【གཞི་རིམ་དུ་ལོ་སར་སྐྱེལ་བའི་ལེ་ཚན། 】རང་ཞིང་གི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུ་རྩལ་དང་བླངས་ཞབས་ཞུའི་ཡན་ལག་ཚན་ཆུང་གིས་གཞི་རིམ་ཁྱིམ་ཚང་དག་ལ་བདེ་སྐྱིད་ཀྱི་སྨོན་འདུན་ཕུལ་པ།

རང་རེའི་དྲ་བའི་འཕྲིན། ཀྲུང་གོའི་རིག་རྩལ་མཉམ་འབྲེལ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས《2020ལོའི་ལུགས་གསར་རྙིང་ལོ་སར་སྐབས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ནན་ཏན་སྒོས་དར་སྤེལ་གཏོང་བའི་སྐོར་གྱི་བརྡ་སྦྱོར》ཞེས་པའི་དགོངས་དོན་གཞིར་བཟུང་སྟེ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རིག་རྩལ་དང་བླངས་མཁན་གྱི་མཐུན་ཚོགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་རིག་རྩལ་སྒྱུ་རྩལ་དང་བླངས་མཁན་གྱི་མཐུན་ཚོགས་དང་ཀྲུང་གུང་ཧོར་གྲོང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་འགན་སྒྲུབ་གནང་བའི2020ལོའི》“ང་ཚོ་ཀྲུང་གོའི་ཕུགས་འདུན”——ཀྲུང་གོའི་རིག་རྩལ་ཁྱིམ་ཚང་ཁྲི་སྟོང་ལ་སྐྱེལ་བའི་མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་མཉམ་འབྲེལ་སྒྱུ་རྩལ་གྱི་དང་བླངས་ཞབས་ཞུའི་ཡན་ལག་ཚན་ཆུང་གི་ཁམས་འདྲིའི་བྱ་འགུལ་དེ། ཟླ1ཚེས21ཉིན་མཚོ་ཤར་གྲོང་ཁྱེར་གྱི་ཧོར་གྲོང་རྫོང་ཐང་ཁྲོན་གྲོང་རྡལ་ཙོང་ཀྲེ་སྡེ་བ་རུ་སྤེལ།

ཐེངས་འདིའི་འཚམས་འདྲི་བྱེད་སྒོ་དེར་ཁྱོན་བསྡོམས་སྒྱུ་རྩལ་པ60ལྷག་ཟབ་ཞུགས་བྱས་ཡོད། ཧོར་གྲོང་རྫོང་ཐང་ཁྲོན་གྲོང་རྡལ་ཙུང་ཀྲེ་སྡེ་བའི་འཚམ་འདྲིའི་འཁྲབ་སྟོན་དེ་ཧོར་གྲོང་རྫོང་ཐང་ཁྲོན་གྲོང་རྡལ་གྱི་ཙུང་ཀྲེ་སྡེ་བའི་རིག་རྩལ་དྲིལ་སྒྲོག་རུ་ཁག་གི་ཞབས་བྲོ《སྤྲོ་སྐྱིད་ཀྱི་ཉི་འོད》ཅེས་པའི་འཁྲབ་སྟོན་ལས་སྒོ་གླེགས་ཕྱེས་སོང་། འདི་ནི་སྡེ་མི་དག་གིས་རིག་རྩལ་སྒྱུ་རྩལ་པ་དག་ལ་བཀའ་དྲིན་མཚོན་བྱེད་དུ་གྲ་སྒྲིག་བྱས་པའི་དམིགས་གསལ་གྱི་ལེ་ཚན་ཞིག་ཀྱང་ཡིན། ལེ་ཚན་དེ་ཧྲིལ་བོའི་འཁྲབ་སྟངས་ལ་གོ་རིམ་ལྡན་ཞིང་། དཔྱིད་འགོའི་མེ་ཏོག་གི་བྱ་དགའ་འཐོབ་མཁན་དགེ་རྒན་ཆེན་མོ་ཆུས་ཆའོ་ཀྲེ་ཡིས་ཟློས་གར་ལེ་ཚན《ཝང་པོ་ཁྲོན་རི་ངོས་ལ་འགོ་བ》འཁྲབ་སྟོན་དང་། མིང་གྲགས་ཆེ་བའི་མཛའ་གཞས་གླུ་བ་མ་ཆོན་གྱིས《བགྲེས་ཀཱ་ལོ་ཧན》ཞེས་པ་བླངས། གླུ་བ་ཡེས་ཧའེ་ཅོན་དང་ལེ་ཧའེ། ཁྲང་ཏུང་ཡོན་སོགས་ཀྱིས་རྐྱང་ལེན་བྱས། ད་རུང་སྤྲོ་སྐྱིད་ལྡན་པའི་ཞབས་བྲོ་དང་སྒྱུ་འཕྲུལ། ཁ་ཤགས། མཚོ་སྔོན་གྱི་དབྱངས་རྟ་ཕྲ་མོ་སོགས་ཁྱད་ཆོས་མི་འདྲ་བའི་ངོ་མཚར་ལེ་ཚན་མང་པོ་ཞིག་ཀྱང་འཁྲབ་སྟོན་བྱས་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་ཡིག་གཟུགས་མཁན་གྱིས་ཡུལ་དངོས་ནས“བདེ་སྐྱིད”ཅེས་པའི་ཡི་གེ་དང་ལོ་སར་གྱི་སྨོན་ཚིག200ལྷག་བྲིས་ནས་སྐྱེས་སུ་གནང་། ཞིང་ཆེན་བརྙན་ཕབ་མཐུན་ཚོགས་ཀྱིས་ས་གནས་མང་ཚོགས་ལ་ཁྱིམ་མི་ལྷན་འཛོམས་ཀྱི་བདེ་སྐྱིད་མཉམ་པར100ལྷག་བླངས་ནས་སྐྱེས་སུ་ཕུལ། ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱིས་སྤྲོ་སྐྱིད་གཞི་རིམ་དུ་སྐྱེལ་བའི“བཀྲ་ཤིས་སྨོན་འདུན་ཁུག་མ”ལེགས་སྐྱེས་སུ་གནང་། ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱིས་ཡུལ་དངོས་སུ་མཛེས་རྩལ་བརྩམས་ཆོས་སྐྱེས་སུ་ཕུལ་བ་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཡུལ་དངོས་སུ་དཔེ་དེབ་སྐྱེས་སུ་ཕུལ་བ་སོགས་ཀྱི་ནང་དོན་འདུས། གར་སྟེགས་སྟེང་དུ་སྒྱུ་རྩལ་པ་དག་གིས་ངོ་མཚར་བའི་སྒྱུ་རྩལ་འཁྲབ་སྟོན་བྱས་ཤིང་། གར་སྟེགས་འོག་ཏུ་ལྟད་མོ་བ་དག་གི་ཐལ་མོའི་རྡེབ་སྒྲ་རླབས་རྒྱུན་བཞིན་གཡོས་སྟེ་ཡུལ་དངོས་མཁའ་དབུགས་ལ་སྤྲོ་སྣང་གིས་ཁེངས་ནས་མང་ཚོགས་ཀྱིས་དགའ་བསུ་དང་དཔྱད་འཇོག་གནང་།

འཚམ་འདྲིའི་བྱ་འགུལ་དེས་མང་ཚོགས་ཀྱི་རིག་གནས་ལེ་ཚན་གྱི་མཁའ་དབུགས་ཕུན་སུམ་ཚོགས་པར་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་ཡོངས་སུ་བསྐངས་བ་མ་ཟད། སྔར་ལས་སྤྲོ་སྐྱིད་ལྡན་པའི་རྟེན་འབྲེལ་གསར་བཟོ་བྱས་ཏེ་ཤེས་ཡོན་སྨོན་འདུན་གྱི་ལེ་ཚན་གསར་བའི་མཁའ་དབུགས་ཤིག་ཆགས་སུ་བཅུག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།