྱི་སྣུམ་རྫས་རིན་གོང་གི་སྒྲིག་གཞི་གཞིར་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས2020ལོའི་ཟླ2ཚེས18ཉིན་གྱི་དུས་ཚོད24ནས་བཟུང་རྒྱལ་ནང་གི་སྣུམ་རྫས་རིན་གོང་མར་ཕབ་པ་རེད། རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་ཏུན་རེའི་སྒོར415དང་སྒོར400ཡིས་མར་ཕབས། རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་འབེབས་ལྟར། རང་ཞིང་གིས2020ལོའི་ཟླ2ཚེས18ཉིན་གྱི་དུས་ཚོད24ནས་བཟུང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོའི་རླངས་སྣུམ་དང་ས་སྣུམ་གྱི་ཆེས་མཐོའི་རིན་གོང་གཅིག་གྱུར་སྒོས་སྙོམས་སྒྲིག་བྱས་པ་རེད། (གཤམ་གྱི་རེའུ་མིག་ལས་ཤེས་ཐུབ།) གཞན་པའི་འབྲེལ་ཡོད་སྣུམ་རྫས་ཀྱི་རིན་གོང་སྲིད་ཇུས་ནི《རྡོ་སྣུམ་གྱི་རིན་གོང་བདག་དོམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱས་ཡོད།

ཟུར་བཀོད། མཚོ་སྔོན་ཞིང་ཆེན་གྱི་རླངས་སྣུམ་དང་ས་སྣུམ་གྱི་ཆེས་མཐོའི་ཕྱིར་འཚོང་རིན་གོང་རེའུ་མིག

མཚོ་སྔོན་ཞིང་ཆེན་གྱི་རླངས་སྣུམ་དང་ས་སྣུམ་གྱི་ཆེས་མཐོའི་ཕྱིར་འཚོང་རིན་གོང་རེའུ་མིག

(2020ལོའི་ཟླ2ཚེས18ཉིན། )

མཆན། 1.རེའུ་མིག་ཁྲོད་ཀྱི་རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་དེ་རིམ་པ་དྲུག་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་རྒྱལⅥAཡི་རླངས་འཁོར་རླངས་སྣུམ་དངⅥརླངས་འཁོར་གྱི་ས་སྣུམ་རིན་གོང་དང་མཐུན།

2.རླངས་ས་སྣུམ་རིམ་པ་དྲུ་པའི་ཚད་ལྡན་ཐོན་རྫས་དེ་སོ་སོ89རྟགས་ཅན་དང0རྟགས་ཅན་གྱི་རླངས་འཁོར་ལ་བཀོལ་རྒྱུའི་ས་སྣུམ་ཡིན།

3.རིམ་པ་དང་པོའི་ས་ཁུལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར།

རིམ་པ་གཉིས་པའི་ས་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། ན་གོར་མོ་མི་འདུ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ།

རིམ་པ་གསུམ་པའི་ས་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།