རང་ཞིང་དུ་དྲ་རྒྱའི་སྟེང་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་བྱུང་མེད།

རང་རེའི་དྲ་བའི་འཕྲིན། གོམ་གང་མདུན་སྤོས་སྒོས་ཏོག་དབྱིབས་ནད་དུག་་གསར་བའི་འགོས་ནད་ཀྱི་གློ་ཚད་རིམས་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། འགོས་ནད་ཀྱི་འགོ་ཁུངས་དང་ཁྱབ་སྤེལ་གྱི་བརྒྱུད་ལམ་གཙོ་བོ་དེ་མཚམས་གཅོད་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་བྱེད་ཐབས་སྣ་མང་ལག་བསྟར་བྱས་ཤིང་། གློག་རྡུལ་ཚོང་དོན་སྟེགས་བུར་བརྟེན་ནས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་ལྟ་རྟོག་ཚད་ལེན་དཔྱད་ཞིབ་བྱས་ཏེ། སྟེགས་བུ་གཙོ་བོའི་འགན་འཁྲི་དེ་རྩ་བ་ནས་ལེགས་བཅོས་གང་ལེགས་སྒོས་རང་ཞིང་གི་དྲ་རྒྱའི་ཉོ་འཚོང་ཁྲོམ་རའི་ཁོར་ཡུག་དེ་མུ་མཐུད་དུ་གཙང་སེལ་ལེགས་པོ་བྱས་ཡོད།

རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་སྤྱི་ཁྱབ་བདག་དོམ་ཅུའུ་དང་ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་ནགས་རྩྭ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་པར་བསྐྲུན་འགྲེམས་སྤེལ་བྱས་པའི《རི་སྐྱེས་སྲོག་ཆགས་ཀྱི་ཉོ་འཚོང་གཏན་འགོག་བྱེད་པའི་སྤྱི་བསྒྲགས》ཞེས་པའི་རེ་འདུན་ལྟར། ཞིང་ཆེན་ཧྲིལ་བོའི་རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་བདག་དོམ་དག་གིས་དུས་ལྟར་དྲ་རྒྱའི་ཁྲོམ་རའི་ལྟ་སྐུལ་བྱ་བ་ལེགས་པོར་བསྒྲུབས་པ་དང་། རང་གི་ཁོངས་གཏོགས་དྲ་རྒྱའི་ཉོ་འཚོང་སྟེགས་བུ་བརྒྱུད་དེ་རི་སྐྱེས་སྲོག་ཆགས་ཉོ་འཚོང་བརྗེ་རེས་བྱེད་པའི་གནས་ཚུལ་ལ་རྩད་གཅོད་ནན་མོ་བྱས། སྤྱི་བསྒྲགས་རེ་འདུན་གཞིར་བཟུང་སྟེ་རི་སྐྱེས་སྲོག་ཆགས་ཀྱི་ཉོ་འཚོང་བརྗེ་རེས་བྱེད་པའི་གནས་ཚུལ་ལྟར། གནད་དོན་ཤེས་མ་ཐག་དུས་ལྟར་ཐག་གཅོད་གང་ལེགས་སྒོས་ཉིན་རྒྱུན་བྱ་བའི་གནས་ཚུལ་ལ་སྒྲིག་སྲོལ་དངོས་ལག་བསྟར་བྱས་ཡོད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་དྲ་རྒྱའི་བདག་དོམ་སྡེ་ཁག་གིས་དུས་བཅད་གཏན་ཁེལ་མེད་པའི་སྒོ་ནས་དྲ་རྒྱ་ཧྲིལ་བོར་ལྟ་སྐུལ་ཚད་ལེན་དཔྱད་ཞིབ་བྱས། ད་ལྟའི་ཆར་ཞིང་ཆེན་ཡོངས་ཀྱི་སྟེགས་བུ12གྱི་དྲ་རྒྱའི་ཚོང་ཁང6148གྱིས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་བྱེད་པའི་བྱ་སྤྱོད་མེད་པ་ཤེས་རྟོག་གསལ་བོ་བྱུང་ཡོད།

ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་གནས་ཚུལ་སྔོན་འགོག་ཚོད་འཛིན་འགན་འཁྲི་ལྕི་བ་དང་གློག་རྡུལ་ཚོང་དོན་སྟེགས་བུ་ཅུང་གཅིག་བསྡུས་ཡིན་པ། དྲ་རྒྱའི་ཁྲོམ་རའི་གཅིག་བསྡུས་གཞི་གྲངས་ཅུང་མོད་པོ་བཅས་ཀྱི་ད་ལྟའི་གནས་ཚུལ་ལ་ཁ་གཏད་དེ། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་དུས་ལྟར་དུ་ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ལ་མཛུབ་སྟོན་སྒོས《གློག་རྡུལ་ཚོང་དོན་སྟེགས་བུའི་འགན་འཁྲི་ལ་ཤུགས་བསྣན་སྟེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་འགོག་གི་སྔོན་འགོག་ཚོད་འཛིན་བྱ་བའི་བྲེལ་མྱུར་བརྡ་སྦྱོར》པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས། རྔོན་ཆས་ཡོ་བྱད་སོགས་གཏན་འགོག་བྱས་ཏེ། ཁྲོམ་རའི་ཚོང་རྫས་ཀྱི་རིན་གོང་དེ་སྒྲིག་སྲོལ་ཅན་ཏུ་བཏང་ནས། དྲ་རྒྱའི་སྟེགས་བུའི་སྟེང་བརྡ་ཁྱབ་རྫུན་མ་ཁྱབ་སྒྲོག་བྱེད་པ་གཏན་འགོག སྟེགས་བུའི་ནང་དུ་ཚོང་གཉེར་མཁན་གྱི་ཐོབ་ཐང་རྒྱུ་སྤུས་ཚད་ལེན་ཞིབ་་བཤེར་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ། འཛད་སྤྱོད་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་མཐུན་ཁེ་དབང་སོགས་ཕྱོགས་མི་འདྲ་བ་ལྔ་ལ་ཧུར་ཐག་སྒོས་རོགས་སྒྲུབ་བྱས་ཏེ། གློག་རྡུལ་ཚོང་དོན་སྟེགས་བུའི་འགན་འཁྲི་དངོས་ལས་ཐོན་པའི་བྱེ་བྲག་གི་རེ་འདུན་བླང་བྱ་ཡང་བཏོན་ནས། སྟེགས་བུ་དག་གིས་དུས་ལྟར་འབྲེལ་ཡོད་གནས་ཚུལ་དངོས་ཡར་ཞུ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།