གཏམ་བཟང་། མཚོ་སྔོན་ཞིང་ཆེན་དུ་སླར་ཡང“ཏོག་གསར་གློ་ཚད”བྱུང་བའི་ནད་པ་བཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད14དང་སྐར་མ30སྟེང་། རང་རེའི་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་བཞི་དྲག་སྐྱེད་བྱུང་སྟེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་ཕྱིར་བུད། འདི་ནི་རང་རེའི་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ནད་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་འབུད་ཐེངས་གསུམ་པ་ཡིན། རྒྱུས་ལོན་བྱུང་པ་ལྟར་ན། ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཁྱོན་བསྡོམས"ཏོག་གསར་གློ་ཚད”ནད་པ15ཡོད་པ་དང་། དེའི་ཁྲོད་དྲག་སྐྱེད་བྱུང་བའི་ནད་པ7 ཡོད། ད་ལྟའི་བར་རང་ཞིང་གི“ཏོག་གསར་གློ་ཚད”དུ་ཐག་བཅད་པའི་ནད་པ18ལས་ནད་པ9དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད། རང་ཞིང་གི་ཏོག་གསར་གློ་ཚད་ནད་པ་དྲག་སྐྱེད་དང་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་སྨན་བཅོས་མྱུར་སྐྱོབ་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

ལོ་ཙཱ་བ། གཡང་སྐྱིད།