སྐུ་འབུམ་བྱམས་པ་གླིང་གི་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་མེ་ཏོག་མཆོད་མཇལ་སྐོར་གྱི་བརྡ་ཁྱབ།

ཏང་ཀྲུང་དབྱང་གི“ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི”འབོད་སྐུལ་ལ་དང་ལེན་ཧུར་ཐག་དང་། མཉམ་འགོག་མཉམ་བཅོས་བྱ་བ་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུའི་གཞོགས་འདེགས་བྱེད་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་འབྲེལ་ཡོད་བླང་བྱ་དང་། དེ་བཞིན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་གྲོས་འགོའི་དགོངས་དོན་ལ་བརྩི་སྲུང་ཞུས་ནས། སྐུ་འབུམ་བྱམས་པ་གླིང་དོ་དམ་ལྷན་ཚོགས་ཀྱིས་ད་ལོའི་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་མེ་ཏོག་མཇལ་གྱི་ཆོ་ག་མི་སྤེལ་རྒྱུ་བྱས་འདུག 

དེ་དོན་ཆེད་དུ་ཁྱབ་སྒྲོག་བྱས་པ་ཡིན།

སྐུ་འབུམ་བྱམས་པ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་།

2020ལོའི་ཟླ2པའི་ཚེས4ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།