རིམས་ནད་འགོག་སྲུང་སྐབས་ཀྱི་སྲིད་ཇུས་གསར་བ།

1.སྨན་བཅོས་མི་སྣའི་བྱ་བ་དང་ངལ་གསོའི་ཆ་རྐྱེན་ལ་ལེགས་བཅོས་བྱེད་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་སྨན་ཁང་ཉེ་འཁོར་གྱི་མགྲོན་ཁང་སོགས་སྨན་བཅོས་མི་སྣའི་ངལ་གསོ་བྱེད་ས་བྱས་ཏེ། རིམ་པ་དང་པོའི་སྨན་བཅོས་མི་སྣ་དག་ལ་མི་རེར་ཁང་བ་རེ་ངལ་གསོའི་ཆ་རྐྱེན་བསྐྲུན་དགོས་པ་མ་ཟད། གཞི་རྩའི་འཚོ་བའི་ཁྲོད་ཀྱི་བྱ་དངོས་མཁོ་སྤྲོད་སོགས་ལ་འགན་སྲུང་བྱེད་དགོས།

2.སྔོན་འགོག་ཚོད་འཛིན་དངོས་ཟོག་རིགས་མི་འདྲ་བ10ཡི་འགྲོ་སོང་སྲིད་གཞུང་གིས་གཏོང་དགོས།

ཁེ་ལས་ཀྱིས་ཐོན་སྐྱེད་མང་པོ་བྱེད་པའི་སྨན་བཅོས་སྔོན་འགོག་ཚོད་འཛིན་སྐོར་གྱི་དངོས་ཟོག་གལ་ཆེན་ཡོད་ཚད་ལ་སྲིད་གཞུང་གིས་འགྲོ་སོང་བཏང་སྟེ་ཉོ་བསྡུ་དང་གསོག་འཇོག་བྱེད་དགོས། སྲིད་གཞུང་གིས་ཉོ་བསྡུ་གསོག་འཇོག་བྱས་པའི་ཐོན་རྫས་སྐོར་དང་པོ་སྟེ། དེའི་ཁོངས་སུ་སྨན་བཅོས་མི་སྣའི་རིམས་འགོག་ལྭ་བ་དངN95སྨན་པའི་བེད་སྤྱོད་ཁ་ཐུམ། བཀར་འཇུག་ལྭ་བ། ཚོད་བཤེར་སྒམ་ཆུང་སོགས་འདུ།

3.ཁེ་ལས་འབྲིང་ཆུང་རྒྱ་བསྐྱེད་དེ་ལས་གནས་བརྟན་འཇགས་སུ་བཏང་སྟེ་ཁེ་ཕན་ཡོད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས།

མི30མན་གྱི་འགན་སྲུང་ལ་ཟབ་ཞུགས་བྱས་པའི་ཁེ་ལས་མི་སྣའི་ཁ་གྲངས་འགན་སྲུང་ལ་ཟབ་ཞུགས་པའི་ལས་བཟོ་པའི་སྤྱི་ཁ་གྲངས་ཀྱི་བརྒྱ་ཆའི20ལས་མི་བརྒལ་བ་དང་། ལས་ཤོར་འགན་སྲུང་ལ་རེ་འདུན་ཞུས་ནས་ལས་གནས་ཁྲོད་ཕྱིར་འོངས་བའི་སྲིད་ཇུས་ལག་བསྟར་བྱེད་དགོས། མི་སྒེར་ལ་ལས་གཏོད་འགན་སྲུང་བསྐྱིས་དངུལ་བཏང་ཆོག བསྐྱིལ་དངུལ་ལེན་མཁན་ནི་ཏོག་གསར་གློ་ཚད་ནད་པ་ཡིན་དགོས་ཤིང་། བསྐྱིས་དངུལ་ཕྱིར་སྤྲོད་རེ་འདུན་ཆེས་རིང་ན་ཡང་ལོ་གཅིག་ལས་བརྒལ་མི་རུང་ལ། དུས་ལྟར་བསྐྱིས་དངུལ་སྤྲོད་པའམ་མུ་མཐུད་དུ་སྐྱེད་ཀ་བྱིན་པས་ཀྱང་ཆོག

4.གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་དང་བྱ་དགའ་ལ་དཔྱ་ཁྲལ་མེད་པར་བཟོ་དགོས།

སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་ལས་རིམས་ནད་སྔོན་འགོག་སྐབས་ཀྱི་གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་དང་བྱ་དགའི་རིན་དངུལ་གྱི་མི་སྒེར་དཔྱ་ཁྲལ་མེད་པར་བཟོས་ཡོད། མི་སྒེར་ལ་ཐོབ་པའི་ལས་ཁུངས་ཀྱིས་གནང་བའི་ཏོག་དབྱིབས་གློ་ཚད་གསར་བའི་ནད་དུག་སྔོན་འགོག་གི་སྨན་བཅོས་འགོག་སྲུང་སོགས་ལ་མི་སྒེར་གྱི་དཔྱ་ཁྲལ་མེད་པར་བཟོས་ཡོད།

5.ཁེ་ལས་ཀྱིས་ལས་བཟོ་པ་དག་ལ་ཁ་ཐུམ་སོགས་རིམས་འགོག་ཐོན་རྫས་གནང་དགོས།

ཁེ་ལས་དག་གིས་དུག་སེལ་བཤེར་ཁུ་དང་ལུས་པོའི་དྲོད་གྲང་དཔྱད་ཆས་སོགས་དངོས་ཟོག་གྲ་སྒྲིག་བྱས་ཏེ། ལས་བཟོ་པ་དག་ལ་ཁ་ཐུམ་སོགས་རིམས་འགོག་དངོས་རྫས་གནང་ནས། ལས་བཟོ་པ་དག་གི་དོན་དངོས་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་གུང་གསེང་སྐབས་སུ་ངལ་གསོ་མ་ཐུབ་པའི་ལས་ཕོགས་རྩོལ་དངུལ་སོགས་ནི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ། ལག་བསྟར་དངོས་འབེབས་བྱེད་པ་མ་ཟད། དུས་ལྟར་དམིགས་གསལ་ཕན་བདེ་ཀྱི་རིན་དངུལ་གནང་དགོས།

6.སློབ་སྒྲུབ་བསྐྱིས་དངུལ་ལ་རིམས་འགོག་གི་ཤུགས་རྐྱེན་ཐེབས་མོད་དུས་འགྱངས་བྱས་ཆོག

རིམས་ནད་ཚོད་འཛིན་སྐབས་སུ་རིམས་ནད་ཀྱི་ཤུགས་རྐྱེན་འོག རྒྱུན་ལྡན་སྒོས་བསྐྱིས་དངུལ་རྩིས་སྤྲོད་མི་ཐུབ་པའི་རྒྱལ་ཁབ་ཀྱི་སློབ་སྒྲུབ་བསྐྱིས་དངུལ་བླངས་བའི་སློབ་མ་དག་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ལུགས་མཐུན་སྒོས་བསྐྱིས་དངུལ་རྩིས་སྤྲོད་བྱེད་པའི་དུས་ཡུན་ཕྱིར་འགྱངས་བྱས་ཆོག གལ་ཏེ་ཏོག་གསར་གློ་ཚད་ཀྱི་ནད་ཕོགས་པའི་དབང་གིས་བསྐྱིས་དངུལ་སྤྲོད་པའི་ནུས་པ་མེད་ན། ལས་སྒྲུབ་དངུལ་ཁང་དུ་སོང་སྟེ་གྲོས་བསྡུར་སྒོས་རོགས་སྐྱོར་བྱེད་དུ་བཅུག་ནས་རྩིས་སྤྲོད་བྱེད་འོས་པའི་མ་རྩ་དང་སྐྱེད་ཀ་ལ་ཚབ་སྤྲོད་བྱེད་པའི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།

7.དྲ་ལམ་ནས་ཁ་རྒྱུགས་ལེན་པ་དང་གན་རྒྱ་འཇོག་པ མིང་ཐོ་འགོད་པ་སོགས་ལ་སྐུལ་འདེད་བྱེད་དགོས།

མཐོ་སློབ་མཐར་ཕྱིན་སློབ་མ་དག་ལ་དམིགས་གསལ་ཞབས་ཞུ་དང་སྐུད་ལམ་གྱི་དོན་རྐྱེན་འགྲོ་ལུགས་རྒྱ་བསྐྱེད་པ། དྲ་ལམ་ནས་ཁ་རྒྱུགས་ལེན་པ་དང་དྲ་ལམ་ནས་གན་རྒྱ་འཇོག་པ། དྲ་ལམ་ནས་མིང་ཐོ་འགོད་པར་སྐུལ་འདེད་བྱས། མི་བཀོལ་ལས་ཁུངས་དག་གིས་སྣེ་ཁྲིད་འོག་ལུགས་མཐུན་སྒོས་ལས་བསྡུའི་དུས་ཡུན་རྒྱུན་བསྲིངས་པ་དང་ལུས་པོའི་བརྟག་དཔྱད་ཕྱིར་འགྱངས་བྱེད་པ། གན་རྒྱ་འཇོག་པ་དང་ལས་བསྡུ་ཕྱིར་འགྱངས་བྱས་ཆོག དེ་དང་ཆབས་ཅིག་དོན་གཉེར་ལས་ཁུངས་ཀྱི་དངོས་མཐོང་གནས་ཚུལ་དང་རྒྱལ་གཉེར་ཁེ་ལས། གཞི་རིམ་ཞབས་ཞུའི་ལས་གཞི་ལས་བསྡུའི་ཡིག་རྒྱུགས་དང་ཁ་རྒྱུགས་ལེན་པའི་གནས་ཚུལ་སོགས་སྙོམས་སྒྲིག་བྱེད་དགོས།

8.རང་སྣང་གང་འདོད་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་འགྲོ་འོངས་ལམ་སྣེ་བཀག་སྡོམ་བྱས་མི་ཆོག

རང་སྣང་གང་འདོད་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་འགྲོ་འོངས་ལམ་སྣེ་བཀག་སྡོམ་བྱས་མི་ཆོག ཞིང་ཆེན་ཕན་ཚུན་བར་གྱི་གཞུང་ལམ་གཙོ་བོ་གཅོད་པ་དང་བཙན་གྱིས་བཀར་འཇུག ཞིང་གྲོང་གི་གཞུང་ལམ་བརྐོས་ནས་གཅོད་པ་གཏན་འགོག འཕྲལ་བསྟུན་སྐྱེལ་འདྲེན་རླངས་ཤར་གཏོང་བྱེད་པར་འགོག་རྐྱེན་བཟོ་པ་གཏན་འགོག རང་སྣང་གང་འདོད་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ས་ཁུལ་དང་ལམ་ཁྲལ་བསྡུ་སའི་ས་ཚིགས། ཞིང་ཆེན་བསྣོལ་མཚམས། ཞིང་ཆེན་སོ་སོའི་མཚམས་ཀྱི་གཞུང་ལམ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་དག་ལ་རིམས་ནད་འགོག་སྲུང་གི་རིམས་ནད་དཔྱད་ཞིབ་ས་ཚིགས་དང་ཞིབ་བཤེར་ས་ཚུགས་འཛུགས་པ་གཏན་འགོག་བྱེད་དགོས།

9.སློབ་མ་དང་ཡུལ་སྐོར་བ་དག་གིས་ཟླ3ཚེས31ཉིན་གྱི་ཡར་སྔོན་དུ་ཉོས་པའི་གནམ་གྲུའི་པ་སེ་རིན་མེད་སྒོས་ཕྱིར་སློག་བྱས་ཆོག

ཟླ2ཚེས11ཉིན་གྱི་ཆུ་ཚོད0ཡར་སྔོན་དུ་ཟླ3ཚེས31ཉིན་གྱི་ཆུ་ཚོད224ཡར་སྔོན་དུ་མངགས་ཉོ་བྱས་པའི་གནམ་གྲུའི་པ་སེ་མངགས་ཉོ་བྱས་པའི་སློབ་མ་དང་ཡུལ་སྐོར་བ་དག་གིས་གནམ་གྲུ་དེ་མ་འཕུར་བའི་ཡར་སྔོན་དུ་སློབ་མའི་ཐོབ་ཐང་ལྟར་གནམ་གྲུའི་པ་སེ་ཕྱིར་སློག་བྱེད་པའམ་ཡང་ན་གནམ་གྲུའི་པ་སེ་དེ་ཟླ3ཚེས31ཉིན་གྱི་ཆུ་ཚོད24ཡི་ཡར་སྔོན་གྱི་གནམ་གྲུའི་པ་སེ་ལ་བསྒྱུར་ཆོག མཁའ་འགྲུལ་ཀུང་ཟི་དང་པ་སེ་ཕྱིར་འཚོང་ཚབ་སྒྲུབ་མི་སྣ་དག་གིས་དེར་འབྲེལ་འགྲོ་ལུགས་དག་རིན་མེད་སྒོས་བསྒྲུབ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།