《ཕ་ཝང་།》

ཀྱཻ་དང་པོ་རྫིའི་རྒྱལ་པོ་དང་། ངད་ཀྱི་རྒྱལ་མོ་གཉིས་འཚོལ་༼འཚོས༽་པ་ལ་། བུ་ནི་རྒོས་པོ་ཕ་ཝང་སྲིད་། ལྷ་མྱི་གཉིས་ལ་འདི་ཡོད་ན་། ཆི་བྱས་ཐམས་ཅད་ལོག་པར་བཤད། ལྷ་མི་གཉིས་ལ་འདི་ཡོད་ན་། ཆི་བྱས་ཐམས་ཅད་ལོག་བསམས་པ་གྲུབ་། བསམས་༼བསམ༽་པའི་དོན་རྣམས་ཡིད་བཞིན་གྲུབ་། ཕ་ཝང་རྒོས་པོ་ཡོད་པ་ཟེར་། ཕ་ཝང་རྒོས་པོ་རྩགས་གིས་གཟུང་། ཀོང་ཙེ་འཕྲུལ་རྒྱལ་ཕྱག་ཏུ་ཕུལ་། ཡང་རྩལ་ཆེ་བའི་སེམས་ཅན་ཅིག་།་ལྟའ་ན་ཀོང་ཙེ་སྐྱུག་རེ་གྲོག་༼བྲོ༽་། ལུས་ལ་ཕ་ཝང་མཚན་སྣ་ཚོགས་རྣམས་། ཁོག་ན་ཤེས་པ་སྣ་ལྔ་འདྲིན་། ལུས་ལ་ཤེས་པ་སྣ་ལྔ་ཡོད་། སྨྲས་པ་མིས་༼མིན༽་ས་གཅིག་ཀྱང་མེད་། གོང་ཙེ་ཞེས་པ་ཞལ་ནས་སྟོད་༼བསྟོད༽་། ཕ་ཝང་རྒོས་པོ་ཞལ་ན་རེ་། ང་མ་བུ་མ་བསད་མ་བཅད་དོ་། བསད་ནས་ཤི་ཁོག་སྐྱ་བོ་ཡིན་། ང་མ་བསད་པ་ལ་གཏིང་༼གཏོང༽་དང་ལྔ་ཡོད་། ལུས་ལ་ཡོན་ཏན་སྣ་ལྔ་ཡོད་། ཕ་ཝང་རྒོས་པོ་བརྔན་ནོ་སྐད་། ཕྱི་མ་བརྔན་པ་ཕན་པ་ན་། ཕ་ཝང་རྒོས་པོ་མ་སྔོན་༼རྔོན༽ན་། གནམ་ས་གཉིས་ཀྱང་སྟེང་འོག་འགྱུར་། འགྷོ་༼མགོ༽་ནག་མྱི་ལ་ན་ཚ་ཡོད་། སེམས་ཅན་ཕྱུགས་ལ་གོད་ཁ་ཡོད་། གནམ་ལས་ཆར་ཆུ་འབབ་མི་ཉན་། ས་ལེ་རྩི་གཏོ་༼ཏོག༽འཁྲུང་༼འཁྲུངས༽་མི་ཉན་། འབྲུས་ཕྲུག་༼འབྲུ་དྲུག༽་ལོ་ཏོག་སྐྱེས་མི་ཉན་། བསོ་༼གསོ༽བའི་བེ་ལུག་འཕེལ་མི་ཉན་། དབང་ཐང་བུ་ཙ་སྐྱེ་མི་ཉན་།་ཚ་༼ཆུ༽་བོ་བཞུང་བཞིན་བབས་མི་ཉན་། རྟ་ནོར་ལུག་གསུམ་འཕེལ་མི་ཉན་། མགོན་པོ་གྲོག་དང་སྤྱོད་མི་ཉན་། དམག་གཡག་དགྲ་སྲང་འདུལ་ཐབ་༼ཐབས༽་མེད་། ས་སྐོས་༼རྐོས༽་མཁར་ལས་བྱས་མི་ཉན་། ཤི་བ་ལྷ་དང་འཕྲད་མི་ཉན་། དེ་བས་ཕ་ཝང་བརྔན་ནོ་སྐད། འཕྲས་གིས་བྱེད་ལུག་གཡག་གསུམ་གིས་། བདུད་རྩི་ཞིམ་དགུ་མངར་བཅུད་འདི་། ཕ་ཝང་རྒོས་པོ་བརྔན་འཚལ་ལོ་། གོང་ཙེ་རྒྱལ་བོ་འདི་སྐད་གསུང་། སེམས་ཅན་ཁྱོད་ཀྱི་ལུས་སྟེང་ལ་། ལྟས་ངན་སྣ་ལྔ་སྣང་བ་ཟེར་། མི་ལུས་བྱ་ཡི་མགོ་བོ་ཅན་། མི་སྐྱེས་པའི་ལྟས་ངན་གཅིག་། བྱ་ཤོག་༼གཤོག༽་བྱི་བའི་སྡེར་མོ་ཅན་། མི་སྐྱེས་པའི་ལྟས་ངན་གཉིས་། འདབ་ཆགས་ལུས་ལ་འཆི་བར་ན་། མི་སྐྱེས་པའི་ལྟས་ངན་གསུམ་།་བརྡོས་ཕྲ་བོ་ཤོག་༼གཤོག༽་པའི་སྡེར་མ་ཅན་།་མི་སྐྱེས་པའི་ལྟས་ངན་བཞི་། ཡར་ཆུ་ཤོག་རེ་འདུག་པ་དེ་། མི་སྐྱེས་པའི་ལྟས་ངན་ལྔ་། རྣ་བ་༼༢༨༽་ཧེད་གིས་འདུག་པ་དེ་། མི་སྐྱེས་པའི་ལྟས་ངན་དྲུག་། ལུས་ཆུང་ལ་ཁ་རྩས་ཆེ་། མི་སྐྱེས་པའི་ལྟས་ངན་བདུན་། ཤེས་པ་ཆེ་ལ་རྣ་བ་རིང་། མི་སྐྱེས་པའི་ལྟས་ངན་བརྒྱད་། བྱོལ་སོང་ལུས་ལ་མི་སྐད་སྨྲས་། མི་སྐྱེས་པའི་ལྟས་ངན་དགུ་། ལུས་པོ་ཆུང་ལ་གཉེར་མ་མོང་༼མང༽་། ལྟས་ངན་རྣམ་པར་སྣ་ཚོགས་དེ་།་སེམས་ཅན་ཁྱོད་ལས་ཚང་གཉིས་འདུག་། ལྷ་མི་གཉིས་གིས་༼ཀྱིས༽་འཕྲིན་པ་བྱེད་།་མི་དང་ལྷ་རུ་འདུག་པ་གཉིས་། དེ་སྐད་ཡིན་ནས་གསུང་པ་དེ་།

ཕ་ཝང་རྒོས་པའི་ཞལ་ན་རེ་། ཡ་མཚན་ཆེ་བའི་ལུས་པོ་ལ་། ཡོན་ཏན་སྣ་དགུ་ཡོད་པ་ཡིན་། འཕྲུལ་རྒྱལ་ཀོང་ཙེ་ང་ལ་ཉོན་།་བྱེའི་་ཡི་ཤོག་༼གཤོག༽་པ་འདུག་པ་དེ་།

ཕ་ཐང་དཀར་རྒོད་པོའི་བུ་ཡིན་པ་།་བྱའི་ལུས་པོར་འདུག་པ་དེ་། མ་བྱི་ལོང་སྔོན་པོ་བུ་ཡིན་པ་། དེའི་ཡོད་ཏན་དེའི་ཟེར་། མང་ན་སྟོང་བ་འགོ་བོ་དེ་། མ་བཞི་བུ་ལ་ཡོདཔ་ཡིན་། དེའི་ཡོད་ཏན་དེའི་ཟེར་། ཤོག་༼གཤོག༽་པ་སྡེར་མོ་ཡོད་པ་དེ་། ངན་སོང་གནས་ནས་འདྲེན་པའི་རྟག་༼རྟགས༽་། དེའི་ཡོད་ཏན་དེའི་ཟེར་། ལུས་པོ་ཆུང་ལ་སྙིང་མ་མང་། ཉོན་མོངས་སྡུག་བསྔལ་སེལ་བའི་རྟགས་། དེའི་ཡོད་ཏན་དེའི་ཟེར་། ཁ་ཆེན་ཆེ་བ་འདུག་པ་དེ་། འགྲོན་པོ་གཉེར་ལས་ཆགས་པ་ཡིན་། དེའི་ཡོད་ཏན་དེའི་ཟེར། ཡར་ཆུ་༼མཆུ༽་ཤོག་རེ་འདེག་པ་དེ་། ཐབས་དང་ཤེས་རབ་ལྡན་བའི་རྟགས་། དེའི་ཡོད་ཏན་དེའི་ཟེར་། རྣ་བ་ཧེད་གིས་འདུག་པ་དེ་། སྣང་སྲིད་དྲ་ལ་རྣོན་པའི་རྟགས་། དེའི་ཡོན་ཏན་དེའི་ཟེར་། རྣ་བ་སྲེས་ཚུག་འདུག་པ་དེ་། བདེན་པ་ཤག་གི་ཐུབ་པའི་རྟག་༼རྟགས༽་། དེའི་ཡོད་ཏན་དེའི་ཟེར་། བྱོན་སོང་ལུས་པོ་འདུག་པ་དེ་། སྤུན་ལྔ་འགྲོན་པོ་བྱེད་པའི་རྟག་། དེའི་ཡོད་ཏན་དེའི་ཟེར་།

བསོ་མ་ས་ང་ཚོན་ཆེའི་བུ་། བནོན་ན་ས་བཅུ་ཟིལ་གྱིས་གནོན་། བཤིག་ནས་རྡོ་རྗེ་བྲག་ཀྱང་བཞིག་། སྐུས་ནས་འཆི་མེད་བདུད་རྩི་སྐུས་། ཕ་ཝང་ཤག་གི་མི་ཐུབ་ན་། བརྔན་ནོ་གསེར་དང་གཡུའི་བརྔན་། མཆོད་ནས་དུང་འབྲས་གིས་མཆོད་། ཡོན་བདག་འདིའི་མགོན་སྐྱབས་མཛོད་། སྲིའུ་འདིའི་དམུ་དག་གཟུང་གཟུང་། ཇག་འགྲོ་རྣམས་ཀྱི་རྫིའུ་གྱི་། སྡང་བའི་དགྲ་ལ་བྱད་སྣ་དྲོང་། ཕ་ཝང་ཡར་ཆུ་༼མཆུ༽་རྡོ་རྗེ་སོ་བ་འདྲ་། བནདེ་བྱད་ཁ་ཕྱིར་ལ་ཟློག་། བརྔན་ནོ་གསེར་དང་གཡུའི་བརྔན་། ཕ་ཝང་རྒོས་པོ་དགུང་སྔོན་འདྲ་། གནམ་གི་ཐོག་སེར་ཡོང་བ་ཟློག་།ཕ་ཝང་སྤྱན་དམྱིག་ཉི་མ་འདྲ་། གློག་མདྷར་དམར་པོ་ཡོང་འདྲ་ཟློག་། ཕ་ཝང་སྣ་ནི་རྒྱལ་མཚན་འདྲ་།་རྒྱལ་བོ་་ཡོད་པ་ཟློག་། ཕ་ཝང་སོ་ནི་རྩང་ཕུར་འདྲ་།་འཆི་བདག་བདུད་གི་བར་ཆད་ཟློག་། ཕ་ཝང་ལག་པགས་གསེར་ཐུར་འདྲ་། བདུད་དམག་གི་ཕྱག་ཆ་ངན་པ་ཟློག་། ཕ་ཝང་ཤོག་༼གཤོག༽་པ་ནལ་བ་འདྲ་། བདུད་གིས་བདུད་བཙན་ཕྲོས་པ་ཟློག་། ཕ་ཝང་སྡེར་མོ་ལྕགས་ཀྱུ་འདྲ་། བདུད་གིས་ཤན་པ་ཡོང་བ་ཟློག་། ཕ་ཝང་གཤོག་པ་སྡེར་མོ་འདྲ་། སྐྱ་བོ་རལ་ཡུལ་ཡོང་བ་ཟློག་།་ཕ་ཝང་ཤོག་༼གཤོག༽་རུ་རྒོད་ཤོག་༼ཤོག༽་འདྲ་། ཕ་ཝང་བརྔན་པ་བན་བྱད་ཟློག་། ཕ་ཝང་བརྔན་པ་བོན་བྱེད་༼བྱད༽་ཟློག་། ཕ་ཝང་བརྔན་པ་ནད་ཡོང་ཟློག་། ཕ་ཝང་བརྔན་པ་རིམ་ཡམ་༼རིམས་ཡམས༽་ཟློག་། ཕ་ཝང་བརྔན་པ་ཕྱུག་ནད་ཟློག་། ཕ་ཝང་བརྔན་པ་རྟ་ནད་ཟློག་། ཕ་ཝང་བརྔན་པ་ནོར་ནད་ཟློག་། ཕ་ཝང་བརྔན་པ་ར་ནད་ཟློག་། ཕ་ཝང་བརྔན་པ་ལུག་ནད་ཟློག་། ཕ་ཝང་བརྔན་པས་ཚེ་སྲོག་འཚོས་། ཕ་ཝང་བརྔན་པ་དགྲ་སྣ་སྒྱུར་། ཕ་ཝང་བརྔན་པ་གྱོད་སྣ་སྒྱུར་། ཕ་ཝང་བརྔན་པ་ཡུལ་ཁམས་སྲུང་། ཕ་ཝང་བརྔན་པ་འགྲོན་པོ་འཚོའ་། ཕ་ཝང་བརྔན་པ་ཡོན་ཏན་སྲུང་། ཕ་ཝང་བརྔན་པའི་ཡོན་ཏན་གིས་། འགོན་པོ་གསེས་ལ་འགྲོ་བ་དང་། བུད་མེད་ཡུལ་དུ་འདུག་པ་དང་། བེ་ལུག་ཟན་ལ་སྐྱོང་བ་དང་། ཕ་འགྲོ་རྣམས་ཀྱི་སྐྱེལ་གྱིས་། ཚུར་ཡོང་རྣམས་ཀྱི་བསུས་མ་གྱིས་། བརྔན་ནོ་གསེར་དུང་གཡུའི་བརྔན་། མཆོད་མཆོད་ནས་དང་འབྲས་ཀྱིས་མཆོད་། བདུད་རྩི་ཕུད་གིས་བརྔན་ཡོན་འབུལ་། ཀྱཻར་ཕ་ཝང་ཁ་ཤར་དུ་བསྟན་པ་ཡི་། ཤར་ཕྱོགས་བན་བྱད་བོན་བྱད་ཟློག་། དགྲ་སྣ་གྱོད་སྣ་ཡོང་བ་ཟློག་། ཕ་ཝང་བརྔན་པ་ཕྱིར་ལ་ཟློག་། ཕ་ཝང་ཁ་ནུབདུ་བསྟན་པ་ཡི་། ནུབ་ཕྱོགས་བན་བྱད་བོན་བྱད་ཟློག་། ཕ་ཝང་ཁ་བྱང་དུ་བསྟན་པ་ཡི་། བྱང་ཕྱོགས་བན་བྱད་བོན་བྱད་ཟློག་། དགྲ་སྣ་གྱོད་སྣ་ཡོང་བ་ཟློག་། ཕ་ཝང་བརྔན་པའི་ཡོན་ཏན་གྱིས་། ཕ་ཝང་ཁ་སྟེང་དུ་བསྟན་པ་ཡི་། སྟེང་ཕྱོགས་གིས་ཐོག་སེར་ཡོང་བ་ཟློག་། ཕ་ཝང་ཁ་འོག་དུ་བསྟན་པ་ཡི་། ས་བདག་ཀླུ་ཆེན་གནོད་པ་ཟློག་།

སྲིད་པའི་གཟུ་བོ་གསས་རྡོའ་དང་། སྲིད་པའི་སྤྲེལ་དཀར་གསེར་མགོ་དང་། ཕ་ཝང་རྒོ་པོ་དེ་དང་གསུམ་། དེ་གསུམ་སྲིད་པའི་གཟུ་བོ་ཡིན་། གཟུ་བོ་ཡིན་པས་གཟུ་མཛོད་ཅིག་། བརྔན་ཡོན་ཚངས་བ་ཁྱེད་ལ་འབུལ་། ཁྱེད་ཀྱི་འཕྲིན་ལས་མ་བཅོད་ཅིག་། རྒྱུ་སྦྱོརཡོན་གྱི་བདག་པོའོ་། ནད་པ་ཡོད་ན་གསོས་པ་གྱིས་། སྲིའུ་ཡོད་ན་ཚེ་རྫི་མཛོད་། རྒུས་མ་རྣམས་ཀྱི་སུར་མ་་གྱིས་། རྟ་ནོར་ལུག་གསུམ་ཚེ་རྫི་གྱིས་། ངབོན་པོ་བདག་གིས་འགོན་༼མགོན༽་སྐྱོབས་མཛོད་། ཚར་རོ་།