སྐུད་ཡོད་བརྙན་འཕྲིན་ལ་རིན་མེད་ངང་ལྟ་ཆོག་པའི་བརྡ་ཐོ།

ཟླ1ཚེས26ཉིན་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཀུང་སིས་དམངས་ཕན་སྲིད་ཇུས་དུ་མ་བཏོན་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་འཛིན་བཅོས་གསུམ་བྱེད་པའི་གནད་འགག་གི་དུས་འདིར། རྒྱ་ཆེའི་མང་ཚོགས་རྣམས་སྒོའི་ཕྱིར་མི་འགྲོ་བར་ཁྱིམ་དུ་བསྡད་དེ་དུས་ཐོག་གསར་འགྱུར་ལ་ལྟ་ཐུབ་ཅིང་། དུས་ཆེན་གྱི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པའི་ཆེད་དུ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྐུད་ལམ་འཕྲུལ་སྒམ་ཡོད་པ་དག་ལ་ལྟ་རིན་སྤྲད་མ་སྤྲད་གང་ཡིན་ཁྱད་མེད་པར་ཡོངས་ཁྱབ་ལ་ལེ་ཚན60རིན་མེད་སྒོས་ལྟ་ཆོག་པར་བཟོས་ཡོད། གལ་ཏེ་རྒྱང་སྒྲོག་བརྙན་འཕྲིན་གྱི་སྐུད་ལྡན་འཕྲུལ་སྒམ་ལ་སྐྱོན་ཞུགས་པ་སོགས་བཀོལ་བདེ་བོ་མིན་ཚེ། ཐད་ཀར་ཁ་པར་ཨང་གྲངས69333དང་ཡང་ན་ས་གནས་ཀྱི་ཞབས་ཞུ་ཁ་པར་བརྒྱབ་ནས་འབྲེལ་བ་བྱོས་དང་མཛུབ་སྟོན་ཞབས་ཞུ་བྱ་ངེས་རེད། གལ་ཏེ་ཁྱིམ་དུ་ཞབས་ཞུ་སྒྲུབ་དགོས་ནའང་ལག་རྩལ་པས་རང་ཉིད་ལ་བདག་སྲུང་ཡག་པོ་བརྒྱབ་ཡོད་པས་འཛེམ་དོགས་མི་དགོས་སོ། །