ཟི་ལིང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་རིམས་འགོག་སྐབས་ཀྱི་ཁྲིམས་འགལ་གྱོད་དོན་མི་འདྲ་བ4ཐག་གཅོད་བྱས་པ།

ཉེ་ལམ་ཟི་ལིང་སྤྱི་བདེ་ཅུའུ་ཡིས་འཕྲོ་རིམ་འཕྲོར་རིམས་འགོག་གནས་ཚུལ་སྐབས་ཀྱི་ཁྲིམས་འགལ་ནག་ཉེས་གྱོད་དོན་མི་འདྲ་བ4ཐག་གཅོད་བྱས་ཏེ། རིམས་ནད་འགོག་སྲུང་དམག་འཁྲུག་ལ་བདེ་འཇགས་དང་བརྟན་སྲུང་ལ་རྒྱལ་ཁ་བླངས་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད།

གྱོད་དཔེ་དང་པོ།

2020ལོའི་ཟླ2ཚེས9ཉིན་གྱི་ཕྱི་དྲོ། མཁར་བྱང་ས་ཁུལ་ཟམ་ཆུང་སྲང་ཆེན་གྱི་གཞིས་ཁུལ་ག་གེ་མོའི་ཕྱིར་ལྡོག་སྐུལ་འདེབས་ས་ཚིགས་ཀྱི་ལས་བྱེད་མི་སྣ་དག་གིས་འགྲོ་འོང་བྱེད་པའི་མི་སྣ་དག་རེ་རེ་བཞིན་ཐོ་འགོད་བྱེད་སྐབས། གཞིས་ཁུལ་དེའི་སྡོད་དམངས་ལིས་ག་གེ་མོ་ཡིས་ལས་བྱེད་མི་སྣ་དག་ལ་རྒྱུ་མེད་རྐྱེན་མེད་ཀྱིས་སྡིགས་དམོད་བྱས་པ་མ་ཟད། རང་གི་ལག་ཏུ་བཟུང་བའི་ཆང་དམ་ལས་བྱེད་མི་སྣའི་སྟེང་ལ་གཡུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་མི་སྣ་དག་ལ་རྨས་སྐྱོན་མ་ཐེབས། གྱོད་དོན་སྙན་ཞུ་བྱས་རྗེས་ཟམ་ཆུང་སྲང་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་ལ་འོངས་སྟེ་གྱོད་དོན་ལ་འདྲི་གཅོད་བྱས། འདྲི་གཅོད་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་ལྡན་པའི་ལིས་ག་གེ་མོ་ཡིས་ཁྲིམས་འགལ་གྱི་དོན་དངོས་ངོས་ལེན་བྱས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་ལིས་ག་གེ་མོ་མཁར་བྱང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱས་པ་རེད།

གྱོད་དཔེ་གཉིས་པ།

2020ལོའི་ཟླ2ཚེས9ཉིན། མཁར་བྱང་ས་ཁུལ་གྱི་ཏ་པོ་ཙི་གྲོང་རྡལ་གྱི་སྡེ་བ་ག་གེ་མོའི་སྡེ་མི་ཧྲང་ག་གེ་མོ་ཡིས་ཆང་འཐུང་རྗེས་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ་སྡེ་མདོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་སྒྲུབ་མི་སྣ་དག་གིས་ཐོ་འགོད་ཞིབ་བཤེར་བྱེད་པར་རམ་འདེགས་བྱེད་པའི་རེ་འདུན་བཏོན། འོན་ཀྱང་ཧྲང་ག་གེ་མོ་ཡིས་ཞིབ་བཤེར་དང་ལེན་མི་བྱེད་པ་མ་ཟད། ད་རུང་རིམས་འགོག་ཚོད་འཛིན་ལས་སྒྲུབ་མི་སྣའི་ཐོ་འགོད་འབྲི་དེབ་བཙན་གྱིས་འཕྲོག་སྟེ་རང་ཁྱིམ་གྱི་སྒོ་ཁའི་ཆུ་གྲོག་ནང་དུ་འཕངས། གྱོད་དོན་སྙན་ཞུ་འབྱོར་རྗེས་ཏ་པོ་ཙིའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྡོག་པས་ཧྲང་ག་གེ་མོ་མངགས་གཏོང་ཁང་ལ་ཁྲིད་འོངས་ནས་རྩད་གཅོད་བྱས། འདྲི་གཅོད་བྱས་པ་བརྒྱུད་ཁྲིམས་འགལ་བྱ་སྤྱོད་ལྡན་པའི་ཧྲང་ག་གེ་མོ་ཡིས་ཁྲིམས་འགལ་གྱི་དོན་དངོས་ངོས་ལེན་བྱས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་ཧྲང་ག་གེ་མོ་མཁར་བྱང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱས་པ་རེད།

གྱོད་དཔེ་གསུམ་པ།

2020ལོའི་ཟླ2ཚེས10ཉིན། མི་དམངས་སྲང་ལམ་མངགས་གཏོང་ཁང་ལ་ཧྭ་ལེན་སྒོ་རྩིས་ཁང་གི་ལས་སྒྲུབ་མི་སྣའི་གྱོད་དོན་སྙན་གསེང་ཉེན་བརྡ་བཏང་ནས་བཤད་རྒྱུར། བུད་མེད་ཅིག་གིས་ཁ་ཐུམ་མི་རྒྱག་པར་སྒོ་རྩིས་ཁང་དུ་འཛུལ་འོངས། ལས་སྒྲུབ་མི་སྣས་བཀག་འགོག་བྱས་ན་ཡང་ཕན་འབྲས་མེད་པར་ཁོ་ཚོའི་བར་ལ་འགལ་ཟླ་བྱུང་སོང་། ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་དག་གང་མགྱོགས་སྒོས་ཡུལ་དངོས་ལ་ཐོན་རྗེས་བུད་མེད་དེ་མྱུར་དུ་ཕྱིར་འགྲོ་དགོས་པའི་སློབ་གསོ་བཏང་། འོན་ཀྱང་བུད་མེད་དེས་གཏན་ནས་མི་ཉན་པ་མ་ཟད་མི་དམངས་ཉེན་རྟོག་མི་སྣ་ལ་སྡིགས་དམོད་བྱས་པས། ཡུལ་དངོས་མང་ཚོགས་འདུ་རུབ་བྱུང་སྟེ་པར་ལེན་བརྙན་འབེབས་བྱས། དོན་དག་དེའི་གནས་བབ་ཆེས་ཆེར་མི་འགྲོ་བ་དང་། རིམས་ནད་སྔོན་འགོག་བྱ་བར་ཤུགས་རྐྱེན་ངན་པ་མི་ཐེབས་པའི་ཆེད། མི་དམངས་ཉེན་རྟོག་མི་སྣས་བུད་མེད་དེ་བཙན་གྱིས་སྒོར་འཁྲིད། འོན་ཀྱང་ཁོ་མོ་སྒོར་འཁྲིད་པའི་སྐབས་སུ་མི་དམངས་ཉེན་རྟོག་མི་སྣ་ལ་ཡང་བསྐྱར་རྡོག་ཐོ་བཞུས་པ་དང་སྡིགས་དམོད་བྱས་པ་རེད། མི་དམངས་སྲང་ལམ་མངགས་གཏོང་ཁང་གིས་འཕྲད་དུ་ཡན་ལག་ཅུའུ་ལྟ་རྟོག་སྡེ་ཁག་དུ་རང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རེ་འདུན་བཏོན།

རེ་འདུན་ཞུ་ཡིག་འབྱོར་རྗེས་མཁར་དབུས་སྤྱི་བདེ་ཡན་ལག་ཁང་གི་ཏང་ཨུ་ཡིས་མཐོང་ཆེན་བྱས་ཤིང་། གང་མགྱོགས་སྒོས་ཁེ་དབང་སྲུང་སྐྱོབ་སྒྲིག་འཛུགས་དང་ལྟ་སྐུལ་ཞིབ་བཤེར་བ་དང་ཁྲིམས་འཛིན་པ། ཉེས་དོན་ཉེན་རྟོག་པ་སོགས་མངགས་ནས་གྱོད་དོན་འདིར་འདྲི་གཅོད་བྱས་པ་རེད། འདྲི་གཅོད་གསལ་བོ་དང་བདེན་དཔང་བརྟན་པོ་བརྒྱུད། ཟླ2ཚེས11ཉིན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། བུད་མེད་དེའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དེ་གྱོད་དོན་དུ་བཞག་ནས་འདྲི་གཅོད་གསལ་བོ་བྱས། ད་ལྟ་བུད་མེད་དེ་མཁར་དབུས་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཁྲིམས་ལྟར་ཁག་ཁུག་བཀའ་སྒུག་བྱས་ཡོད།

གྱོད་དཔེ་བཞི་པ།

ཟླ2ཚེས10ཉིན་གྱི་ཆུ་ཚོད10ཡས་མས་སུ་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཏུང་ཀོན་སྲང་ལམ་མངགས་གཏོང་ཁང་གིས་ཉིན་རྒྱུན་རིམས་འགོག་རྩད་གཅོད་བྱ་བ་སྒྲུབ་སྐབས། མཁར་ཤར་ས་ཁུལ་ཏུང་ཀོན་སྲང་ལམ་གྱི་ར་སྐོར་ག་གེ་མོའི་ནང་དུ་མི་ཚོགས་འདུ་རུབ་ཀྱིས་རྒྱལ་འཇོག་བྱེད་པ་ཤེས་རྟོག་བྱུང་། མི་དམངས་ཉེན་རྟོག་མི་སྣ་ཡུལ་དངོས་ལ་ཐོན་དུས། རྒྱལ་འཇོག་བྱེད་པའི་མི་སྣ་དག་གིས་ཁ་ཐུམ་བརྒྱབ་ཡོད་མོད། འོན་ཀྱང་ཁང་བའི་ནང་གི་མཁའ་དབུགས་བཙོག་འགྱུར་བྱུང་ཡོད། དེའི་འཕྲོར་མི་དམངས་ཉེན་རྟོག་པས་འདུ་རུབ་རྒྱལ་འཇོག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཀོའུ་ག་གེ་མོ་སོགས་མི4མངགས་གཏོང་ཁང་དུ་བོས་འོངས་ནས་འདྲི་གཅོད་བྱས་པ་རེད། འདྲི་གཅོད་བྱས་པ་བརྒྱུད་ཁྲིམས་འགལ་དོགས་ཡོད་ཉེས་ཅན་ཀོའུ་ག་གེ་མོ་ཡིས་རིམས་འགོག་ཚོད་འཛིན་བྱེད་པའི་དུས་སྐབས་སུ་སྲིད་གཞུང་གི་ཐག་གཅོད་དང་བཀའ་རྒྱ་མ་བརྩིས་པར། ཁྲིམས་འགལ་སྒོས་ཙེ་ག་གེ་མོ་དང་ཡུས་ག་གེ་མོ། མ་གེ་མོ་སོགས་བོས་འོངས་སྟེ་འགྱིག་ཤོ་ཁང་དུ་རྒྱལ་འཇོག་བྱས་པ་རེད། དེའི་མི་ཚད་རང་ཉིད་ཀྱང་དོན་དག་དེའི་ཁྲོད་དུ་ཟབ་ཞུགས་བྱས་པས་རིམས་ནད་འགོག་སྲུང་བྱ་བའི་ཐད་ཤུགས་རྐྱེན་མི་ལེགས་པ་བཟོས་ཡོད།

ད་ལྟའི་ཆར། བྱ་སྤྱོད་མི་ལེགས་པའི་མི4ཡི་ཁྲིམས་འགལ་བྱ་སྤྱོད་དེ་ངོས་ལེན་བྱས་ཡོད། མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ་པ་དང་དོན་ཚན་བཅུ་བདུན་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཀོའུ་ག་གེ་མོ་ལ་སྲིད་འཛིན་བཀག་གཉེར་གྱི་ཉེས་ཆད་ཉིན15ཡི་ཁྲིམས་ཆད་དང་ཙེ་ག་གེ་མོ། ཡུས་ག་གེ་མོ། མ་ག་གེ་མོ་སོ་སོར་ཉིན5ཡི་སྲིད་འཛིན་བཀག་གཉེར་གྱི་ཉེས་ཆད་བཅད། དེ་ལས་གཞན་མི་དམངས་ཉེན་རྟོག་མི་སྣས་འགྱིག་ཤོ་འཕྲུལ་ཆས་སོགས་ཁྲིམས་ལྟར་གཞུང་བཞེས་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།