ཡ་རྫིས་རྫོང་ཁོངས་ཡོངས་ནས་དབུལ་དམངས་ཀྱི་ནད་གཞི་ལྕི་མོའི་རིགས་གསོ་བཅོས་བྱ་ཆོག་པ་བཟོས།

རང་རེའི་དྲ་བའི་འཕྲིན་ལྟར་ན། ལོ་ངོ་འདི་དག་གི་རིང་། མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་གཏང་བ་དེ་དམངས་ཚིས་གལ་ཆེན་དུ་བརྩིས་ནས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་གཙོ་གནད་བྱ་བར་སྐུལ་འདེད་གཏིང་ཟབ་བྱས་ཤིང་། སྒྱུར་བཅོས་ཀྱི་ཁེ་སྤོགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གློད་འགྲོལ་བཏང་བ་དང་། མང་ཚོགས་དབུལ་པོའི་ནད་ཆེན་སྐྱོབ་བཅོས་བྱེད་ཚད100%ཡོངས་སུ་ཁྱབ་པར་བྱས་ཏེ་མང་ཚོགས་ལ་བདེ་ཐང་ལྕགས་རི་བསྐོར་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཡ་རྫི་རྫོང་གིས་དམ་ཟབ་རྣམ་པའི་སྨན་བཅོས་ཞབས་ཞུའི་ཐུན་མོང་སྒྲིག་གཞིའི་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་དོ་དམ་ལག་ལེན་དུ་བསྟར་ནས་བདེ་ཐང་ཞབས་ཞུའི་རྣམ་པར་སྐུལ་འདེད་བཏང་། སྨན་རྫས་དཀོན་པོ་མཁོ་སྤྲོད་འགན་ལེན་ཇུས་གཞི་བཟོས་ནས་དཀོན་པའི་སྨན་རྫས་ལ། རྩིས་ཐོའི་དོ་དམ་བྱས་པ་དང་འབྲེལ་དྲ་ཐོག་ནས་ཉེན་བརྡ་གཏོང་བའི་ལྟ་ཞིབ་ཚད་ལེན་ཡང་བྱས། ད་ཆའི་བར་དུ། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་སྨན་བཅོས་དང་ཐུན་མོང་གི་སྒྲིག་གཞི་འཛུགས་སྐྱོང་ནང་ཞུགས་ཚད100%ཟིན་པ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱེད་ཐུབ་ཡོད། དེ་དང་ཆབས་ཅིག ཝུའུ་ཤིས་གྲོང་ཁྱེར་སྙིང་རྗེའི་སྙིང་ཁམས་ཁྲག་རྩའི་སྨན་ཁང་དང་ལེའང་ཤིས་ཆུས་མི་དམངས་སྨན་ཁང་བརྒྱད་པ། པེ་ཅིང་གྲོང་ཁྱེར་ཧྥུའུ་དབྱང་སྨན་ཁང་སོགས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ས་གནས་གཉིས་པོའི་རྒྱང་ཁྲིད་སྨན་བཅོས་ལྟེ་གནས་བསྐྲུན་པ་དང་ས་གནས་གཉིས་པོའི་སྨན་བཅོས་སྒྲིག་གཞིའི་རྒྱང་ཁྲིད་ཐེངས18ཟིན་ཡོད་པ་རེད། ད་ཆའི་བར་དུ། སྔོན་སྐྱོད་ནད་པ8ཀྱིས་རྨ་ཆུང་གཤག་བཅོས་གྲུབ་འབྲས་ཐོབ་པའི་ངང་དང་ལེན་བྱས་པ་མ་ཟད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཡ་རྫི་རྫོང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོའི“དྲུག་འཕྲི་དང་།སྔོན་ཐོན་བཞི།ཁྱོན་ཡོངས་ལ་ཁེབས་པ་བཅུའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།ད་ཆའི་བར་དུ།དབུལ་པོའི་མི་ཚོགས་ལ་ཆག་ཡང་དང་རྩ་ཆག་གཏོང་བའི་མི་གྲངས་མི་ཐེངས2487ཡོད་པ་དང་། ཆག་ཡང་དང་རྩ་ཆག་བཏང་བའི་དངུལ་གྲངས་སྒོར66995ཟིན་པ། དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། མང་ཚོགས་དབུལ་པོའི་ནད་ཆེན་སྐྱོབ་བཅོས་མི་གྲངས་མི་ཐེངས40ཟིན་པ་བཅས་རེད། “གན་རྒྱ་གཉིས་འཇོག་པའི”ཞབས་ཞུའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ9ཡིས་ཁྱིམ་ཚང་སྨན་པའི་ཚོགས་པ46བཙུགས་ནས། མང་ཚོགས་དབུལ་པོར་སྤུས་ལེགས་ནུས་ཆེའི་བདེ་ཐང་དོ་དམ་ཞབས་ཞུ་མཁོ་འདོན་བྱས་པས་རྫོང་ཡོངས་ཀྱི་དབུལ་པོའི་བདེ་ཐང་ཡིག་ཚགས་བཟོས་ཚད100%ཟིན་པ་དང་། བདེ་ཐང་སློབ་གསོ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ། གཅོང་ནད་དོ་དམ་ཞབས་ཞུ་ལག་བསྟར་བྱེད་ཚད90%ཟིན་པ། མང་ཚོགས་ལ་ཕན་བདེ་བསྐྲུན་པ་རེད།

ལོ་ཙཱ་བ། ཀླུ་མོ།