སྒེར་གྱི་རླངས་འཁོར་ལ་ཇི་ལྟར་དུག་སེལ་བྱེད་དགོས་པ་ཤེས་སམ།

གྲོང་མིའི་རིམས་ནད་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏང་ཆེད། གྲོང་ཁྱེར་ལྗང་བསྒྱུར་ཅུས་ཀྱིས་སྒེར་གྱི་རླངས་འཁོར་གཙང་འཁྲུད་དུག་སེལ་དང་སྔོན་འགོག་གི་གྲོས་འགོ་གསེད་བཀྲོལ་བྱས་པ་སྟེ། ཆང་བཅུད75%གྲ་སྒྲིག་བྱས་ནས་རླངས་འཁོར་གྱི་ཕྱི་ནང་གཉིས་ཀའི་སྒོ་ཕྱེ་བྱེད་ཀྱི་ཡུ་བ་དང་འཁོར་སྒྲོམ་བར་མཐོངས་སོགས་རྒྱུན་དུ་རེག་ཐུག་བྱེད་བཞིན་པའི་གནས་ལ་དུག་སེལ་བྱེད་དགོས། རླངས་འཁོར་མ་བསྐྱོད་གོང་དང་ཕྱིར་ལོག་རྗེས་གཙང་འཁྲུད་དུག་སེལ་ཐེངས་རེ་བྱེད་དགོས་ལ། རླངས་འཁོར་གྱི་བདག་པོ་དང་རླངས་འཁོར་ལ་སྡོད་མཁན་ཚང་མས་ཁ་ཐུམ་རྒྱག་དགོས་པར་མ་ཟད། རླངས་འཁོར་ནས་བབས་མ་ཐག་ཏུ་ལག་པ་བཀྲུ་དགོས། གཤམ་དུ་དེའི་སྐོར་གྱི་རྒྱུན་ཤེས་འགར་བལྟ་བར་བྱ།

གཅིག ཐོག་མར་ཆང་བཅུད75%གྲ་སྒྲིག་བྱ་དགོས།

གཉིས། ཆང་བཅུད་དམ་བེ་ནང་དུ་ལྡུག་པའམ་ཡང་ན་ལག་ཕྱིས་དང་བརླན་ཤོག་གི་སྟེང་དུ་ལྡུག་དགོས།

གསུམ། རླངས་འཁོར་གྱི་སྒོ་ཕྱེ་བྱེད་ཀྱི་ཡུ་བ་དང་གཞུག་སྒམ་གྱི་ཁ་ཕྱེ་བྱེད་གཉིས་ཕྱིས་དགོས་པ་དང་། རླངས་འཁོར་གྱི་སྒོ་ཕྱེས་རྗེས། ནང་ཕྱོགས་ཀྱི་སྒོ་ཕྱེ་བྱེད་ཀྱི་ཡུ་བ་དང་འཁོར་སྒམ་གྱི་བར་སྟོང་། རླངས་འཁོར་ནང་གི་ལག་པའི་འཇུ་ས། དཀྱོག་འཁོར། རྐུབ་སྟེགས་སོགས་རྒྱུན་དུ་རེག་ཐུག་བྱེད་པའི་གནས་ལ་དུག་སེལ་བྱེད་དགོས།

བཞི། སྒོ་ཕྱེ་བྱེད་དང་དཀྱོག་འཁོར་གྱི་བར་སྟོང་དུ་དུག་སེལ་བྱེད་སྐབས་ཆང་བཅུད་འགོས་ཡོད་པའི་ལག་ཕྱིས་ཀྱིས་ཕྱིས་དགོས་ལ། འཁོར་སྒྲོམ་ནང་གི་རྐུབ་སྟེགས་དང་ལག་པའི་འཇུ་ས་སོགས་ཀྱི་བར་སྟོང་དུ་དུག་སེལ་ཆུ་གཏོར་ནས་དུག་སེལ་བྱེད་དགོས།

ལྔ། གཙང་འཁྲུད་དུག་སེལ་བྱས་རྗེས་རླངས་འཁོར་གྱི་སྒོ་བརྒྱབ་ནས་སྐར་མ30ཡན་དུ་བསྡད་རྗེས། རླངས་འཁོར་གྱི་སྒོ་དང་ཤེལ་སྒོ་ཕྱེ་སྟེ་འཁོར་སྒྲོམ་ནང་དུ་སྐར་མ10ཡས་ཙམ་ལ་རླུང་རྒྱུ་བར་བྱེད་དགོས།

དྲུག རིམས་ནད་ཁྱབ་པའི་སྐབས་སུ། རླངས་འཁོར་མ་བསྐྱོད་གོང་དང་ཕྱིར་ལོག་རྗེས་གཙང་སྦྲ་ཐེངས་རེར་བྱེད་དགོས་ལ། 75%ཡི་ཆང་བཅུད་བཀོལ་བ་ལས། 84དུག་སེལ་གཤེར་ཁུ་ལ་རུལ་བསླད་རང་བཞིན་ཅུང་ཆེ།

བདུན། རིམས་འགོག་གི་སྐབས་སུ། རླངས་འཁོར་བསྐོར་མཁན་དང་རླངས་འཁོར་ལ་སྡོད་མཁན་ཚང་མས་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་གྱི་བདག་པོ་རླངས་འཁོར་ལས་བབས་མ་ཐག་ཏུ་ལག་པ་བཀྲུ་དགོས།

གྲོང་མིས་རླངས་འཁོར་གཙང་འཁྲུད་དང་དུག་སེལ་བྱེད་སྐབས་ད་དུང་བདེ་འཇགས་ཀྱི་གནད་དོན་འདི་དག་ལ་དོ་སྣང་བྱ་དགོས། དཔེར་ན།

1.རང་ཉིད་ཀྱིས་ཁ་ཐུམ་དང་འགྱིག་གི་ལག་ཤུབས་གྱོན་པར་ཁག་ཐེག་བྱེད་དགོས།

2.ཆང་བཅུད་འབར་སླ་བས་མེ་ཁུངས་དང་རིང་དུ་གྱེས་དགོས།

3.བཀོལ་མ་ཚར་བའི་ཆང་བཅུད་རླངས་འཁོར་ནང་དུ་འཇོག་མི་རུང་།

4.དུག་སེལ་བྱེད་སྐབས་རླངས་འཁོར་གྱི་མེ་གསོད་དགོས་པར་མ་ཟད་གྲིབ་བསིལ་ཡོད་སར་བཀོལ་སྤྱོད་བྱེད་པར་དོ་སྣང་བྱ་དགོས།