ཞིང་ཆེན་སྤྱི་བདེ་ཐིན་གནམ་ཐང་སྤྱི་བདེ་ཅུས་ཀྱིས་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ལོ་སར་གྱི་སྐྱེལ་འདྲེན་ལ་མཁའ་འགྲུལ་སྐྱེལ་སྲུང་བྱས་པ།

རང་རེའི་དྲ་བའི་འཕྲིན། ལོ་སར་པ་སླེབས་ལ་ཉེ་བ་དང་བསྟུན་ནས། ཞིང་ཆེན་སྤྱི་བདེ་ཐིན་གནམ་ཐང་སྤྱི་བདེ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ལོ་སར་སྐྱེལ་འདྲེན་བྱ་བའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། བདེ་སྲུང་བྱེད་ཐབས་ཅི་རིགས་ལག་བསྟར་ནན་མོ་དང་ཞབས་འདེགས་བྱ་བའི་བྱེད་ཐབས་དངོས་འབེབས་བྱས་ཏེ། 2020ལོའི་མཚོ་སྔོན་གྱི་གནམ་ཐང་ལོ་སར་སྐྱེལ་འདྲེན་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་ཁག་ཐེག་ནན་མོ་བྱས་ཡོད། ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་གནམ་ཐང་དུ་འགྲོ་འོངས་བྱེད་པའི་ཡུལ་སྐོར་འགྲུལ་བ་མི་གྲངས123383ལ་སླེབས་ཡོད།

ཟླ1ཚེས10ཉིན་གྱི་ལོ་སར་སྐྱེལ་འདྲེན་ཉིན་མོར། གནམ་ཐང་སྤྱི་བདེ་ཅུས་ཀྱིས་ཟི་ལིང་གི་གནམ་ཐངT2མཁའ་འགྲུལ་འབབ་ཚིགས་ཐོག་ཁང་དུ2020ལོའི་ལོ་སར་སྐྱེལ་འདྲེན་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རྩ་འཛུགས་བྱས་ཤིང་། བྱ་འགུལ་དེའི་སྟེང་ལོ་སར་གྱི་སྐྱེལ་འདྲེན་འབྲེལ་ཡོད་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ་ཁྱོན་བསྡོམས500ལྷག་བཀྲམ་པ་དང་། དེའི་མི་ཚད་གནམ་ཐང་སྤྱི་བདེ་ཡིས2020ལོའི་ཞབས་འདེགས་ཅི་རིགས་ཐད་ཀྱི་བྱེད་ཐབས་གསར་བའི་དྲིལ་སྒྲོག་ཡང་སྤེལ། མཁའ་འགྲུལ་འབབ་ཚིགས་ཐོག་ཁང་གིས་ཉིན་རེའི་སུམ་ཆའི་གཉིས་ཀྱི་ཉེན་ཤུགས་སོ་སྲུང་བྱ་བར་འགན་སྲུང་ནན་མོ་བྱས་ཏེ། ཉེན་རྟོག་གིས་སྒྲིག་གཞི་གནད་ལ་ཁེལ་བར་འགན་སྲུང་དང་དྲག་ཆས་མཚོན་ཆའི་ཟིལ་ཤུགས་གནད་དུ་ཁེལ་བ། སྐོར་ཞིབ་ཚོད་འཛིན་གྱི་ཚད་གཞི་ལ་ཡང་ཤུགས་སྣོན་ཆེན་པོ་བྱས་ཡོད། ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་གནམ་ཐང་ཧྲིལ་བོར་དྲག་ཆས་ཉེན་རྟོག་པ་དང་ཁྱད་འཕགས་ཉེན་རྟོག་པས་མཉམ་འབྲེལ་བྱས་ཏེ་སྐོར་ཞིབ་ནན་མོ་ཐེངས146ལ་བྱས་ཤིང་། ཉེན་རྟོག་མི་གྲངས730ལ་སླེབས་ཡོད་པ་རེད། དེ་དང་ཆབས་ཅིག འཇིགས་སྐུལ་བར་རྒོལ་བའི་སྦྱོང་བརྡར་དང་ཁ་གཏད་རང་བཞིན་གྱི་དངོས་འཐབ་སྦྱོང་བརྡར་སྤེལ་ནས་ཡུལ་དངོས་ཀྱི་སྐབས་བསྟུན་ཐག་གཅོད་དངོས་འཐབ་ནུས་པ་མཐོར་འདེགས་སུ་བཏང་བ་རེད། དེ་ཡང་བཅོས་སྐྱོང་བདེ་འཇགས་དང་མེ་གསོད་སོགས་ཀྱི་ཐད་ནས་གནམ་ཐང་གིས་ཆ་ཤས་སྐོར་ཞིག་གཙོ་བོར་བཟུང་སྟེ་བདེ་འཇགས་ཞིབ་བཤེར་ནན་མོ་བྱས། ལོ་སར་གྱི་སྐྱེལ་འདྲེན་བདེ་སྲུང་ཐད་ཀྱི་རྩ་བའི་རྨང་གཞི་སྲ་བརྟན་དུ་བཏིང་ནས། སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་མཉམ་འབྲེལ་གྱིས་གནམ་ཐང་རླངས་འཁོར་གྱི་བདེ་འཇགས་ཞིབ་བཤེར་དང་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ཐད་ལ་འགན་སྲུང་བྱས་པ་རེད།

ད་ལྟ་ཞིང་ཆེན་ཧྲིལ་བོའི་གནམ་ཐང་སོ་སོས་བགྲེས་སོང་དང་ཉམ་ཐག ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ། དེ་མིན་བྱིས་པ་བཅས་ལ་འགོག་མེད་རྒྱུ་ལམ་ཞབས་འདེགས་དང་དམིགས་གསལ་བདེ་འཇགས་ཞིབ་བཤེར། གནམ་གྲུའི་ནང་འབུད་ཐེངས22 ནད་པ་དང་འགྲོ་འོངས་སྟབས་བདེ་མིན་པའི་ཡུལ་སྐོར་འགྲུལ་བ་དག་ལ་འདུག་སྟེགས་འཁོར་ལོའི་ཞབས་ཞུ་ཐེངས30བསྒྲུབས། ཡུལ་སྐོར་འགྲུལ་བའི་རང་སྒྲུབ་འཕྲུལ་ཆས་ལས་གནས་སྐབས་གནམ་གྲུར་སྡོད་པའི་བདེན་དཔང་འགན་སྒྲུབ་ཐེངས512བྱས་ཏེ། ཡུལ་སྐོར་འགྲུལ་བ་དག་གི་རོགས་སྒྲུབ་གནད་དོན33ཐག་གཅོད་བྱས་པ་རེད།

ཐེངས་རྗེས་མར་ཞིང་ཆེན་སྤྱི་བདེ་ཐིན་གནམ་ཐང་སྤྱི་བདེ་ཐིན་གྱིས2020ལོའི་ལོ་སར་སྐྱེལ་འདྲེན་བདེ་སྲུང་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་སྲུང་བྱ་བའི་བྱེད་ཐབས་མུ་མཐུད་དུ་སྲ་བརྟན་ཅན་ཏུ་བཏང་ཞིང་། ནུས་ཤུགས་གང་ཡོད་སྒོས་ལོ་སར་གྱི་སྐྱེལ་འདྲེན་སྐབས་མཚོ་སྔོན་གྱི་ས་ཁུལ་སོ་སོའི་གནམ་ཐང་གི་བདེ་སྲུང་བརྒྱུད་རིམ་དེ་མུ་མཐུད་དུ་སྒྲིག་སྲོལ་ལྡན་པའི་ངང་ནས་སྲ་བརྟན་ཅན་དུ་བཏང་སྟེ། རྒྱ་ཆེའི་ཡུལ་སྐོར་འགྲུལ་བ་དག་ལ་བདེ་འཇགས་ཀྱི་འགྲོ་སྐྱོད་ཁོར་ཡུག་ཤིག་གསར་སྐྲུན་བྱས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།