མཚོ་སྔོན་གྱི་ཚན་རྩལ་ཞིབ་འཇུག་ལས་གཞི་དེ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་མཁས་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཟས་རིགས་ཞིབ་བཤེར་ཚད་ལེན་གླིང་དང་མཚོ་སྔོན་སློབ་ཆེན། ཀན་སུའུ་ཚོང་ལས་ཚན་རྩལ་ཞིབ་འཇུག་སའོ་ཚད་ཡོད་ཀུང་ཟི། མཚོ་སྔོན་ནོ་ལན་ཅི་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཐུན་མོང་སྒོས་ཞིབ་འཇུག་བྱས་པའི་བརྗོད་བྱའི་ཁ་བྱང་ཚྭ་འདམ་གཞོང་གི་འཕང་འབྲས་ནག་པོའི་རྒྱུ་སྤུས་ཚད་ལྡན་དང་རྣམ་པ་གསར་བའི་ལས་སྣོན་ལག་རྩལ་ཞིབ་འཇུག་ལས་གཞི་ལ་ཞིབ་བཤེར་དང་གྲུབ་འབྲས་ལ་དཔྱད་འཇོག་བྱས། གྲོས་ཚོགས་ཀྱིས་ཟས་རིགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ7དང་ནོར་དོན་ཆེད་མཁས་པ2བཅས་གདན་འདྲེན་སྒོས་ཞིབ་བཤེར་བྱ་བ་དང་དེའི་གྲུབ་འབྲས་ལ་དཔྱད་འཇོག་གནང་བ་རེད།

གྲོས་ཚོགས་སྟེང་དུ་བརྗོད་དོན་བསླབ་བྱའི་འགན་ཁུར་མི་སྣའམ་ཞིང་ཆེན་ཟས་རིགས་ཞིབ་བཤེར་ཚད་ལེན་གླིང་གི་གླིང་གཙོ་ཧྲུའུ་ཏན་གྱིས་ལས་གཞིའི་གནས་ཚུལ་དང་ཞིབ་འཇུག་གི་རྒྱབ་ལྗོངས། གོ་དོན། ཞིབ་འཇུག་གི་ནང་དོན་དང་ལག་རྩལ་ཇུས་གཞི། ཡོངས་འགྲུབ་གྲུབ་འབྲས་དང་དམིགས་ཚད། དེའི་སྟེང་གི་གནད་དོན་དང་འགྲོ་སོང་གནས་ཚུལ་སོགས་ཀྱི་ཐད་ལ་ཞིབ་བཤེར་དཔྱད་འཇོག་བྱས་ཏེ་ཆེད་མཁས་པ་དག་གིས་སྙན་ཞུ་བྱས་པ་རེད། ཆེད་མཁས་ཚན་ཆུང་གིས་ནན་ཏན་སྒོས་བརྗོད་དོན་བསླབ་བྱའི་རྒྱུ་ཆ་ལ་ཞིབ་བཤེར་ཡང་དག་བྱས་ཤིང་། བརྗོད་དོན་བསླབ་བྱའི་ཞིབ་འཇུག་ཐད་ལ་འདྲི་གཅོད་དང་བསམ་འཆར་ཡང་བཏོན་ཡོད། ཆེད་མཁས་ཨུ་ཡོན་ལྷན་ཚོགས་་ཀྱིས་ལས་གཞིའི་ཞིབ་འཇུག་གྲུབ་འབྲས་ཐད་ལ་ཡང་དག་པའི་གདེང་འཇོག་དང་ཚད་མཐོན་པོའི་དཔྱད་འཇོག་གནང་བ་བརྒྱུད། ནན་ཏན་སྒོས་ཞིབ་འཇུག་བརྗོད་དོན་གྱི་མ་ལག་ཐད་ནས་འཕང་འབྲས་ནག་པོའི་རྒྱུ་སྤུས་ལ་དཔྱད་འཇོག་དང་ཤིང་ཏོག་གསར་བའི་ལས་སྣོན་ལག་རྩལ་ཞིབ་འཇུག་སྤེལ་ཏེ། ཤིང་ཏོག་ནག་པོའི་འཕང་འབྲས་དེ་ཐོན་ལས་ཅན་དང་ཤིང་ཏོག་གི་ལས་སྣོན་ཐད་ལ་ལག་རྩལ་གསར་བའི་བརྒྱུད་རིམ་ཞིག་གསར་འབྱེད་བྱས་ནས། འཕང་འབྲས་ནག་པོའི་ཐོན་ལས་འཕེལ་རྒྱས་ཐད་ལ་རྒྱབ་རྟེན་གྱི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་སྟེ། མ་ལག་རང་བཞིན་གྱི་སྒོ་ནས་ཐོན་ཡུལ་མི་འདྲ་བའི་འཕང་འབྲས་ནག་པོའི་ལུགས་སྒྱུར་དམིགས་ཚད་དང་ཚོར་ཤེས་ཁྱད་ནུས་ལ་དབྱེ་ཞིབ་བྱས་ཏེ། འཕང་འབྲས་ནག་པོའི་རྒྱུ་སྤུས་དང་རིགས་བཀར་དམིགས་ཚད་གཏན་ཁེལ་གསལ་བོའི་ངང་ཚོན་མདོག་གི་ཚད་གཞི་གསར་འཛུགས་སྒོས་འཕང་འབྲས་ནག་པོའི་མེ་ཏོག་སྔོན་པོའི་གཞི་རྒྱུ་ལ་ཚད་ལེན་སྒོས། ཐན་སྐམ་ཅན་དང་ཐན་སྐམ་མ་ཡིན་པའི་འཕང་འབྲས་ནག་པོའི་ཤིང་ཏོག་གི་རྒྱུ་སྤུས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་མ་ཟད། ཐན་སྐམ་བྱེད་ཐབས་དང་བཟོ་ལས་སྒྱུ་རྩལ་གཏན་ཁེལ་བྱས་ཏེ། འཕང་འབྲས་ནག་པོའི་ཤིང་ཏོག་གསར་བ་དང་སིལ་ཁུའི་འཁྱག་ཁུ་གསོག་འཇོག་བཟོ་རྩལ་ཚད་གཞི་ལ་ཞིབ་འཇུག་བྱས་ནས་འཕང་འབྲས་ནག་པོའི་རྩལ་གཞི་གྲངས་ལ་ཞིབ་འཇུག་གསལ་བོ་ཞིག་བྱས། ཀོར་ཐིག་མན་གྱི་ཏུའུ་གྲངས20འོག་གསོག་འཇོག་བྱེད་པའི་རྒྱུན་མཐུད་རང་བཞིན་གྱི་ཁུ་བའི་སྐུལ་རྒྱུ་ཇེ་ཉུང་དུ་བཏང་སྟེ། ཚད་བརྒལ་ཅན་ལ་ཟུང་འབྲེལ་ངང་འཕང་འབྲས་ནག་པོའི་ཐོན་སྐྱེད་ལག་རྩལ་ཐད་ཀྱི་ཁུ་བ་སྟུག་པོ་སིམ་འཐིམས་བྱུང་ནས། འཕང་འབྲས་ནག་པོའི་ཁུ་བ་དང་དེ་ལས་བླངས་པའི་ཐོན་སྐྱེད་བཟོ་ལས་སྒྱུ་རྩལ་དེ་གཏན་ཁེལ་གསལ་བོ་བྱས། འཕང་འབྲས་ནག་པོའི་ཐོན་ལས་རིགས་མི་འདྲ་བ4གསར་སྤེལ་དང་རྒྱལ་ཁབ་ཀྱི་གསར་གཏོད་ཆེད་ཁེ1ལ་རེ་འདུན་སྙན་ཞུ་ཕུལ་བ། རྣམ་པ་གསར་བའི་ཆེད་ཁེ3དངོས་སུ་བེད་སྤྱོད་བྱེད་པ། དཔེར་མཚོན་ཁེ་ལས་ཚད་ལྡན1ལ་རེ་འདུན་སྙན་ཞུ་ཕུལ་བ། དཔྱད་རྩོམ4སྤེལ་ཡོད། ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཡིད་འཐད་ཞིབ་བཤེར་བརྒྱུད་གྲུབ་འབྲས་ལ་དཔྱད་འཇོག་སྒོས་གྲུབ་འབྲས་དེ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་རྟོག་ལྟར་ན། ཞིང་ཆེན་ཟས་རིགས་ཞིབ་དཔྱོད་གླིང་གིས་མུ་མཐུད་དུ་ཟས་རིགས་ཀྱི་ཞིབ་བཤེར་འགན་འཁྲི་ནན་ཏན་སྒོས་ལག་བསྟར་ནན་མོ་དང་ལེགས་ཆ་འདོན་སྤེལ། མཉམ་ལས་ཤུགས་སྒྱུར་སྒོས་ཚན་རྩལ་ལས་གཞིའི་རྣམ་གྲངས་དེ་ཆེས་ཆེར་བཏང་སྟེ། རང་ཞིང་གི་ཟས་རིགས་ཐོན་ལས་འཕེལ་རྒྱས་ཀྱི་འདོན་སྤེལ་བྱེད་ནུས་ཐད་ལ་ནུས་པ་ཐོན་པར་ཧུར་བརྩོན་གང་ལེགས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།