ཡ་རྫི་རྫོང་གིས་དུས་ཡུན་ཐུང་ངུའི་ནང་གནད་དོན་ཡོད་ཚད་གཙང་སེལ་དག་ཐེར་བྱས་པ།

རང་རེའི་དྲ་བའི་འཕྲིན། དེ་ཡང“ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་ས་ལར་རིགས་རང་སྐྱོང་རྫོང་གིས་གནད་དོན་གཅིག་བསྡུས་ངང་དག་ཐེར་དང་རིམ་སྤར་བྱེད་པར་སྐུལ་འདེད། ཏང་ཡོན་ལས་བྱེད་པ་དག་གི་འགན་འཁྲི་དང་ལེན་བྱེད་པའི་བྱ་སྤྱོད་ལ་ངར་ཤུགས་སྐུལ་སློང་བྱེད་པ། ཡུན་ཐུང་བཅོས་སྒྲིག་ཅི་རིགས་ཀྱི་གནད་དོན་དེ་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་དང་། སྤྱི་ཁྱབ་དག་ཐེར་འགན་འཁྲིའི་ཚད་གཞི85%ཡི་ཡན་ལ་སླེབས་ཡོད།

བརྗོད་དོན་སློབ་གསོའི་སྐབས་སུ་ཡ་རྫི་རྫོང་གིས་བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་བྱེད་ཐབས་དང་ཉམས་མྱོང་ལེགས་པོའི་གཏན་འབེབས་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཡོངས་འགྲུབ་བྱུང་ཟིན་པའི་སྒྲིག་སྲོལ་ལ་ཡང་བསྐྱར་ཞུ་དག་སྒོས་འཐུས་ཚང་ཅན་ཏུ་བཏང་ཞིང་། དགོས་མཁོ་དང་མི་མཐུན་པའི་ཆ་དེ་བེད་མེད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་སྒྲིག་སྲོལ་ཅན་དང་རྒྱུན་རྣམ་ཅན། ཕན་འབྲས་ནུས་ལྡན་ཅན་བཅས་ལ་སྐུལ་འདེད་བཏང་། གཅིག་བསྡུས་སློབ་སྟོན་གྱི་རྟོག་ཞིབ་ཞིབ་འཇུག་དང་སྒྲིག་སྲོལ་གཏན་འབེབས་གསར་འཛུགས་བྱེད་པར་སྐུལ་འདེད་མཐོར་འདེགས། རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་ལམ་ཐིག་རྩ་འཛུགས་བྱས་ཏེ། དཀའ་ཁག་ཆེ་བའི་གོ་གནས་གལ་ཆེན་ལ་སྦྱོང་བརྡར་ནན་མོ་བྱས་ནས་རྙོག་འཛིང་རང་བཞིན་གྱི་གནས་བབ་དང་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་། ཞིབ་བཤེར་མཐོང་སྣེ་ཡི་གནད་དོན་གཅིག་བསྡུས་བྱས་ཏེ་སྒྲིག་སྲོལ་གསར་འཛུགས་ཐད་ཀྱི་ཞན་ཆ་ཁ་གསབ་བྱས། དེའི་ཁྲོད་ཡ་རྫི་རྫོང་གི་འགོ་ཁྲིད་རྣམ་བཞི་ཡིས་སྣེ་ཁྲིད་པའི་ཞིབ་བཤེར་གནད་དོན46ཡོད་པ་དང་འགོ་ཁྲིད་ཀྱི་ཁོངས་མིའི་ཞིབ་བཤེར་ཚད་ལེན་གནད་དོན110ཡོད། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཆུང་གི་ཞིབ་བཤེར་གནད་དོན564ཡོད། དག་ཐེར་བྱེད་ཐབས758གཏན་འབེབས་བྱས་ཤིང་། ད་ལྟ་དག་ཐེར་ཡོངས་འགྲུབ་བྱུང་ཟིན་པ523ཡོད། དག་ཐེར་ཡོངས་འགྲུབ་ཀྱི་ཚད་གཞི92.7%ལ་བསླེབས། འགོ་ཁྲིད་ཁོངས་མིའི་ཞིབ་བཤེར་ཚད་ལེན་གནད་དོན824དང་དག་ཐེར་གཏན་འབེབས་ཐབས་ལམ1025ཡོད། ད་ལྟ་དག་ཐེར་ཡོངས་འགྲུབ་ཟིན་པ783དང་དག་ཐེར་ཡོངས་འགྲུབ་ཀྱི་ཚད་གཞི་ནི95%ཡིན།

དེ་དང་ཆབས་ཅིག རྫོང་དེས་གཅིག་གྱུར་བརྗོད་དོན་སློབ་གསོའི་ཆེད་དོན་དག་ཐེར་བྱ་བ་དགུ་སྤེལ་ཏེ། གོམ་གང་མདུན་སྤོས་སྒོས་སྒྲིག་སྲོལ་དམ་དྲག་ཅན་ཏུ་བཏང་ནས། བརྗོད་དོན་སློབ་གསོའི་ཆེད་དོན་དག་ཐེར་གྱི་བྱ་བ་ཅི་རིགས་ལག་བསྟར་དངོས་འབེབས་ལ་འགན་སྲུང་ནན་མོ་བྱས་པ་རེད། དམངས་སྒྲུབ་དོན་དངོས་ཁྲོད་བདེ་སྐྱིད་སྨོན་འདུན་ཐད་ཡ་རྫི་རྫོང་གིས་མང་ཚོགས་འཚུབ་ཆ་ཆེ་ཞིང་ཆེས་རེ་ལྟོས་བྱེད་པའི་གནད་དོན་དག་གཅིག་བསྡུས་བྱས་ཏེ། “ཐོག་མའི་སེམས་འདུན་དམངས་ལ་བཅོལ་བ་དང་མཚོ་ཤར་གྱི་དོན་དངོས་སྒྲུབ་པ། དམངས་ཚིས་ཀྱི་ཡ་རྫི”ཞེས་པའི་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས་ལེགས་པོར་སྒྲུབ། བསམ་པའི་ཤེས་ཡོན་གཏན་འབེབས་དང་རྨང་གཞིའི་སྒྲིག་ཆས། སློབ་གསོའི་བྱ་གཞག འཐེན་ཐུག་ཐོན་ལས། མཁར་གྲོང་འཕེལ་རྒྱས། དམངས་ཕན་སྟབས་བདེ་སོགས་དམངས་ཚིས་ཁྱབ་ཁོངས་གཙོ་བོར་བཟུང་ནས་རིགས་བཀར་གསལ་བོར་བྱས་ཏེ་སྒྲིག་སྲོལ་གཏན་འབེབས་དང་གསར་འཛུགས། སྒྲིག་སྲོལ་ལ་ཞུ་དག་སོགས་བྱས་ནས། རིགས་སོ་སོའི་དམངས་ཚིས་བཟོ་སྐྲུན་ལག་བསྟར་དངོས་འབེབས་ལ་སྐུལ་འདེད་ནན་མོ་དང་ལག་བསྟར་ནན་མོ་བྱས་ཡོད་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།