རང་ཞིང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་གནས་ཚུལ་གསར་པ།

2020ལོའི་ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད0-24བར། རང་ཞིང་དུ་ཏོག་དབྱིབས་གློ་ཚད་འགོས་པའི་ནད་པ2ཀྱིས་ཇེ་མང་དུ་སོང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་མེད། འདས་པའི་ནད་དཔེ་ཡང་མེད། སྨན་ཁང་ནས་བུད་པའི་ནད་པ་མེད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ2ཀྱིས་ཇེ་མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་ཁུལ་གཞན་དག་ལ་ནད་རྟགས་ཡར་ཞུ་མེད་པ་རེད།

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད24བར། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་ཟིན་པའི་ནད་པ17ཡོད་པའི་ནང་ནད་གཞི་ལྕི་མོ་ཕོག་པའི་ནད་པ1། ཚེ་ལས་འདས་པ་མེད། སྨན་ཁང་ནས་བུད་པའི་ནད་པ་མེད། གློ་ཚད་འགོས་ཟིན་གཏན་འཁེལ་བྱས་པའི་ཁྲོད། ཟི་ལིང་གྲོང་ཁྱེར་དུ་ནད་པ14དང་མཚོ་བྱང་ཁུལ་དུ་ནད་པ3བྱུང་འདུག

ད་ལྟའི་ཆར། འབྲེལ་བ་ཟབ་པའི་མི331ཡོད་ཅིང་། དེའི་ནང་ཉིན་དེར་མི7ལ་རིམས་ནད་འགོས་མེད་པའི་ཐད་བཅད་ཅིང་། མི324ལ་ད་དུང་ནད་བརྟག་བྱེད་བཞིན་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།