[ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན]རང་ཞིང་དུ་ཏོག་དབྱིབས་ནད་དུག་གི་གློ་ཚད་ཡིན་པ་ངོས་ཟིན་པའི་ནད་དཔེ་གསར་པ་ལྔ་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས27ཉིན། 《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དཔྱད་བཅོས་ཇུས་གཞི(ཚོད་ལྟའི་པར་མ་གསུམ་པ)》ཡི་གཏན་འབེབས་ལྟར། ཞིང་ཆེན་རིམ་པའི་སྨན་ཁང་གི་སྨན་བཅོས་ཆེད་མཁས་ཚན་ཆུང་གིས་ནད་དཔེ་ནད་ཐོག་གི་མངོན་རྟགས་དང་། ནད་ཡམས་རིག་པའི་ལོ་རྒྱུས་དང་ཉམས་ཞིབ་ཁང་གི་ཚད་ལེན་མཇུག་འབྲས་སོགས་གཞིར་བཟུང་ནས་བརྡར་ཤ་བཅད་མཐར། རང་ཞིང་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་དོགས་ཡོད་ནད་དཔེ་གཉིས་གསར་དུ་བྱུང་བ་ཐག་བཅད།

དེ་རིང་གི་གསར་བྱུང་ནད་པ་མཱ་ཆེ་གེ་མོ། ཕོ། ལོ15ཡིན་ཞིང་། ཟླ1ཚེས26ཉིན་རང་ཞིང་ནས་ནད་གཞིའི་ནད་དཔེ་ངོས་བཟུང་བའི་མཱ་ཆེ་གེ་མོའི་བུ་ཆེ་བ་རེད། གཞན་ཆི་ཆེ་གེ་མོ། ཕོ་ལོ30ཡིན་པ་དང་། ཟླ1ཚེས26མཱ་ཆེ་གེ་མོའི་བུ་ཆེ་བ་དང་མཉམ་དུ་ཡོང་མཁན་ཞིག་སྟེ་མི་འདི་གཉིས2020ལོའི་ཟླ1ཚེས23ཉིན་ཝུའུ་ཧན་ནས་མཉམ་དུ་ལམ་ལ་ཆས་ཤིང་། ཚེས24ཉིན་གྱི་ཆུ་ཚོད9ཡི་ཐོག་ཟི་ལིང་དུ་འབྱོར། ཉིན་དེར་ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྗེས་འདེད་རྟོག་ཞིབ་བྱས་ལ། ཟླ1ཚེས26ཉིན་ཁོ་གཉིས་ལོགས་སུ་བཅུག་ནས་རྟོག་ཞིབ་བྱས།
 ད་སྔའི་བར་

 ཚེས26ཉིན་རང་ཞིང་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་དོགས་ཡོད་ནད་པ་གསུམ་བྱུང་ཞིང་། ཁོ་ཚོ་ནི་ལོ42ཡིན་པའི་མཱ་ཆེ་གེ་མོ་དང་། ཁོའི་ནག་མོ་ལོ48ལ་སོན་པའི་མཱ་ཆེ་གེ་མོ། ཁོ་གཉིས་ཀྱི་བུ་ད་ལོ་ལོ7ཡིན་པའི་མཱ་ཆེ་གེ་མོ་བཅས་རེད། བཟའ་ཟླ་གཉིས་ཀྱིས་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཟ་ཁང་ཞིག་གཉེར་ནས་ཞོར་དུ་བུ་ཕྲུག་ཝུའུ་ཧན་གྱི་སློབ་གྲྭ་ག་གེ་མོ་ཞིག་ཏུ་བསྐྱལ་བཞིན་ཡུལ་དེར་རྒྱུན་སྡོད་བྱེད་པ་ཞིག་རེད།

མི་དེ་གསུམ་ཟླ1ཚེས24ཉིན་གྱི་ཞོགས་པའི་ཆུ་ཚོད9ཐོག་ཟི་ལིང་དུ་འབྱོར་ཞིང་། ཉིན་དེའི་ཕྱི་དྲོར་གཏན་འཁེལ་གྱི་སྨན་ཁང་དུ་བསྐྱོད་དེ་ནད་བཤེར་བྱས་རྗེས་སྨན་ཁང་གིས་ལོགས་སུ་ལྟ་ཞིབ་བྱས། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཉམས་ཞིབ་ཁང་གིས་ནད་པ་དེ་གསུམ་གྱི་ནད་གཞིའི་མ་དཔེ་ལ་ཞིབ་བཤེར་ཚད་ལེན་བྱས་རྗེས། ཚང་མར་ཏོག་དབྱིབས་ནད་དུག་གསར་པའི་ནད་རྟགས་མངོན་པའི་ངོས་ནས་དོགས་ཡོད་ནད་དཔེ་རུ་ངོས་བཟུང་ནས་ཐག་གཅོད་བྱས་པ་རེད།   

   ཟླ1ཚེས27ཉིན་གྱི་ཆུ་ཚོད21བར་དུ། རང་ཞིང་ནས་གསར་དུ་ངོས་འཛིན་བྱུང་བའི་ཏོག་དབྱིབས་ནད་དུག་གི་གློ་ཚད་ནད་དཔེ་བསྡོམས་པའི6ཡོད་པ་རེད།


ཁོན་ཐར་འཚོས་བསྒྱུར།