རིམས་འགོག་སྐབས་ལས་རྨས་ཀྱི་དམིགས་གསལ་འགན་བཅོལ་ཇི་ལྟར་ལོངས་སྤྱོད་བྱ་དགོས་སམ།

རང་རེའི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་སྐབས་ལས་རྨས་བྱུང་བའི་ལས་བཟོ་པའི་སྨན་བཅོས་རིན་དངུལ་དེ་ཇི་ལྟར་རྩིས་ཞུ་བྱེད་དགོས་སམ། རིམ་པ་དང་པོ་ནས་བཞི་བའི་བར་གྱི་ལས་རྨས་ལས་བཟོ་པའི་རྨས་སྐྱོན་སྐྱིན་ཚབ་དང་བདག་སྐྱོང་རིན་དངུལ། གཉེན་ཉེ་ལ་མཁོ་སྤྲོད་བྱེད་རྒྱུའི་གྱོང་གསབ་མ་དངུལ་བཅས་རིམས་ནད་སྔོན་འགོག་དུས་སྐབས་སུ་རྒྱུན་ལྡན་ངང་མར་སྤྲོད་བྱེད་ཐུབ་བམ། རྨས་སྐྱོན་ཁ་གསབ་རོགས་དངུལ་ཐེངས་གཅིག་ལ་སྤྲོད་པ་དང་སྨན་བཅོས་ཁ་གསབ་རིན་དངུལ་དེ་ལེན་ཐེངས་གཅིག་གིས་ཇི་ལྟར་ལེན་དགོས་སམ། 2020ལོའི་ལས་ཀའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ལས་བཟོ་པའི་རྐྱེན་འདས་ཁ་གསབ་རོགས་དངུལ་དང་འདས་མཆོད་རིན་དངུལ་དེ་ཇི་ལྟར་ལེན་དགོས་སམ། ཟླ2ཚེས18ཉིན། ཟི་ལིང་གྲོང་ཁྱེར་མི་དོན་སྤྱི་ཚོགས་ཅུའུ་ཡིས་རིམས་ནད་སྔོན་འགོག་སྐབས་ལས་རྨས་འགན་བཅོལ་ཉེན་ཞུགས་མི་སྣའི་དོ་ཁུར་ཐད་ཀྱི་གནད་དོན་ལ་འགྲེལ་བཤད་གསལ་བོ་གནང་འདུག

ངོ་སྤྲོད་ལྟར་ན། མི་དོན་སྲིད་འཛིན་སྡེ་ཁག་གིས་ངོས་འཛིན་བྱས་ཟིན་པའི་ལས་རྨས་དང་ལས་རྨས་ལ་སྨན་བཅོས་བྱེད་པའི་ཆ་ཤས་དེ་རྩིས་ཞུའི་ཆ་རྐྱེན་གྱི་སྨན་བཅོས་རིན་དངུལ་དང་འཚམ་ན་ལོ་འདིའི་ནང་ཞིབ་བཤེར་རྩིས་ཞུ་བྱེད་ཆོག ལས་ཁུངས་སོ་སོའི་ལས་སྒྲུབ་མི་སྣ་དག་གིས་རིམས་ནད་སྔོན་འགོག་དུས་ཚོད་ཀྱི་རྗེས་སུ་སྤྱི་ཚོགས་འགན་བཅོལ་གཞུང་སྒྲུབ་ལས་ཁུངས་སུ་སོང་སྟེ་ལས་སྒྲུབ་བྱེད་དགོས། ད་དུང་ལས་ཀའི་སྐབས་སུ་ཏོག་གསར་གློ་ཚད་འགོས་པའི་ལས་བྱེད་མི་སྣ་ཡིན་ཚེ། དུས་ལྟར་སྤྱི་ཚོགས་འགན་སྲུང་ལས་སྒྲུབ་སྒྲིག་གཞི་རུ་སོང་སྟེ་ལས་རྨས་སྨན་བཅོས་རིན་དངུལ་གྱི་རིན་དངུལ་ཞིབ་བཤེར་རྩིས་ཞུ་བྱས་ཆོག ལས་རྨས་དེ་དུས་ཚོད་གཏན་ཁེལ་གྱིས་ཟླ་མཇུག་ལ་རྩིས་སྤྲོད་བྱེད་དགོས། རིམ་པ་དང་པོ་ནས་བཞི་བའི་ལས་རྨས་ལས་བཟོ་པའི་གནོད་སྐྱོན་གྱོང་གསབ་རིན་དངུལ་དང་བདག་སྐྱོང་རིན་དངུལ། གྱོང་གསབ་རིན་དངུལ་བཅས་ལ་རིམས་ནད་སྔོན་འགོག་གི་ཤུགས་རྐྱེན་ཐེབས་མི་སྲིད། དུས་གཏན་དམིགས་གསལ་ལོངས་སྤྱོད་ཐུབ་པའི་འགན་བཅོལ་ཟབ་ཞུགས་ལས་ཁུངས་ཀྱིས་ལས་རྨས་དམིགས་གསལ་མཁན་དག་གིསQQཚོགས་པ་བརྒྱུད་དེ་ཐད་ཀར་དུ་བསྒྲུབ་ཆོག རིམས་ནད་སྔོན་འགོག་མཇུག་རྫོགས་རྗེས་ཤོག་བུའི་དཔར་གཞི་མཁོ་བའི་དངུལ་འཛིན་ཅན་གྱི་ལས་ཁུངས་དག་སྤྱི་ཚོགས་འགན་སྲུང་ཅུའུ་ལས་རྨས་ཁའོ་ལ་སོང་སྟེ་བླངས་ཆོག ལས་རྨས་ལས་བཟོ་པ་ལ་བདེ་སྲུང་རིན་ཐང་གི་དཔྱད་འཇོག་འགྲོ་ལུགས་སྒྲུབ་དགོས་ཚེ། སྔོན་ལ་ཁ་པར་ལས་དུས་ཆད་དང་རིམས་ནད་སྔོན་འགོག་བརྟན་འཇགས་སུ་སོང་རྗེས། སྤྱི་ཚོགས་འགན་སྲུང་ལས་སྒྲུབ་ལས་ཁུངས་ཀྱིས་ཆེས་ཐོག་མའི་དུས་ཚོད་ནང་འགན་བཅོལ་ཟབ་ཞུགས་ལས་ཁུངས་ལ་བརྡ་བཏང་ནས་འབྲེལ་ཡོད་འགྲོ་ལུགས་སྒྲུབ་ཆོག

དེ་མིན་རྨས་སྐྱོན་ཁ་གསབ་རིན་དངུལ་སྤྲོད་པ་དེ་ལས་རྨས་ལས་བཟོ་པར་ལས་རྨས་ཐེབས་པའི་ཡར་སྔོན་གྱི་ཟླ་བ་བཅུ་གཉིས་ནང་གི་ཆ་སྙོམས་རིན་དངུལ་རྩིས་སྤྲོད་བྱས་པའི་གཞི་གྲངས་ལས་སྐྱིན་ཚབས་གཞི་གྲངས་སྤྲོད་དགོས་ལ། ལོ་གཅིག་གི་ནང་དུ་ཡང་བསྒྲུབ་ཆོག ལས་སྒྲུབ་དུས་ཚོད་ཀྱིས་དམིགས་གསལ་རིན་དངུལ་ལ་ཤུགས་རྐྱེན་ཐེབས་མི་སྲིད་པས། འགན་བཅོལ་ལས་ཁུངས་དག་གིས་རིམས་ནད་སྔོན་འགོག་གི་རྗེས་སུ་ཡང་བསྐྱར་འགྲོ་ལུགས་བསྒྲུབ་ཆོག སྨན་བཅོས་རིན་དངུལ་རྩིས་སྤྲོད་ཁ་གསབ་རོགས་དངུལ་དེ་ངལ་རྩོལ་གན་རྒྱ་རྩིས་མེད་བཟོས་པའི་ཟླ་དེའི་རྩིས་སྤྲོད་གཞི་གྲངས་ཀྱི་སྐྱིན་ཚབས་གཞི་གྲངས་ལྟར་ལོ་དེའི་ནང་དུ་ལས་སྒྲུབ་བྱས་ཆོག ལས་སྒྲུབ་དུས་ཚོད་ཀྱིས་དམིགས་གསལ་རིན་དངུལ་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་མི་སྲིད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།