མཚོ་སྔོན་གྱིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད། ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁུར་བ་དང་སྨན་དོན་ཆེད་མཁས་པ་གདན་དྲངས་ནས“ཉེ་དུས་རང་རེའི་ཞིང་ཆེན་གྱི་ནད་པ་སྐྱོབ་བཅོས་དང་སྨན་དོན་མི་སྣ་གསོ་སྦྱོང་བྱས་ཚུལ་དང་། རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ཁྲོད་ཀྱི་ལས་འགོ་ཚུགས་ནས་ལས་ཀ་སླར་གསོ་དང་མ་དངུལ་འགན་ལེན་གྱི་གནས་ཚུལ”སྐོར་ལ་སྤྱི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་འབྲེལ་ཡོད་ལས་དོན་ལ་དོ་ཁུར་དང་དོ་ཁུར་བྱས་པར་ལན་བསྐྱོན་པ་རེད།

ཁྱབ་སྤེལ་ཚོགས་འདུའི་ཐོག་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡོན་ཆི་ལུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁོང་གིས་མིག་སྔའི་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཨང་དང་པོ་18གཏན་འཁེལ་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ་15དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རུ་ནད་པ་3ཡོད་པ་རེད། ཟླ་2ཚེས་12ཉིན་གྱི་ཆུ་ཚོད་24བར་རིམ་རྩིས་བྱས་ན་སྨན་ཁང་ནས་དོན་མཁན་9ཡོད་པ་དང་ད་ཆ་སྨན་ཁང་ནས་དོན་མཁན་9ཡོད་པ་རེད། ད་ལྟ་སྨན་ཁང་གི་ནད་དཔེ་9ཡི་ནང་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ནད་དཔེ་8ཡོད་པ་དང་། ནད་གཞི་ཡང་བ། ནད་གཞི་དཀྱུས་མ་4ནད་གཞི་ལྕི་རིགས་1ཉེན་ཁ་ཆེ་བའི་རིགས་2བཅས་ཡོད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་དཔེ་ཞིག་ཡོད་པ་ནི་ཡང་བའི་རིགས་ཡིན། ཟླ་2ཚེས་6ཉིན་ནས་ཚེས་12ཉིན་བར་རང་རེའི་ཞིང་ཆེན་དུ་ཉིན་7བསྟུད་མར་གཏན་འཁེལ་དང་ནད་རྟགས་འདྲ་བའི་ནད་རྟགས་གསར་པ་ཐོན་མེད་པ་རེད། ཟླ་2པའི་ཚེས་13ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་ཡང་བསྐྱར་ནད་པ་གཉིས་སྨན་ཁང་ནས་ཕྱིར་བུད། མཚོ་སྔོན་ཞིང་ཆེན་གྱིས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་11དང་ནད་པ་7ལ་མུ་མཐུད་སྨན་བཅོས་བྱས། ང་ཚོས་མུ་མཐུད་སྨན་ཁང་དུ་བསྡད་པའི་ནད་པར་མུ་མཐུད་དོ་ཁུར་བྱས་ཏེ་ཆེད་མཁས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྨན་བཅོས་ཧུར་ཐག་བྱ་རྒྱུ་ཡིན།

ཞིང་ཆེན་ཡོངས་ཀྱི་རིམ་དབྱེའི་སྐྱོབ་བཅོས་དྲ་རྒྱ་བཙུགས་ནས་གནས་གཏན་འཁེལ་གྱི་སྨན་ཁང་9གཏན་འཁེལ་བྱས་པའི་ནང་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་1དང་གྲོང་ཁྱེར་དང་ཁུལ་8ཀྱི་སྨན་ཁང་1ཡོད་པ་དང་། སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པ་ཚོགས་ཆུང་བཙུགས་པ་དང་ཞིང་ཆེན་ཕྱི་ནང་གི་རིག་ཚན་མང་བའི་ཆེད་མཁས་པ་མཉམ་འབྲེལ་སྐྱོབ་བཅོས་ལས་དོན་གྱི་ལམ་སྲོལ་བཙུགས་པ། “ནད་དཔེ་གཅིག་སྡུད་དང་། རིགས་གཅིག་མཁས་པ། ཐོན་ཁུངས་གཅིག་སྡུད། གཅིག་སྡུད་སྐྱོབ་བཅས”བཅས་ཀྱི་སྐྱོབ་བཅོས་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ། ཚན་རིག་དང་མཐུན་ལ་གནད་སྨིན་སྐྱོབ་བཅོས་ཀྱི་ཐབས་ཇུས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ནད་བརྟག་སྨན་བཅོས་ཇུས་གཞིའི་བླང་བྱ་ལྟར་ནད་པ་སྨན་ཁང་ནས་ཐོན་པའི་ཚད་གཞི་ཁ་གསལ་བཟོས་ཡོད།

ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་སྒྲོག་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་།

མཚོ་སྔོན་གྱི་མཁས་དབང་དང་ནན་ཏིང་ཀེའར་གྱི་གཟེངས་རྟགས་ཐོབ་མཁན། དགེ་རྒན་ཆེ་མོ་བ་ཀྲའོ་ཧྲེང་ཤིའུ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་གསོ་སྦྱོང་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁོང་གིས་ཏོག་གསར་གློ་ཚད་གསར་པ་ནི་ཁ་རིགས་ཀྱི་འགོ་ནད་ཅིག་ཡིན་པས་སྨན་དོན་མི་སྣའི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་ལྷག་པར་དུ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་སྨན་དོན་མི་སྣ་དུས་ཐོག་ཏུ་ཛ་དྲག་ངང་ཕྱིར་སྐྱོད་པ་དང་དུས་ཚོད་ཐུང་ལ་ལས་འགན་ལྕི་བའི་སྐབས་སུ། དེ་བས་སྔ་ཙམ་ནས་སྨན་དོན་མི་སྣའི་འགོག་སྲུང་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། སྨན་དོན་མི་སྣར་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་ནད་པར་སྐྱོབ་བཅོས་ཀྱི་ནུས་པ་ལྡན་ཐུབ། དེར་བརྟེན་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཞིང་ཆེན་དེ་ཡོངས་སུ་སྨན་དོན་མི་སྣའི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་ལྡན་པའི་གསོ་སྦྱོང་བྱས་ཏེ་དངོས་འཐབ་ཅན་གྱི་བླང་བྱར་བརྟེན་ནས་ཚད་ལྡན་གྱི་གསོ་སྦྱོང་བྱས་པས། བྱེད་ཐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་གསར་པ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མཛུབ་ཁྲིད་ཚོགས་ཆུང་28དང་ཀྲུང་དབྱང་རྩ་འཛུགས་པུའི་མཚོ་སྔོན་དུ་སྐྱོད་མཁན་འབུམ་རམས་པའི་ཚོགས་པའི་ཆེད་མཁས་པ་གྱི་ཚད་མཐོའི་ཁས་ལེན་ཐོབ་ཡོད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་གྱི་གློ་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པའི་གསོ་སྦྱོང་རྟེན་གཞི”བཙུགས་པ་དང་། རྟེན་གཞི་ཞིང་ཆེན་མི་དམངས་སྨན་ཁང་དུ་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འབྲེལ་ཡོད་མི་སྣ་དང་དགེ་རྒན་གསོ་སྦྱོང་གི་འགན་འཁུར་གྱི་ཡོད་པ་རེད།

ཀྲའོ་ཧྲེང་ཤིའུ་ཡིས་ལས་རིགས་འགོག་སྲུང་གསོ་སྦྱོང་རྩ་འཛུགས་སྒྲིག་གཞི་འཛུགས་རྒྱུར་དམིགས་ནས་རིམ་གསུམ་གསོ་སྦྱོང་བྱེད་སྟངས་དང་གསོ་སྦྱོང་གི་ཕན་པ་ཐོབ་པའི་ཚོགས་སྤྱི་གསུམ་ལ་དམིགས་ནས་གསོ་སྦྱོང་གི་བྱེད་ཐབས་གཙོ་བོ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། གསོ་སྦྱོང་འཛིན་གྲྭ་དེ་ཟླ་2ཚེས་12ཉིན་འགོ་ཚུགས་པ་དང་གསོ་སྦྱོང་བྱ་ཡུལ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེའི་ཆེད་སྦྱོང་ཚན་ཁག་གི་ནད་སྐྱོང་ཚོགས་པ་སྐོང་འཐེན་བྱས་པ་དང་། སྨན་བཅོས་རུ་ཁག་ཁག་གཉིས་པ་དང་གསུམ་པ་དང་གྲོང་ཁྱེར་དང་ཁུལ་ཁག་གི་གནས་གཏན་འཁེལ་གྱི་སྨན་ཁང་གི་དགེ་རྒན་ཡིན་པ་དེའི་ནང་དབུགས་ལམ་དང་། ནད་གཞི་ལྕི་བ། འགོས་ནད། སྨན་ཁང་གི་མྱོང་ཚོར་སོགས་འབྲེལ་ཡོད་ཆེད་ལས་ཚུད་ཡོད་པ་དང་ཁྱོན་མི་330ལྷག་ཙམ་ཡོད་པ་རེད། འདི་ལྟར་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་སྨན་དོན་མི་སྣའི་འགོག་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་དོན་མི་སྣར“འགོས་ནད་གཅིག་ཀྱང་མེད་པའི”མཐའ་ཚད་སྔར་བས་བརྟན་སྲུང་བྱེད་པ། སླད་ཕྱིན་ཧུའུ་པེར་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་གཞོགས་འདེགས་བྱེད་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་རུའེ་མིང་གིས་ཁྱབ་སྤེལ་ཚོགས་འདུའི་ཐོག《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པར་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲིད་ཇུས》ལ་འགྲེལ་བཤད་བརྒྱབ་པ་རེད། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང“བརྟན་ལྷིང་དྲུག”གི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་བཅས་སྡེ་ཚན་བཞི་ཡིས《རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཡོང་རྒྱུར་སྤྱི་འདོམས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས》ཞིབ་འཇུག་དང་འཆར་ཟིན་བཀོད་པ་རེད། འཕར་ཚད་བརྟན་པོ་དང་། སྔོན་དཔག་བརྟན་པོ། མཁོ་སྤྲོད་བརྟན་པོ་བཅས་ཡོང་བ་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་གཏོང་བ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་དང་འགན་ལེན་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱ་རྒྱུ་རེད།

ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧན་ཡུང་ཧྲེང་གིས་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་འགན་ལེན་མཁོ་སྤྲོད་དང་ཚོང་དོན་འཁོར་རྒྱུག་ཁེ་ལས་ལས་གཉེར་བྱེད་འགོ་ཚུགས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཛ་དྲག་ངང་སྐུལ་སློང་དང་དུས་ཐོག་ཏུ་བྱ་སྤྱོད་སྤེལ་ནས་འཚོ་བའི་མཁོ་ཆས་ནུས་ལྡན་ངང་མཁོ་འདོན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་། ཟླ་1ཚེས་23ཉིན་འཚོ་བའི་མཁོ་ཆས་དང་དེ་བཞིན་འཕྲལ་སྡོམ་ཚོང་ཟོག་གི་ཉིན་རེའི་ཚགས་པར་ལྟ་ཞིབ་ཚད་ལེན་བྱེད་འགོ་བཙུགས་ཏེ་ཉིན་ལྟར་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་པ་རེད། འཚོ་བའི་མཁོ་ཆས་མཁོ་འདོན་འདང་ངེས་དང་། འཚོ་བའི་མཁོ་ཆས་གསོག་འཇོག་ནུས་ལྡན། ཚོང་ལས་ཚད་བརྒལ་རྐང་འཛིན་ནུས་པ་འདོན་སྤེལ་ནུས་ལྡན། བཅོས་སྣུམ་མཁོ་སྤྲོད་འགན་ལེན་འདང་ངེས་བཅས་ཡོད་པས་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་སྒོ་རྩིས་ཚོང་ཁང་ཆེ་འབྲིང་གི་ལས་སྒོ་གཉེར་ཚད་99%ཟིན་པ་དང་། སྔོ་ཚལ་ཁྲོམ་ར་གཉེར་འགོ་ཚུགས་ཚད་ཟི་ལིང་གྲོང་ཁྱེར་དུ་90%ཟིན་པ་དང་ཞིང་ཆེན་དེ་ཡོངས་སུ་52%ཟིན་པ། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་ལས་གཉེར་བྱེད་འགོ་ཚུགས་ཚད་ཟི་ལིང་གྲོང་ཁྱེར་དུ་90%དང་ཞིང་ཆེན་ཡོངས་ཀྱི་18%ཟིན་ཡོད། ཁེ་ལས་ཀྱི་བདག་པོ་རིམ་བཞིན་མཚོ་སྔོན་དུ་ལོག་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་སྟབས་བདེའི་ཚོང་ཁང་གི་ལས་གཉེར་བྱེད་ཚད་རིམ་བཞིན་མང་དུ་འགྲོ་རྒྱུ་རེད།

ཧན་ཡུང་ཧྲེང་གིས་གོམ་སྟབས་རྗེས་མར་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཚོང་དོན་ཁེ་ལས་བསྐྱར་དུ་ལས་འགོ་འཛུགས་རྒྱུའི་སྒྲིག་འཛུགས་གོ་རིམ་ལྡན་པའི་ངང་བྱས་ནས་ལས་རིགས་ཀྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་གཏོང་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས་པ། ཚོང་དོན་ཁེ་ལས་ཀྱི་གནད་སྨིན་ཞབས་ཞུར་ཤུགས་སྣོན་རྒྱག།

ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་རོང་ཡན་གྱིས་རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་ཁྲོད་ཀྱི་མ་དངུལ་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁོང་གིས་རིམས་ནད་ཐོན་ཚུན་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་གཅིག་གྱུར་བཀོད་འདོམས་འོག་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་མ་དངུལ་དང་སྲིད་ཇུས་འགན་ལེན་ཐད་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལ་ནོར་ཤུགས་ཀྱི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།