མཚོ་སྔོན་ཞིང་ཆེན་གྱིས་སྐབས་དང་པོའི་ལུས་རྩལ་གྱི་ལོ་སར་དགོང་ཚོགས་བསྡུས་པ།

རང་རེའི་དྲ་བའི་འཕྲིན། ཟླm1ཚེས18ཉིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ལུས་རྩལ་གྱི་ལོ་སར་དགོང་ཚོགས་དེ་ཟི་ལིང་གི་ལུས་རྩལ་ཁང་དུ་སྤེལ་བ་རེད།

དགོང་ཚོགས་སྟེང་ལུས་པོའི་བདེ་ཐང་ལ་ཕན་པའི་ཁྱད་ཆོས་ཅན་གྱི་འཁྲབ་སྟོན་འདྲ་མིན་སྣ་ཚོགས་འཁྲབ་སྟོན་བྱས། ཐའེ་ཅིས་ཧྲན་དང་མི་རིགས་ཀྱི་གླུ་གར། ལུས་པོའི་བདེ་ཐང་ལུས་སྦྱོང་། སྲང་ལམ་ཞབས་བྲོ། དྲག་རྩལ་སོགས་ལེ་ཚན་དག་འཕྲོ་རིམ་འཕྲོར་འཁྲབ་སྟོན་བྱས་ཏེ། ལུས་རྩལ་འཁྲབ་སྟོན་བྱེད་ཐབས་གསར་གཏོད་ཀྱིས་ཡུལ་དངོས་ལྟད་མོ་བ་དག་གི་ཐལ་མོའི་རྡེབ་སྒྲ་མཚམས་མི་ཆད་པར་བྱུང་།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། 2019ལོར་མཚོ་སྔོན་ལུས་རྩལ་པ་དག་གིས་དོན་དངོས་ལ་བརྟེན་ནས་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་ལུས་རྩལ་ཐད་ཀྱི་དྲི་བ་དག་ལ་དྲིས་ལན་གསལ་བོ་ཞིག་བཏབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དེ་མྱུར་བགྲོད་ཀྱི་གཞུང་ལམ་གསར་བ་ཞིག་ལ་གོམ་པ་སྤོས་ནས། མཐོ་སྒང་གི་ལུས་རྩལ་གྱིས་སྟོབས་ལྡན་གྱི་ཞིང་ཆེན་གསར་འཛུགས་ཐད་ལ་འཕེལ་རྒྱས་གསར་བ་ཞིག་བླངས་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དོན་དངོས་ལ་བརྟེན་ནས་ལུས་རྩལ་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་དེ་ཉམས་སུ་མྱངས་ཡོད་ཟེར།

སྐལ་བཟང་ཚེ་རིང་གིས་མུ་མཐུད་དུ་བཤད་རྒྱུར། “2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རྩོད་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་ལོ་ཞིག་ཡིན་པས། ང་ཚོས་ནན་ཏན་སྒོས《ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་རྩ་དོན》དེ་ལག་བསྟར་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱི་ལུས་རྩལ་བྱང་ཚད་དང་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་འཚམ་པའི་ལུས་རྩལ་འཕེལ་རྒྱས་ཀྱི་སྒྲིག་གཞི་གསར་བ་ཞིག་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ལུས་རྩལ་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སྒོས། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་བ་དང་ལུས་རྩལ་ནི་དམངས་ཡོངས་ཀྱི་བདེ་ཐང་བྱ་གཞག་གལ་ཆེན་གྱི་སྟོབས་ཤུགས་ལ་བསྒྱུར་རྒྱུ་ཡིན”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།