ཟི་ལིང་གི་མེ་འཁོར་འབབ་ཚིགས་ནུབ་མའི་མངག་གཏོང་ཁང་གིས་ནུས་ཤུགས་གང་ཡོད་བཏོན་སྟེ་ལོ་སར་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་སྲུང་བྱས་པ།



རང་རེའི་དྲ་བའི་འཕྲིན། ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ལྕགས་ལམ་གྱི་ལོ་སར་དངོས་ཟོག་སྐྱེལ་འདྲེན་དེ་ཡང་ཆེས་གནད་འགག་གི་དུས་རིམ་ལ་སླེབས་ཡོད་པས། ཟི་ལིང་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ནུབ་མའི་མངག་གཏོང་ཁང་གི་བྱ་བ་གཙོ་བོ་ནི་ནུས་ཤུགས་གང་ཡོད་སྒོས་ལྕགས་ལམ་ལམ་ཐིག་གི་བདེ་འཇགས་སྲ་བརྟན་ལ་འགེབས་སྲུང་བྱས། ཟི་ལིང་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ནུབ་མའི་མངག་གཏོང་ཁང་གིས་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད། དེ་ཡང་སློབ་གྲྭ་སོ་སོར་གུང་གསེང་མ་བྱིན་པའི་ཡར་སྔོན་དུ་ལྕགས་ལམ་ལ་དགའ་བ་དང་ལྕགས་ལམ་ལ་གཅེས་སྤྲས་བྱེད་པའི་དྲིལ་སྒྲོག་རྒྱ་ཆེར་སྤེལ། ཉེ་ལམ་ཡང་ཉེན་རྟོག་སྟོབས་ཤུགས་རྩ་འཛུགས་སྒོས་མངའ་ཁོངས་དེའི་ནང་ཁུལ་གྱི་ལས་ཁུངས་བདེ་འཇགས་དང་མེ་གསོད། རླངས་འཁོར་གྱི་འགྲོ་སྐྱོད་སྒྲིག་ཆས་སྒྲིག་འཇུག་བཅས་ཀྱི་ཐད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ལམ་ཐིག་གི་བདེ་འཇགས་འགལ་རྐྱེན་མེད་པར་བཟོས་ནས་ལམ་ཐིག་གི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།