དམངས་སྒོར་ཁྲི678ལྷག་སྤྱད་དེ་དམར་གཙང་མང་ཚོགས་ལ་སེམས་བདེའི་བཏུང་ཆུ་མཁོ་འདོན་བྱས།

ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀྱིས་ཆུའི་འགོ་ཁུངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གཙོ་བོ་དེ་སྲོག་ཤིང་དང་། ཞིང་སྡེའི་མི་དང་སྒོ་ཕྱུགས་ཀྱི་བཏུང་ཆུ་སྲ་བརྟན་མཐོར་འདེགས་ཅན་ཏུ་གཏོང་བ་གཙོ་གནད་དུ་བཟུང་སྟེ་ལས་གཞི་བརྩོན་ལེན་བྱས་ཤིང་། སྔ་གཞུག་ཏུ་ཧྲ་ཀུའུ་ཧའེ་རིགས་ཡུལ་ཚོའི་ཧྲུའུའར་སྡེ་བ་སོགས་ཆུའི་སྤུས་ཚད་གཙང་སྒྱུར་བཟོ་གྲྭ4བཙུགས་ཡོད། 2019ལོའི་མ་དངུལ་སྒོར་ཁྲི678བཏང་སྟེ་སྔ་གཞུག་ཏུ་སན་ཧི་གྲོང་རྡལ་གྱི་ཀྲུང་ཅ་སོགས་སུ་ཆུ་སྤུས་གཙང་སྒྱུར་བཟོ་གྲྭ2བཙུགས་ནས། ས་ཁུལ་དེའི་མང་ཚོགས་ཀྱི་བཏུང་ཆུའི་རྒྱུ་སྤུས་དེ་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་འདུག

“སྡེ་བའི་ནང་གི་བཙོག་ཆུའི་འདྲེན་སྦུག་བཟོ་སྐྲུན་གསར་འཛུགས་བྱས་རྗེས་ལྭ་བ་བཀྲུ་བ་དང་ཟ་མ་ལས་སྣོན་སོགས་སྟབས་བདེ་ཡིན་པས། ཆུ་ཡང་དྭངས་མོར་འགྱུར་ཡོད་པ་མ་ཟད། ཆུའི་གནོན་ཤུགས་ཡང་ཇེ་ཆེར་སོང་ནས་བཙོག་ཆུ་ཡང་མེད་པར་གྱུར་ཡོད”ཞེས་དམར་གཙང་ཆུས་ཧྲ་ཀུའུ་ཡུལ་ཚོ་ཧྲུའུའར་སྡེ་བའི་སྡེ་མི་ཅ་མེན་ཞུང་གིས་དགའ་སྤྲོའི་ངང་བཤད་པ་རེད།

དེ་ཡང“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། དམར་གཙང་ས་ཁུལ་ཧྲ་ཀུའུ་ཡུལ་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་ཉེན་ཁ་རྩད་གཅོད་དང་བརྗོད་དོན་སློབ་གསོའི་ཚད་ལེན་ཞིབ་ལྟའི་གནད་དོན་ཁྲོད་དུ་ཐེངས་མང་པོ་ཞིག་ལ་སྡེ་བ་སོ་སོར་དབྱར་ཚིགས་སྐབས་སུ་བཏུང་ཆུའི་རྒྱུ་སྤུས་ཞན་པ་དང་། ཁྱིམ་ཚང་མི་ཉུང་བ་ཞིག་ལ་དུས་ཚིགས་རང་བཞིན་གྱི་བཏུང་ཆུ་དཀོན་པའི་དོན་དངོས་གནད་དོན་བཏོན་ཏེ་མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་ཀྱི་གནད་དོན་དེ་དམངས་ཕན་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ནས། དམར་གཙང་ས་ཁུལ་གྱི་ཆུ་དོན་སྙོམས་སྒྲིག་ལ་ཟུང་འབྲེལ་བྱས་ཏེ་གནད་དོན་ཐག་གཅོད་བྱས། ད་ལྟ་ཡ་དྲ་ཆུ་འགོ་རུ་བཏུང་ཆུའི་ཆུ་གསོག་ཆེན་པོ་མི་འདྲ་2གསར་འཛུགས་བྱས་ཤིང་། ཧྲི་ཀུའུ་ཡན་སྡེ་བ་དང་ཏ་ཀྲེ་ཙི་སྡེ་བ། ཧྲུའུའར་སྡེ་བ་བཅས་སྡེ་བ7གྱི་བཏུང་ཆུའི་འདྲེན་སྤུགས་སྤྱི་ལེ8.9གསར་བརྗེ་བྱས། ཧྲི་ཀུའུ་སྡེ་བ་དང་ཏ་ཀྲེ་ཅི་སྡེ་བ། ཧྲུའུའར་སྡེ་བ་སོགས་ཁྱིམ་ཚང76གི་དུས་ཚིགས་རང་བཞིན་གྱི་བཏུང་ཆུ་དཀོན་པའི་གནད་དོན་དེ་ཐག་གཅོད་བྱས་ཡོད།

ལོ་འདི་དག་གི་རིང་། དམར་གཙང་ས་ཁུལ་གྱི་ཆུ་བེད་སྡེ་ཁག་གིས་ལས་རིགས་ཀྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་ནུས་ཤུགས་གང་ཡོད་སྒོས་ཞིང་སྡེའི་མང་ཚོགས་ཀྱི་བདེ་འཇགས་བཏུང་ཆུའི་གནད་དོན་ཐག་གཅོད་བྱས། 2019ལོར་གཙོ་བོ་མིའི་བཏུང་ཆུའི་རྣམ་གྲངས4ལག་བསྟར་བྱས་ཤིང་སྤྱིའི་མ་དངུལ་སྒོར་ཁྲི3583བཏང་ཡོད། ལས་གཞི་ཡོངས་འགྲུབ་བྱས་རྗེས་བཅོས་སྒྱུར་ཆུས་ཡོངས་ཀྱི་སྡེ་བ72གྱི་བཏུང་ཆུའི་གནད་དོན་དང་སྒོ་ཕྱུགས་ཆེ་ཆུང་འདྲ་མིན་ཁྲི4.8ནས་ཁྲི7.75ཡི་བཏུང་ཆུའི་གནད་དོན་ཡང་ཐག་གཅོད་བྱས་ཡོད། ཆུ་བེད་འཛུགས་སྐྲུན་ཁྲོམ་རའི་ལྟ་སྐུལ་བདག་དོམ་དང་སྤྱི་གཞུང་ཞབས་ཞུའི་ཁྲོད་ཀྱི་ཆུ་བེད་འཛུགས་སྐྲུན་ཁྲོམ་རའི་བརྡ་འཕྲིན་ལ་སྐུལ་འདེད། མཉམ་སྤྱོད་དང་བེད་སྤྱོད། དོན་དག་གི་སྔ་གཞུག་ལྟ་སྐུལ་བདག་དོམ་བྱ་བར་ཤུགས་སྣོན་བྱེད་ཆེད། ཆུ་བེད་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་ཡིད་རྟོན་འདུ་ཤེས་དང་ཡིད་རྟོན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་ཆུ་བེད་བཟོ་སྐྲུན་གྱི་ཁྲོམ་རའི་རྒྱུན་ལྡན་གྱི་སྒྲིག་སྲོལ་ལ་འགེབས་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།