རང་ཞིང་གིས་ཧུའུ་པེ་རུ་མངགས་པའི་སྨན་བཅོས་ཚན་ཆུང་གིས་ནུས་ཤུགས་གང་ཡོད་སྒོས་ནད་པ་མྱུར་སྐྱོབས་སྨན་བཅོས་བྱས་པས་གྲུབ་འབྲས་ལེགས་པོ་བླངས་པ།

རང་རེའི་དྲ་བའི་འཕྲིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བསྒྲགས་པའི་གཏམ་བཤད། རང་ཞིང་གིས་ཧུའུ་པེ་རུ་མངགས་པའི་སྨན་བཅོས་ཚན་ཆུང་གིས་རིམས་འགོག་གཡུལ་ས་རུ་ནུས་ཤུགས་གང་ཡོད་སྒོས་ནད་པ་མྱུར་སྐྱོབས་སྨན་བཅོས་བྱས་ཏེ་གྲུབ་འབྲས་ལེགས་པོ་བླངས་ཡོད། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་དང་ཞིན་ཀྲུའུ་ས་ཁུལ་ཀྲུང་ལུགས་སྨན་ཁང་དུ་ཟླ2ཚེས17ཉིན། སྨན་བཅོས་ཚན་ཆུང་གི་མྱུར་སྐྱོབས་སྨན་བཅོས་བྱེད་རྒྱུའི་ནད་པ126ཡོད་པ་དང་། ཞིན་ཀྲུའུ་ས་ཁུལ་ཀྲུང་ལུགས་སྨན་ཁང་ནས་སྨན་བཅོས་བྱས་ཏེ་སྨན་ཁང་ལས་བུད་པའི་ནད་པ6ཡོད། ནད་གཡོག་ཚན་ཆུང་གི་བདག་དོམ་ཞག་སྡོད་ནད་པ126ཡོད། དབྱང་ལོའུ་ར་སྐོར་ས་ཁུལ་གྱི་ལྟེ་གནས་སྨན་ཁང་བཅས་གཏན་ཁེལ་སྨན་ཁང་གསུམ་དུ་རིམས་འགོག་ཚོད་འཛིན་བྱ་བ་སྒྲུབ་བཞིན་ཡོད། ནད་གཡོག་ཚན་ཆུང་གིས་ཝུའུ་ཧན་གྲོང་ཁྱེར་ཧོང་ཧྲན་ལུས་རྩལ་ཁང་གི་འཁོར་སྒྲོམ་སྨན་ཁང་དུ་ནད་པ161ལ་ནད་གཡོག་དང་སེམས་ཁམས་མཛུབ་སྟོན་ཐེངས77ལ་བྱས།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་གཡུལ་འཐབ་ཁྲོད་གཡུལ་ས་རུ་རེ་འདུན་ཕུལ་བའི་འཐབ་མོ་བ་སྟོང་ཕྲག་ལྷག་གིས་རང་གི་ཤི་གསོན་དང་ཁེ་སྤོགས་མི་བསམ་པའི་དཔའ་ངར་དང་ཆོད་སེམས་ཁུར་དུ་བླངས་ཡོད། སྨན་བཅོས་མི་སྣ237གྱིས་འཐབ་པ་དང་གཡུལ་ལ་ཞུགས་པ། ལས་འགན་དང་ལེན། འགན་འཁྲི་མངོན་འགྱུར་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱས་ཏེ་ཕངས་སེམས་ཅི་ཡང་མེད་པའི་སྒོ་ནས་ཝུའུ་ཧན་ལ་རོགས་སྐྱོར་བྱས་ཡོད།

ཟླ1ཚེས27ཉིན། མཚོ་སྔོན་གྱིས་ཧུའུ་པེ་ལ་རོགས་སྐྱོར་དུ་མངགས་པའི་སྨན་བཅོས་ཚན་ཆུང་ཐོག་མ་མངགས་པའི་གནས་ཚུལ་འབྱོར་རྗེས། སྨན་ཁང་ཆེན་པོ་དག་གི་སྨན་བཅོས་མི་སྣ་དག་གིས་མྱུར་དུ་ཕན་ཚུན་ལ་བརྡ་བཏང་སྟེ་རང་འགུལ་ངང་ནང་ཞུགས་བྱེད་པའི་རེ་འདུན་བཏོན། མཛུབ་ཐེལ་གྱིས་ཁེངས་བའི་དང་བླངས་རེ་འདུན་ཞུ་ཡིག་གིས་བཀང་། ཏག་ཏག་དུས་ཡུན་ཐུང་ངུའི་དུས་ཚོད་གཅིག་གི་ནང་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བའི་ནད་གཡོག་ཚན་ཁག་གི་མི་སྣ130ལྷག་གིས་མིང་ཐོ་བཀོད་པས། སྨན་ཁང་ཡོངས་ཀྱི་སྨན་བཅོས་མི་སྣའི་མིང་ཐོ་འགོད་པའི་ཚད་གཞི་དེ་མི་གྲངས350ལ་བུད། ཉིན་གཅིག་གི་དུས་ཚོད་མ་འགོར་བར་རང་ཞིང་གིས་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཟི་ལིང་གྲོང་ཁྱེར་སྨན་བཅོས་སྡེ་ཚོགས་དང་པོ་སོགས་འདུས་པའི་སྨན་བཅོས་ལས་ཁུངས16གི་སྨན་བཅོས་མི་སྣ135 བདག་དོམ་མི་སྣ2བཅས་ཀྱིས་གྲུབ་པའི་སྨན་བཅོས་ཚན་ཆུང་ཐོག་མ་དེ་ཧུའུ་པེ་རུ་བསྐྱོད་པ་རེད།

ཟླ2པའི་ཚེས3ཉིན་གྱི་ནམ་གུང་ལ། རྒྱལ་ཁབ་བྲེལ་འཚུབ་བརྡ་སྦྱོར་གྱིས་རང་ཞིང་གི་ནད་གཡོག་མི་སྣ་སྐོང་འཐེན་བྱས་ཏེ་ཝུའུ་ཧན་ལ་རོགས་སྐྱོར་བྱས། དུས་ཚོད24མ་འགོར་བའི་དུས་ཚོད་ནང་སྨན་བཅོས་ལས་ཁུངས་མང་པོའི་སྨན་བཅོས་མི་སྣ་དག་མིང་ཐོ་འགོད་པའི་ཁྲོད་ཞུགས། ཞག་གང་བོར་ཟི་ལིང་དང་མཚོ་ཤར་གཉིས་ཀྱི་སྨན་བཅོས་ལས་ཁུངས25ཡི་ནད་གཡོག་མི་སྣ100དང་བདག་དོམ་མི་སྣ2གྱིས་གྲུབ་པའི་ནད་གཡོག་ཚོགས་པ་ཞིག་རྩ་འཛུགས་བྱས། མཚོ་སྔོན་གྱི་ཤེས་ལྡན་པ་དང་ནན་ཏེན་ན་གོར་མོ་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་མཁན། དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཞིའུ་ཡིས་མཚན་གང་མོར་ནད་གཡོག་མི་སྣ་དག་ལ་ལས་རིགས་འགོག་སྲུང་ཐད་ལ་སློབ་སྦྱོང་བྱེད་པའི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་བྱས་ཏེ། ཚང་མ་ལ་ནན་ཏན་སྒོས་འགོག་སྲུང་ཐད་ལ་སློབ་སྦྱོང་བྱེད་དུ་བཅུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།