རང་ཁྱིམ་དུ་ཏོག་དབྱིབས་གློ་ཚད་འགོས་པའི་ནད་པ་བྱུང་ན། དུག་སེལ་ཐབས་ལམ་གང་དག་སྤྱོད་འོས།

ནད་པར་རང་ཁྱིམ་ལས་བྲལ (སྨན་ཁང་དུ་སྡོད་པ་དང་ཚེ་ལས་འདས་པ། བཀར་འཇུག་བྱས་པ་སོགས)རྗེས། མཐའ་མཇུག་གི་དུག་སེལ་བྱ་དགོས། དུག་སེལ་བྱ་ཡུལ་ལ་སྡོད་ཁང་གི་ས་ངོས་དང་གྱང་ངོས། ཅོག་ཙེ་རྐུབ་སྟེགས་སོགས་ཁྱིམ་ཆས་ཀྱི་སྟེགས་ངོས་དང་སྒོ་ལུང་། དེ་མིན་ནད་པའི་གསོལ་ཆས་དང་གྱོན་ཆས། མལ་ཆས་སོགས་འཚོ་བའི་མཁོ་ཆས་དང་རྩེད་ཆས། སྤྱོད་ཁང་སོགས་འདུས། མཐའ་མཇུག་གི་དུག་སེལ་བྱ་བ་དེ་སྤྱིར་བཏང་དུ་ཆེད་ལས་མི་སྣས་སྒྲུབ་དགོས་པས། བྱེ་བྲག་ཏུ་རང་སའི་རིམས་ནད་སྔོན་འགོག་ལྟེ་གནས་ལ་འབྲེལ་གཏུག་བྱས་ཆོག ནད་པའི་ཁྱིམ་མི་གཞན་དག་ནད་དུག་འཕྲད་རེག་མྱོང་མཁན་ཡིན་པས། ངེས་པར་ཉིན14རིང་གི་གསོ་རིག་བརྟག་བཤེར་དུ་འདུག་དགོས།