ཞིང་ཆེན་ཡོངས་ཀྱི་དགུན་དུས་ཡུར་ཆུའི་གསོག་འཇོག་བྱ་བ་མཇུག་རྫོགས་ལ་ཉེ་བ།

རང་རེའི་དྲ་བའི་འཕྲིན། དགུན་དུས་ཡུར་ཆུའི་གསོག་འཇོག་འགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཆུ་བེད་བདག་དོམ་ཅུའུ་ཡིས་ལྟ་སྐུལ་མཛུབ་སྟོན་བྱ་བར་ཤུགས་བསྣན་ནས། དུས་ལྟར་ས་ཁུལ་སོ་སོའི་ཡུར་ཆུ་གསོག་འཇོག་གི་མྱུར་ཚད་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཤིང་། ས་ཁུལ་སོ་སོའི་ཆུའི་སྲིད་འཛིན་བདག་དོམ་སྡེ་ཁག་ལ་མཛུབ་སྟོན་གང་ལེགས་ཀྱིས་ཆུ་བེད་སྤྱོད་བྱེད་པའི་བདག་དོམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། དུས་ལལྟར་གཙང་ཆུའི་ཡུར་ལམ་གྱི་ཆུ་དང་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ལ་དབྱེ་ཞིབ་གསལ་བོ་བྱས་ནས། ཆུ་མཛོད་ལ་ཤུགས་སྣོན་དང་ཡུར་ལམ། ཆུ་གསོག་ས་ཚུགས་བཅས་སྙོམས་སྒྲིག་འཁོར་སྐྱོད་གང་ལེགས་བྱས་པ་རེད།

སྡོམ་རྩིས་ལས་རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་ཟླ12པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གསོག་ཆུའི་བཟོ་སྐྲུན་ཚད་གཞི་ཡི་ཆུ་གསོག་ཚད་གཞི་དེ་ཁྱོན་བསྡོམས་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར5.5གསོག་ཡོད། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱིས་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར1.8དང་མཚོ་ཤར་གྲོང་ཁྱེར་གྱིས་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར0.46 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨིད་རྒྱ་དཔང་གྲུ་བཞི་མ0.75 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྨིད་གྲུ་བཞི་མ་དུང་ཕྱུར2.22 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨིད་རྒྱ་དཔང་གྲུ་བཞི་མ0.27བཅས་གསོག་འཇོག་བྱས་ཡོད་པ་རེད།

ཐེངས་རྗེས་མར་ཆུ་བེད་བདག་དོམ་ཅུའུ་ཡིས་ས་ཁུལ་སོ་སོའི་ཡུར་ཆུ་གསོག་འཇོག་བཟོ་སྐྲུན་གྱི་བདེ་འཇགས་བདག་དོམ་བྱ་བར་མུ་མཐུད་དུ་ལྟ་སྐུལ་ཞིབ་བཤེར་གང་ལེགས་དང་འཁོར་སྐྱོད་སྙོམས་སྒྲིག འགེབས་སྲུང་གསོ་སྐྱོང་དང་ཡུར་ཆུའི་ཆུ་བེད་མཁོ་སྤྲོད་སོགས་ཀྱི་བྱ་བ་སྒྲུབ་ནས། ས་ཁུལ་སོ་སོའི་ཡུར་ཆུའི་ལམ་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་ཅན་ཏུ་བཏང་སྟེ། ཆུ་བེད་བདག་དོམ་ལ་ཤུགས་སྣོན་དང་བཟོ་སྐྲུན་གྱི་ལེགས་ཕྱོགས་འཁོར་སྐྱོད་ལ་འགན་སྲུང་ཁག་ཐེག ཞིང་ལས་ཐོན་སྐྱེད་ཆུ་བེད་བདེ་འཇགས་བཅས་ཀྱིས་ལོ་རྗེས་མའི་དཔྱིད་དུས་ཀྱི་ཐན་སྐམ་སྔོན་འགོག་དང་དཔྱིད་ཚིགས་ཀྱི་ས་བོན་འདེབས་འཛུགས་ལ་འགན་སྲུང་དང་ལོ་ལེགས་བསྡུ་བར་འགན་སྲུང་གང་ལེགས་བྱས་ཏེ་སྲ་བརྟན་གྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།