ཏང་ཡོན་རུ་དཔུང་གིས་འཛུགས་སྐྲུན་རྒྱུ་སྤུས་མཐོར་འདེགས་སུ་བཏང་སྟེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་དང་ཏང་གི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད།

ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་ནན་ཁྲོན་ཤར་ལམ་སྲང་ལམ་ལུང་ཐའེ་གཞིས་ཁུལ་གྱིས་ཏང་ཡོན་རྒན་པ་དང་དང་བླངས་པ་རྩ་འཛུགས་བྱས་ཏེ་རང་གི་མངའ་ཁོངས་བྱིས་གཉོར་ཁང་དུ་བྱ་འགུལ་སྤེལ་བ།

མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་དམར་གཙང་གྲོང་རྡལ་ལུང་མདོ་ལམ་གྱི་གཞིས་ཁུལ་ཏང་ཡོན་དང་བླངས་མཁན་གྱིས་དཀའ་ཁག་ཆེ་བའི་མང་ཚོགས་ལ་དགུན་དུས་ཀྱི་དྲོད་བསྐྱེད་རྡོ་སོལ་ཉོས་པ།

ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་ཏོན་ཁྲི་གཞིས་ཁུལ་ཏང་ཀྲི་པུའུ་ཡིས་ཏང་གི་སློབ་ཁྲིད་བྱ་འགུལ་སྤེལ་བ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་ཡུལ་ཚོའི་འབྲོག་ཁུལ་དུ་རྟ་རྒྱབ་ཀྱི་ན་གཞོན་དྲིལ་སྒྲོག་རུ་ཁག་གི་དྲིལ་སྒྲོག་ཏང་གི་ཇུས་གཞིའི་སྲིད་ཇུས་རྩ་འཛུགས་བྱས་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།