ཚྭ་འདམ་གཞོང་དུ་ཁ་བ་བབས་ནས་ལོ་སར་གྱི་སྐྱེལ་འདྲེན་ལ་གནོད་པ་ཐེབས་པ།

རང་རེའི་དྲ་བའི་འཕྲིན། བྱང་ཕྱོགས་ཀྱི་གྲང་ངར་ཆེ་བའི་གནམ་གཤིས་དང་ལྷོ་ནུབ་ཀྱི་བརླན་གཤེར་དབུགས་རྒྱུན་གྱི་ཐུན་མོང་ཤུགས་རྐྱེན་འོག ཚེས15ཉིན་གྱི་དུས་ཚོད10ཡས་མས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཨེ་ཤར་རྒྱུད་དང་ཚྭ་འདམ་ཆེ་བ་ས་ཁུལ་དུ་ཁ་བ་འབབ་འགོ་བརྩམས་ཏེ་དུས་ཚོད16དང་སྐར་མ30ཡས་མས་སུ་འབབ་མཚམས་བཞག་པ་རེད། ས་ཁུལ་སོ་སོའི་ཁ་བ་འབབ་པའི་ཚད་གཞི་ནི་ཧའོ་རྨིད0.1ནས4.6གི་བར་ཡིན་ལ། དེའི་ཁྲོད་ཚྭ་འདམ་ཆེ་བ་གཞོང་ས་རུ་ཁ་བ་འབྲིང་ཙམ་བབས་པ་དང་ཁ་བ་འབབ་པའི་ཚད་གཞི་ནི་ཧའོ་རྨིད4.6ཡིན། ཁ་བ་གསོག་པའི་མཐུག་ཚད་ནི་ལི་རྨིད10ཡས་མས་ཤིག་ཡིན། ཐེངས་འདིའི་བརྒྱུད་རིམ་ཁྲོད་ཚྭ་འདམ་ཆེ་བ་གཞོང་གི་ཆར་ཆུའི་འབབ་ཚད་དེ་ཟླ་གཅིག་རིང་གི་ཧའོ་རྨིད2.3དང་བསྡུར་ན་ལྡབ་གཅིག་གིས་མང་ངེས། ད་ལྟའི་ཆར། མང་ཨེ་ཤར་རྒྱུད་དང་ཚྭ་འདམ་ཆེ་བ་ས་ཁུལ་དུ་ཁ་བ་གསོག་པའི་སྣང་ཚུལ་མངོན་གསལ་ཡིན་པས། ཐེངས་འདིའི་ཁ་བ་འབབ་པའི་བརྒྱུད་རིམ་ནི་ཏག་ཏག་ལོ་སར་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ཆེས་གནད་འགག་གི་དུས་སྐབས་ལ་ཁེལ་ཡོད་པས། འགྲིམ་འགྲུལ་སྐྱེལ་འདྲེན་དང་ལོ་སར་གྱི་སྐྱེལ་འདྲེན་བྱ་བ། སྒོ་ཕྱུགས་ལས་རིགས་བཅས་ལ་གནོད་པ་ཐེབས་ཡོད།

ཐེངས་འདིའི་བརྒྱུད་རིམ་ལ་ཁ་གཏད་དེ་མཚོ་ནུབ་ཁུལ་གནམ་གཤིས་ཅུའུ་ཡིས་འགྲིམ་འགྲུལ་སྡེ་ཁག་ལ་ཟུང་འབྲེལ་བྱེད་པར་ཤུགས་སྣོན་གལ་ཆེན་དུ་བཟུང་སྟེ། ཁ་བ་འབབ་པའི་གནམ་གཤིས་ཐད་ཀྱི་ཞབས་ཞུའི་བྱ་བ་ཧུར་ཐག་གིས་སྤེལ། ཟླ1ཚེས14ཉིན་དུས་ཚོད16སྟེང་ཁྱབ་བསྒྲགས་བྱས་པའི་གནམ་གཤིས་སྔོན་བརྡའི་ཁྲོད་སྔོན་བརྡ་ཡང་དག་པ་ཞིག་བསྒྲགས་ཡོད། ཟླ1ཚེས15ཉིན་གྱི་དུས་ཚོད14དང་སྐར་མ56སྟེང་ཁྱབ་བསྒྲགས་བྱས་པའི་ཚྭ་འདམ་གཞོང་ས་ཁུལ་དུ་ཁ་བ་དྲག་པོ་འབབ་པའི་ཁ་དོག་སེར་པོ་ཅན་གྱི་སྔོན་དཔག་བརྡ་རྟགས་བཏང་བ་དང་། དུས་ཚོད12དང་སྐར་མ20ཡི་སྟེང་ཚྭ་འདམ་ཆེ་བ་ས་ཁུལ་གྱི་གཞུང་ལམ་སྟེང་དུ་དར་ཆགས་པའི་ཁ་དོག་སེར་པོ་ཅན་གྱི་སྔོན་དཔག་ཉེན་བརྡའི་བརྡ་རྟགས་ཐད་ལ་མཛུབ་སྟོན་བྱས། དེར་མ་ཟད་བྱེད་ཐབས་གང་མང་ལ་བརྟེན་ནས་གནམ་གཤིས་སྔོན་བརྡའི་ཚད་ལེན་དཔྱད་ཞིབ་དང་སྔོན་བརྡ་གཏོང་བ། སྔོན་བརྡའི་གནམ་ཚུལ། འགྲིམ་འགྲུལ་སྡེ་ཁག་གི་ཚོང་དོན་ལ་ཤུགས་སྒྱུར་དྲག་པོ་དང་ཟུང་འབྲེལ་གྱིས་དུས་ལྟར་འགྲིམ་འགྲུལ་གནམ་གཤིས་སྔོན་བརྡ་དུས་ལྟར་བཏང་སྟེ་ལམ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད།

གནམ་གཤིས་ཆེད་མཁས་མི་སྣས་ངོ་སྤྲོད་གཞིར་བཟུང་ན། ད་ལྟའི་ཆར་མང་ཨེ་ཤར་རྒྱུད་ད་ཚྭ་འདམ་ཆེ་བ་ས་ཁུལ་དུ་ཁ་བ་གསོག་པའི་ཚད་ཅུང་ཙམ་མཐུག་ལ། གནམ་གཤིས་དྲོད་ཚད་མུ་མཐུད་དུ་ཇེ་དམའ་རུ་སོང་བས་ཁ་བ་བཞུ་བའི་ཚད་ཧ་ཅང་དལ་ངེས། འགྲོ་སྐྱོད་འཆར་གཞི་ཅན་གྱི་གྲོང་ཁྱེར་སྡོད་དམངས་དག་གིས་ལམ་གྱི་གནས་ཚུལ་དང་འབྲེལ་བའི་བརྡ་འཕྲིན་ལ་དོ་ཁུར་ནན་མོ་བྱས་ཏེ་བདེ་འཇགས་ངང་འགྲོ་སྐྱོད་ཡོང་འགྲུབ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།