རང་ཞིང་དུ་གསར་བྱུང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་དོགས་ཡོད་ནད་པ་གསུམ་བྱུང་འདུག །

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་གསལ་ལྟར་ན། རང་ཞིང་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི་དོགས་ཡོད་ནད་པ་གསུམ་གསར་དུ་བྱུང་བ་དང་། ཁོ་གསུམ་ནི་ལོ42ཡིན་པའི་མ་ཆེ་གེ་མོ་དང་། ཁོའི་ནག་མོ་ལོ48ལ་སོན་པའི་མ་ཆེ་གེ་མོ། ཁོ་གཉིས་ཀྱི་བུ་ད་ལོ་ལོ7ཡིན་པའི་མཱ་ཆེ་གེ་མོ་བཅས་གསུམ་ཡིན་ལ། བཟའ་ཟླ་དེ་གཉིས་དུས་རྒྱུན་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཟ་ཁང་གཉེར་ནས་སྡོད་པ་དང་། བུ་ཕྲུག་གིས་ཝུའུ་ཧན་གྱི་སློབ་གྲྭ་ག་གེ་མོ་ཞིག་ཏུ་སློབ་གཉེར་བྱེད་པ་ཞིག་རེད།

མི་དེ་གསུམ་པོ་ཟླ1ཚེས24ཉིན་གྱི་ཞོགས་པའི་ཆུ་ཚོད9ཐོག་ཟི་ལིང་དུ་འབྱོར་ཞིང་། ཉིན་དེའི་ཕྱི་དྲོར་གཏན་འཁེལ་གྱི་སྨན་ཁང་དུ་བསྐྱོད་དེ་ནད་བཤེར་བྱས་རྗེས་ལོགས་སུ་ལྟ་ཞིབ་བྱས། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཉམས་ཞིབ་ཁང་གིས་ནད་པ་དེ་གསུམ་གྱི་ནད་གཞིའི་མ་དཔེ་ལ་ཞིབ་བཤེར་ཚད་ལེན་བྱས་རྗེས། ཚང་མར་ཏོག་དབྱིབས་ནད་དུག་གསར་པའི་ནད་རྟགས་མངོན་པས་དོགས་ཡོད་ནད་དཔེ་རུ་ངོས་བཟུང་ནས་ཐག་བཅད།

ད་ལྟ་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་དཔེ་ལ་བསྐྱར་བཤེར་ཚད་ལེན་བྱེད་སྒང་ཡིན། ནད་པ་དེ་གསུམ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་ནད་བཅོས་བྱེད་སྒང་ཡིན་ལ། ནད་པའི་ལུས་སེམས་བདེ་ལ་བབ་ཡོད། ད་ལྟ་ནད་པ་འདི་གསུམ་དང་འབྲེལ་འདྲིས་ཆེ་བའི་མི་དག་ལ་རྗེས་འདེད་རྟོག་ཞིབ་དང་གསོ་དཔྱད་ཀྱི་ལམ་ནས་ལྟ་ཞིབ་བྱེད་མུས་རེད།