ཞིང་ལས་བཅོས་སྒྱུར་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་གིས་སྐབས་བསྟུན་བསྐྱིས་དངུལ་སྒོར་ཁྲི1500བཏང་སྟེ་ཁེ་ལས་ཀྱི་རིམས་འགོག་དངོས་ཟོག་ཉོ་བསྡུ་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ2ཚེས4ཉིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་གིས་རིམས་འགོག་གནས་ཚུལ་ཐད་ལ་མ་དངུལ་སྒོར་ཁྲི1500བསྐྱིས་ནས། མཚོ་སྔོན་ཧྥུ་ཁང་སྨན་རྫས་མཐུད་སྦྲེལ་ཚད་ཡོད་ཀུང་ཟི་ཡིས་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་གི་གློ་ཚད་རིམས་འགོག་ཚོད་འཛིན་གྱི་བྱ་དངོས་ལ་འགན་སྲུང་བྱས་པ་རེད། ཐེངས་འདིའི་བསྐྱིས་དངུལ་གཙོ་བོ་དེའི་ཡོང་འབབ་ནི་ཁ་ཐུམ་དང་ལུས་སྲུང་ལྭ་བ། ནད་འགོག་མིག་ཤེལ། དུག་སེལ་གཤེར་ཁུ། སྨན་རྫས་སོགས་དུག་འགོག་དངོས་ཟོག་ཉོ་སྤྱད་བྱས།

ཏོག་དབྱིབས་གསར་བའི་ནད་དུག་གི་གློ་ཚད་རིམས་ནད་གནས་ཚུལ་བྱུང་རྗེས། ཞིང་ལས་འཕེལ་རྒྱས་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་གིས་མགྱོགས་མྱུར་སྒོས་ལས་འགུལ་སྤེལ་ནས། ལས་བཟོ་པ་དག་གིས་རིམས་འགོག་བྱ་བ་དམ་པོར་སྒྲུབ་པ་དང་ཆབས་ཅིག སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། འགྲོ་ལུགས་སྟབས་བདེའི་བསྐྱིས་དངུལ་གཏོང་བ་དང་ཆབས་ཅིག ཁྲིམས་མཐུན་ལུགས་མཐུན་འོག་ཉེན་ཁ་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་གང་ཡོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བསྐྱིལ་དངུལ་དགོས་མཁོ་གང་ལེགས་ཀྱིས་སྒྲུབ། ཞིང་ལས་བཅོས་སྒྱུར་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་གིས་མགྱོགས་མྱུར་སྒོས་སྐབས་བསྟུན་བསྐྱིས་དངུལ་གྱི་སྒྲིག་གཞི་གསར་འཛུགས་བྱས་ཤིང་། རང་འགུལ་སྒོས་ཞིང་ཆེན་བཟོ་ལས་ཡིད་རྟོན་ཐིན་གྱིས་གཏན་ཁེལ་བྱས་པའི་རིམས་ནད་སྔོན་འགོག་དངོས་ཟོག་སྒྲིག་ཆས་ཀྱི་སྨན་བཅོས་ཁེ་ལས་དང་ས་གནས་ཀྱི་སྨན་བཅོས་རྒྱུ་ཆ། སྨན་རྫས་ཉོ་འཚོང་སོགས་སྒྲིག་གཞི་གལ་ཆེན4ལ་མཉམ་འབྲེལ་གྱིས་སྐབས་བསྟུན་མ་དངུལ་གྱི་དགོས་མཁོ་བསྐངས་ཏེ། ནུས་ཤུགས་གང་ཡོད་སྒོས་སྤྱི་ཚོགས་ལས་རིགས་སོ་སོའི་གློ་ཚད་རིམས་འགོག་གནས་ཚུལ་ལ་རྒྱབ་སྐྱོར་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།