རང་ཞིང་གི་སྤྱི་ཚོགས་རྩ་འཛུགས་ཀྱིས་རང་སྟེང་གི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབས་པ།

རང་རེའི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་ཀྱི་གློ་ཚད་རིམས་ནད་སྔོན་འགོག་བྱ་བ་སྤེལ་བ་ནས་བཟུང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཧུར་ཐག་སྒོས་རང་ཞིང་གི་སྤྱི་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་གི་རིམ་བསྟར་མཛུབ་སྟོན་དགོངས་དོན་དང་ཞི། ང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། སྤྱི་ཚོགས་རྩ་འཛུགས་ཀྱི་ལས་རིགས་གང་དེའི་ལེགས་ཆ་འདོན་སྤེལ་སྒོས་ཡོངས་ཁྱབ་ཀྱི་བྱེད་ནུས་ལ་མཐུད་སྦྲེལ་དང་སྤྱི། ་ཚོགས་རྩ་འཛུགས་དག་གིས་རིམས་ནད་སྔོན་འགོག་བྱ་བའི་ཁྲོད་དུ་བྱེད་ནུས་ཐོན་ཐུབ་པར་བྱས་ཡོད།

སྤྱི་ཚོགས་རྩ་འཛུགས་སོ་སོས་སྲིད་གཞུང་གི་འབོད་སྐད་དང་དུ་བླངས་ཏེ། སྔ་གཞུག་ཏུ་སྤྱི་ཚོགས་ཀྱི་རྩ་འཛུགས་བརྒྱ་ཕྲག་ལྷག་བྱེད་སྒོའི་ཁྲོད་ཞུགས་སུ་བཅུག བྱེད་ཐབས་མི་འདྲ་བ་ལ་བརྟེན་ནས་སྤྱི་ཚོགས་དང་ཁོངས་མི་ཡོད་ཚད་ཀྱིས་བསམ་འཆར་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་འབོད་སྐད་དྲིལ་སྒྲོག་དང་རིམས་འགོག་ཚོད་འཛིན་གྱི་རེ་འདུན་དངོས་འབེབས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཟབ་ཞུགས་བྱས། མཚོ་སྔོན་ཞིང་ཆེན་གྱི་ཀན་སུའུ་ཚོང་ཚོགས་ཀྱིས་དུས་ལྟར་རིམས་འགོག་ཚོད་འཛིན་སྒྲིག་ཆས་དང་། སྨན་རྫས་ཐོན་སྐྱེད་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཁོངས་མི་དག་གི་ཁེ་ལས་རྩ་འཛུགས་བྱ་བའི་སྟོབས་ཤུགས་ལ་བརྟེན་ནས་ལས་སྣོན་བྱས་ཏེ་ཐོན་རྫས་འདྲ་མིན་དག་ཐོན་སྐྱེད་བྱས། དུས་ལྟར་དངོས་ཟོག་གི་ཐོན་ཁུངས་མི་འདང་ས་ཁ་གསབ་དང་ཐོན་རྫས་ཀྱི་མཁོ་སྤྲོད་ལ་འགན་སྲུང་ཁག་ཐེག་བྱས། མཚོ་སྔོན་ཞིང་ཆེན་བཟའ་འབྲུའི་ལས་རིགས་མཐུན་ཚོགས་ཀྱིས་ཁོངས་མི་ལས་ཁུངས་དག་གིས་རིན་གོང་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་སྲོལ་བརྩི་སྲུང་ནན་མོ་བྱས་ཏེ་དོན་དངོས་ལ་བརྟེན་ནས་ལས་རིགས་ཀྱི་རང་ནུས་འདོན་སྤེལ་གང་ལེགས་བྱས། མཚོ་སྔོན་ཞིང་ཆེན་གསོ་རིག་རིག་གཞུང་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་གསོ་བ་རིག་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་སྨན་ཁང་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་བཀྲམ་པ་དང་རིགས་སོ་སོའི་རིག་གཞུང་གི་གྲོས་ཚོགས་དག་མེད་པར་བཏང་། དེའི་མི་ཚད་སྨན་བཅོས་མི་སྣ་དང་ཡན་ལག་ཁང་སོ་སོའི་རང་ནུས་ཡོད་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པའི་རེ་འདུན་བླང་བྱ་བཏོན་ཡོད།

སྤྱི་ཚོགས་རྩ་འཛུགས་མི་འདྲ་བ་དག་གིས་ཧུར་ཐག་སྒོས་གནས་གཅིག་ཏུ་དཀའ་ཁག་ཡོད་ཚེ། ཕྱོགས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི་བརྩེ་སེམས་དྲོན་མོ་འདོན་སྤེལ་གང་ལེགས་སྒོས། མ་དངུལ་དང་དངོས་ཟོག་གི་ཞལ་འདེབས་ཕུལ་སྟེ་དོན་དངོས་གནས་ཚུལ་ལ་བརྟེན་ནས་རིམས་ནད་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབས། མཚོ་སྔོན་ཞིང་ཆེན་ཀྲེ་ཅང་ཚོང་ཚོགས་ཀྱིས་ཕྱོགས་མང་པོར་འབྲེལ་གཏུག་བྱེད་པའི་ཐབས་ལམ་ལ་བརྟེན་ནས84དུག་སེལ་གཤེར་ཁུ་དམ་བུ2400དངN95ཁ་ཐུམ5000ཉོ་བསྡུ་བྱས་ཤིང་། སྤྱིའི་རིན་གོང་སྒོར25800ལ་བུད། དེ་དག་སོ་སོ་ཟླ1ཚེས27ཉིན་དང་ཟླ1ཚེས31ཉིན་གཉིས་ལ་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཚོ་སྔོན་མཚོ་ནུབ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞལ་འདེབས་སུ་ཕུལ། ཁོངས་མིའི་ཁེ་ལས་དག་འཕྲོ་རིམ་འཕྲོར་རིམས་ནད་སྔོན་འགོག་ཚོད་འཛིན་དངོས་ཟོག་གི་ཞལ་འདེབས་བྱ་བའི་ཁྲོད་ཞུགས། ད་ལྟའི་བར་ཁྱོན་བསྡོམས་ཞལ་འདེབས་སུ་ཕུལ་བའི་དངོས་ཟོག་གི་རིན་ཐང་སྒོར་ཁྲི30ལྷག་ལ་བུད་ཡོད། མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་མཐུན་ཚོགས་ལ་མཉམ་འབྲེལ་སྒོས་ཐུན་མོང་འོག དཀའ་སྡུག་མཉམ་མྱོང་དང་དཀའ་ཁག་མཉམ་སེལ་གྱི་སྐབས་བསྟུན་རོགས་སྐྱོར་བྱ་འགུལ་སྤེལ་ཏེ། ཁྱོན་བསྡོམས་ཞལ་འདེབས་རིན་དངུལ་སྒོར204987.66ལ་བུད་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།