【ལོ་སར་སླེབས་ལ་ཉེ་དུས་གཞི་རིམ་དུ་བསྐྱོད་པ】རྒྱ་ཆེའི་ཡུལ་མི་རྣམས་ལ་འཁྲུག་ཆ་དོད་པའི་ལོ་སར་ཞིག་རོལ་དུ་བཅུག་པ།

རང་རེའི་དྲ་བའི་འཕྲིན། སྤྲོ་སྐྱིད་ལྡན་པའི་རྔ་སྦུག་གི་སྐད་སྒྲ་ཞིག་རྒྱང་རིང་ནས་ཉེ་སར་གྲགས་འོངས། བརྩེ་སེམས་སྤྲོ་སྣང་གིས་ཁེངས་བའི་ཧྲའེ་ཧོ་ཚོགས་པ་ཞིག་གིས་ཞབས་བྲོའི་འཁྲབ་སྟངས་དེ་ཡང་ཡུལ་དངོས་ལ་ཐོན་བྱུང་། དེ་མ་ཐག་ཐལ་མོ་རྡེབ་སྒྲ་ཡང་གྲགས་འོངས། དེ་ནི་མཚོ་ཤར་གྲོང་ཁྱེར་དམར་གཙང་རྫོང་ཀོའུ་ཧྲན་གྲོང་རྡལ་ཞ་ཅ་ཧི་སྡེ་བའི་ཐང་ཆེན་གྱི་སྤྲོ་སྣང་གི་ཡུལ་དངོས་རེད།


ཟླ1ཚེས18ཉིན། དམར་གཙང་རྫོང་གི་སྐབས་གཉིས་པའི“མཚོ་སྔོན་གྱི་ལོ་སར། མཚར་སྡུག་གི་མཚོ་ཤར། དམར་གཙང་དམངས་ཡོངས་ལོ་སར་ལ་རོལ་བ”ཞེས་པའི་རིམ་བསྟར་བྱ་འགུལ་གྱི་ཀོའུ་ཧྲན་ཡན་ལག་སྒོ་འབྱེད་མཛད་སྒོ་དེ་ཀོའུ་ཧྲན་གྲོང་རྡལ་ཞ་ཅ་ཧི་སྡེ་བའི་ཐང་ཆེན་དུ་སྤེལ་ཅིང་། ཀོའུ་ཧྲན་གྲོང་རྡལ་གྱི་ཧྲའེ་ཧོ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་སྡུར། ལོ་སར་གྱི་དངོས་ཟོག་ཉོ་བསྡུ་ཆེན་མོ། དྲ་འཕེན་ལྒང་ལིའི་འགྲན་སྡུར་སོགས“རིག་གནས་ལུས་རྩལ་གསོལ་སྟོན་ཆེན་མོ”སོགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། ལོ་སར་གྱི་མཁའ་དབུགས་སྟུག་པོ་ཞིག་གི་སྒོ་ཡང་ཕྱེས་སོང་། ཉིན་དེའི་སྒོ་འབྱེད་མཛད་སྒོའི་སྟེང་། ཞ་ཅ་ཧི་སྡེ་བའི་ཧྲའེ་ཧོ་འཁྲབ་སྟོན་རུ་ཁག་གིས་སྲོལ་རྒྱུན་གྱི་ཧྲའེ་ཧོ་དང་བོད་རིགས་ཀྱི་ཞབས་བྲོ། སེང་གེའི་གར་གྱི་འཁྲབ་སྟོན་སོགས་དམངས་སྲོལ་འཁྲབ་སྟོན་བྱས་ཏེ། ངལ་རྩོལ་མི་དམངས་ཀྱི་ལས་བརྩོན་བབ་ཆགས་དང་འཚོ་བའི་དགའ་མོས། མཐུན་སྒྲིལ་འཆམ་མཐུན་གྱི་དུས་རབས་གསར་བའི་ཞིང་བའི་སྙིང་སྟོབས་ཀྱི་རྣམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤུགས་ཆེན་པོའི་སྒོ་ནས་དར་སྤེལ་བཏང་ཡོད།

དེའི་འཕྲོར། ཀོའུ་ཧྲན་གྲོང་རྡལ་གྱི་སྤྱི་ལེ་བདུན་སྡེ་བས་རྟ་རྒྱུག་འགྲན་ཚོགས་བསྡུས་ཤིང་། ཉེ་འཁོར་གྱི་རྟ་རྒྱུགས་ལ་སྤྲོ་སྣང་ཆེ་བའི་མི་གྲངས50ལྷག་འོངས་སྟེ་ཟབ་ཞུགས་བྱས་ཡོད། བང་གིས་རྒྱུགས་པའི་ཅང་ཤེས་དང་སྐྱ་མི། ལྟད་མོ་བ་བཅས་མཐའ་དག་སྤྲོ་སྐྱིད་ཀྱི་མཚོ་ཀློང་དུ་བཟི་ཡོད།

ལོ་འདི་དག་གི་རིང་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་ས་གནའ་ཏང་ཨུ་སྲིད་གཞུང་གི་འགོ་ཁྲིད་འོག་མི་དམངས་མང་ཚོགས་ཀྱི་འཚོ་བ་ཡང་ཉིན་རེ་ལས་ཉིན་རེར་དར་རྒྱས་བྱུང་ནས་མ་འོངས་བ་ལ་རེ་བས་ཡོངས་སུ་ཁེངས་འདུག མི་དམངས་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་འཁྲབ་སྟོན། ཏང་དང་མེས་རྒྱལ་ལ་བཅངས་བའི་དགའ་སྤྲོ་སོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་བའི་རེ་བ་དང་འཚོལ་སྙེག་དེ་མཚོན་དུ་བཅུག

ཉིན་དེར་མང་ཚོགས་མང་པོས་ཡོངས་སུ་བསྐོར་ནས་འཁྲབ་སྟོན་ལ་བལྟས། སྡེ་མི་ཞ་མེན་ཏི་སྔ་མོ་ནས་སྡེ་བའི་ནང་གི་ཧྲའེ་ཧོ་ཚོགས་པར་འགྲོགས་སྟེ་ཐང་ཆེན་དུ་སླེབས་འདུག ཁོས་བཤད་རྒྱུར། “འདི་ལྟ་བུའི་བྱ་འགུལ་གྱིས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད་ལ། ལོ་གསར་བའི་བྲོ་བ་ལྡན་པས་ང་ཚོའི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས་ཡོད”ཟེར།

ཀོའུ་ཧྲན་གྲོང་རྡལ་མི་དམངས་སྲིད་གཞུང་གི་གྲོང་གཙོ་ཁྲིན་ཏུང་གིས་བསྟན་དོན། ཀོའུ་ཧྲན་གྲོང་རྡལ་གྱིས“མཚོ་སྔོན་གྱི་ལོ་སར། མཚར་སྡུག་གི་མཚོ་ཤར། དམར་གཙང་དམངས་ཡོངས་ལོ་སར་ལ་རོལ་བ”ཞེས་པའི་རིམ་བསྟར་ལེ་ཚན་གྱི་བྱེད་སྒོ་དེ་གོ་སྐབས་སུ་བཟུང་ནས། དགའ་སྤྲོའི་སྐྱིད་སྣང་དང་ལོ་སར་གྱི་མཁའ་དབུགས་གསར་བ་ཞིག་གསར་སྐྲུན་སྒོས་རྒྱ་ཆེའི་ཡུལ་མི་དག་གིས་འདུ་འཛི་ཆེ་བའི་སྒོ་ནས་ལོ་སར་གྱི་སྤྲོ་སྐྱིད་ལ་རོལ་བ་དང་ནུས་ཤུགས་གང་ཡོད་ཀྱིས་ཀོའུ་ཧྲན་གྲོང་རྡལ་གྱི་ཡུལ་ཚོའི་དུས་བཞིའི་ཡུལ་སྐོར་ལས་རིགས་གསར་སྐྲུན་བྱས་ཏེ། རྫོང་ཕྱི་ནང་གི་ཡུལ་སྐོར་འགྲུལ་བ་ཚུར་འགུགས་སྒོས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཤིང་། ནུས་ཤུགས་གང་ཡོད་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་སྲ་བརྟན་ཅན་དུ་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།