ཏོག་དབྱིབས་ནད་དུག་གསར་བ་འགོས་པར་ནད་རྟགས་གང་དག་འདུག

ཏོག་དབྱིབས་ནད་དུག་གསར་བ་འགོས་པར། ཚ་རྒྱས་པ་དང་ལུས་སྟོབས་མེད་པ། སྐམ་ལུ། རིམ་བཞིན་དབུགས་ལེན་པར་དཀའ་བ་བཅས་ཡོད། ནད་པ་ཁ་ཅིག་ལ་ནད་རྟགས་ཡང་སྟེ། ཚ་རྒྱག་པ་ཙམ་མོ།། ཚབས་ཆེན་ཅན་ལ་བྲེལ་མྱུར་ཆེ་བའི་དབུགས་སྔངས་ལེན་གྱི་ཕྱོགས་འདུས་ནད་དང་། ནད་ཀྱིས་དབུགས་ཆད་པ། བཅོས་དཀའི་སྐྱུར་དུག་ཕོག་པ། ཁྲག་རྒྱུན་འཁོར་སྐྱོད་ལ་བཀག་འགོག་ཐེབས་པ་སོགས་ལྡན། དེང་སྐབས་གསོ་བཅོས་བྱེད་བཞིན་པའི་གནས་ཚུལ་ལ་བལྟས་ན། ནད་པ་མང་ཆེ་བ་ཞིག་རིམ་བཞིན་དྲག་སྐྱེད་བྱུང་ཞིང་། ནད་པ་ཉུང་ཤས་ཤིག་ནི་ནད་བབ་ཇེ་ལྕི་རུ་གྱུར་ཏེ་འཆི་བར་འགྱུར་བ་ཡིན།

གོང་གསལ་གྱི་ནད་རྟགས་དེ་དག་ལས་གཞན། ད་དུང”དཔེ་མཚོན་མིན་པ་ཅན”ཡང་ཡོད་དེ། དཔེར་ན།

1.འཇུ་བྱེད་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། ཡི་ག་ཅུང་ཇེ་ཞན་དུ་སོང་བ་དང་།ཐང་ཆད་པ། རྣམ་རིག་གྲུང་བོ་མེད་པ། ཞེ་མེར་བ་དང་སྐྱུག་པ། བཤལ་བ་སོགས་མཆིས།

2.དབང་རྩའི་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། མགོ་ན་བ་ལྟ་བུ།

3.ཁྲག་རྩའི་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། སེམས་འཚབ་པ་དང་། དང་ག་མི་བདེ་བ་ལྟ་བུ།

4.མིག་ནད་ཚན་ཁག་གི་ནད་རྟགས་གཙོ་བོའི་སྣང་ཚུལ་ལ། མིག་སྐྱིའི་གཉན་ཚད་ལྟ་བུ།

5.རྐང་ལག་བཞི་དང་སྒལ་བའི་ཤ་གནད་ཅུང་ཟད་ན་བ།