རང་ཞིང་གིས་ཏོག་དབྱིབས་ནད་དུག་གསར་བ་སྟེ་གློ་བའི་གཉན་ཚད་ཀྱི་འགོག་སྲུང་ཚོད་འཛིན་བྱ་བར་བཀོད་སྒྲིག་བྱས་པ།

རང་རེའི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་སྡེ་ཁག་གིས་ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་སྟེ་གློ་བའི་གཉན་ཚད་འགོག་སྲུང་ཚོད་འཛིན་བྱ་བ་དེ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྪིས་ནས། འགན་འཁྲིའི་ལས་བགོས་གསལ་བོར་བྱེད་པ་དང་འགོག་སྲུང་ཚོད་འཛིན་བྱ་བའི་སྔོན་འགྲོའི་གྲ་སྒྲིག་གཏན་འབེབས་བྱེད་པ། ལས་རེས་ལས་སྲུང་ལ་ཤུགས་སྣོན་བྱེད་པ། སྨན་བཅོས་འཕྲོད་བསྟེན་ཅི་རིགས་སྒྲིག་གཞི་རྩ་འཛུགས་སྒོས་གྲོས་མཐུན་དམ་པོར་སྦྲེལ་བ། ཁྱོན་ཡོངས་ནས་འགོག་སྲུང་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་པ་རེད།

རང་ཞིང་གི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་འགོག་སྲུང་མཉམ་འབྲེལ་ཚོད་འཛིན་བྱ་བའི་སྒྲིག་གཞི་འཐུས་ཚང་ཅན་ཏུ་གཏང་ཆེད། སྤྱི་བདེ་དང་ཞིང་ལས་ཞིང་སྡེ། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་རའི་ལྟ་སྐུལ་བདག་དོམ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་སྡེ་ཁག་ཕན་ཚུན་བར་དང་ཁྱབ་ཁོངས་ཕན་ཚུན་བར་གྱི་བརྡ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་སྔོན་འགོག་ཚོད་འཛིན་བཅས་ལ་ཤུགས་བསྣན་ནས། རིམས་ནད་གནས་ཚུལ་གྱི་སྔོན་འགོག་ཚོད་འཛིན་བྱ་བར་འཐུས་ཚང་སྒོས་གྲུབ་པར་བྱས་ཡོད། འགོག་སྲུང་ཚོད་འཛིན་དེ་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོར་འདེགས་སུ་བཏང་། ཁྱོན་ཡོངས་ནས་རིམས་ནད་གནས་ཚུལ་ལ་ཚད་ལེན་དཔྱད་ཞིབ་དང་སྙན་ཞུའི་སྒྲིག་སྲོལ་ལག་བསྟར་དངོས་འབེབས་བྱས། ཏོག་དབྱིབས་གསར་བའི་ནད་དུག་གི་འགོས་ནད་ཅན་གྱི་གློ་བའི་གཉན་ཚད་ལ་ཚད་ལེན་དཔྱད་ཞིབ་བྱེད་པར་ཤུགས་སྣོན་སྒོས་མ་དཔེ་བསྡུ་རུབ་དང་ཚད་ལེན་དཔྱད་ཞིབ་ལེགས་པོར་སྒྲུབ་ནས། རིམས་ནད་གནས་ཚུལ་ལ་ཤུགས་སྣོན་བྱེད་པའི་བརྡ་འཕྲིན་གྱི་སྙན་ཞུ་དང་རྟོག་ཞིབ་ལ་ཤུགས་སྣོན་སྒོས་ནད་པར་རེག་ཐུག་རྗེས་འདེད་དང་བདག་དོམ་དམ་ཟབ་ཅན་ཏུ་བཏང་།

ནུས་ཤུགས་གང་ཡོད་སྒོས་སྨན་བཅོས་མྱུར་སྐྱོབས་བྱ་བ་ལེགས་པོར་སྒྲུབ་པ། སྨན་བཅོས་སྒྲིག་གཞིར་སྔོན་དཔག་ཚད་ལེན་རིགས་བཀར་ལ་ཤུགས་སྣོན་བྱེད་པ། རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་སྒྲིག་འཛུགས་ཀྱིས་སྒོ་བསྟེན་དོན་དངོས་སྔོན་དཔག་རིགས་བཀར་སྒྲིག་སྲོལ་ལྟར་ཐུན་མིན་གྱི་གཉན་ཚད་སྒོ་བསྟེན་ཁང་བཙུགས་སྟེ། གཉན་ཚད་ཅན་གྱི་ནད་པར་ནད་བརྟག་དང་གོ་རིམ་ཞིབ་བཤེར། དེ་བཞིན་ནད་པའི་ཁ་གྲངས་ཐོ་འགོད་སྙན་ཞུའི་སྒྲིག་ལམ་འཇོག་དགོས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།