མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང2པ)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་རེའི་ཞིང་ཆེན་གྱི་མིག་སྔའི་ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་གི་གནས་བབ་ལ་དམིགས་ནས། ཏོག་དབྱིབས་ནད་དུག་གསར་བ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་གི་བྱ་བར་ཤུགས་སྣོན་པ་དང་། རིམས་ནད་རྒྱ་ཁྱབ་ཏུ་མཆེད་པར་ནུས་ཡོད་སྒོས་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཚུབ་ཟློག་གི་འཆར་ཟིན》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཕབ་གཞིར་བཟུང་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ2020ལོའི་ཟླ1པོའི་ཚེས25ཉིན་གྱི་དུས་ཚོད24བ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་འབོད་སྐུལ་དང་དུ་བླངས་ནས། ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཐག་བཅད་པ་ཡིན། མཚམས་འཇོག་པའི་ཟླ་ཚེས་དེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལོགས་སུ་བརྡ་ཐོ་གཏང་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ1པོའི་ཚེས25ཉིན།