གྲོང་ཁྱེར་གྱི་འགོ་ཁྲིད་དག་གིས“1·13”དོན་རྐྱེན་གློ་བུར་བའི་ཁྲོད་ཀྱི་རྐྱེན་འདས་དང་བོར་སྟོར་བྱུང་བའི་འདས་པོའི་ཁྱིམ་མི་དང་རྨས་སྐྱོན་ཐེབས་པའི་མི་སྣ་ལ་འཚམས་འདྲི་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ1ཚེས19ཉིན། ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་ཝང་ཞའོ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཞའོ་རོང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཡོན་ཕེན་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཀོན་ཞིན་མེན་དང་ཧྲི་ཞིན། ཧན་ཧྲིན་ཚེ། ཝུའུ་ཀྲི་ཁྲིན་བཅས་སོ་སོས་རང་རང་ས་ནས“1·13”དོན་རྐྱེན་གློ་བུར་བའི་ཁྲོད་ཀྱི་རྐྱེན་འདས་དང་བོར་སྟོར་བྱུང་བའི་འདས་པོའི་ཁྱིམ་མི་དང་རྨས་སྐྱོན་ཐེབས་པའི་མི་སྣ་བཅས་ལ་མཚམས་འདྲིའི་སེམས་གསོ་གནང་བ་མ་ཟད། བྱ་བའི་ཚན་ཆུང་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་ཁུལ་གཞན་པའི་རྐྱེན་ངན་ཁྲོད་ཀྱི་འདས་པོའི་ཁྱིམ་མི་དང་ཁོ་ཚོའི་གློ་བུར་རྐྱེན་ངན་ལ་ཁམས་འདྲི་བྱས་པ་རེད། དེའི་མི་ཚད་སྨན་ཁང་ནང་དུ་བུད་དེ་ཟི་ལིང་གྲོང་ཁྱེར་དང་ཁ་བྲལ་ནས་ཡུལ་དུ་ལོག་ཟིན་པའི་རྨས་པ་དག་ལ་ཡང་ཟི་ལིང་གྲོང་ཁྱེར་དང་གྲོང་ཁྱེར་ཏང་ཨུའི་མངགས་བཅོལ་ལྟར་ས་གནས་དེའི་ཏང་ཨུ་དང་སྲིད་གཞུང་གིས་ཁམས་འདྲི་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།