མཚོ་ནུབ་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2020ལོའི་ཟླ2པའི་ཚེས9ཉིནགྱི་ཆུ་ཚོད0ནས24བར། མཚོ་ནུབ་ཁུལ་དུ་ནད་པར་འབྲེལ་འདྲིས་ཡོད་པའི་མི་གཅིག་ཀྱང་མེད་ལ། སྨན་བཅོས་ལྟ་ཞིབ་བྱེད་པའི་མི་ཡང་མེད། ཉིང་སྐྱུར་གྱི་ནད་ཐོག་སྨན་བཅོས་བྱས་པའི་མི3ཡོད། ནད་ཡམས་བརྟག་དཔྱད་ས་ཚིགས་སོ་སོས་མི4786ལ་ཞིབ་བཤེར་བྱས་ཤིང་། མི57ཕྱིར་ལོག་ཏུ་བཅུག སྡོད་ཁུལ་དང་སྡེ་བའི་ཁྱིམ་ཚང་དུ་སོང་ནས་མི69820ལ་གྲལ་བཤེར་བྱས་པ་རེད།

ཟླ2པའི་ཚེས9ཉིན་གྱི་ཆུ་ཚོད24བར། མཚོ་ནུབ་ཁུལ་དུ་བསྡོམས་པའི་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་གཅིག་ཀྱང་མེད་ལ། དོགས་ཡོད་ནད་པའང་མེད། འབྲེལ་འདྲིས་ཡོད་པའི་མི29ལ་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་ལ། མི23ལ་ནད་འགོས་མེད་པས་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག མི6མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད། དེའི་ཁྲོད་མི2སྨན་ཁང་དང་མི4རང་ཁྱིམ་དུ་བཀར་འཇུག་བྱས་ཏེ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནད་ཐོག་སྨན་བཅོས་ཀྱི་མ་དཔེ59ཡོད་ལ། དེའི་ཁྲོད་ཁུལ་རིམ་པའི་ཞིབ་དཔྱད་ཚད་ལེན་བྱས་པའི་མི51དང་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཚད་ལེན་བྱས་པའི་མི8ཡོད། ནད་ཡམས་བརྟག་དཔྱད་ས་ཚིགས་སོ་སོས་མི129156ལ་གྲལ་བཤེར་བྱས་པ་དང། མི1030ལ་ཕྱིར་ལོག་ཏུ་བཅུག སྡོད་ཁུལ་དང་སྡེ་བའི་ཁྱིམ་ཚང་དུ་སོང་ནས་མི169901ལ་གྲལ་བཤེར་བྱས་ཤིང་། དེའི་ཁྲོད་ཧུའུ་པེ་ནས་མཚོ་ནུབ་ཁུལ་དུ་ཡོང་མཁན་མི1481(ཝུའུ་ཧན་གྱི་མི705)ཡོད་པ་རེད།

མཚོ་ནུབ་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་སྒྲིག་བྱ་བའི་བཀོད་འདོམས་པུའུ་སྔོན་འགོག་ཚོགས་ཆུང་ནས།

2020ལོའི་ཟླ2པའི་ཚེས10ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།