【ཐོག་མའི་བསམ་འདུན་ལག་བསྟར། ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར】འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་རྒྱུར་སྒུལ་ནུས་གསར་པ་མཁོ་འདོན་བྱེད་པ། 

རང་རེའི་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་ཧུའེ་གོ་རུའེ(མཚོ་སྔོན)ཁྲལ་དོན་ལས་དོན་ཁང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཧྭ་ཡིས་བཏོན་པའི་གྲོས་གཞི་མང་པོ་ཞིག་ནི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ཁོང་གི་དོ་ཁུར་བྱ་ཡུལ་ལ་འགྱུར་བ་བྱུང་མེད་ཀྱང་གདེང་ཚོད་དེ་སྔ་ལས་དེ་བས་ཆེ་རུ་ཕྱིན་ཡོད། ཁོང་གིས“གྲངས་གཞི་དང་འབྲེལ་བ་མང་ཙམ་ཡོད་པས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ད་ལོའི་གཙོ་གནད་ལས་དོན་ཁག་བཀོད་སྒྲིག་བྱས་པ་མཐོང་རྗེས། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་བསྟན། 

ཝང་ཧྭ་ཡིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གིས་འགན་འཁྲི་ལྕི་པོ་འཁུར་ནས་མདུན་སྐྱོད་བྱེད་པ་དང་དངོས་སྒྲུབ་ཡར་བརྩོན་གྱི་རྣམ་པ་གསར་པའི་སྟེང་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་བླག་ངང་མཇུག་བསྡུ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ། ལོ་བརྒྱའི་དམིགས་འབེན་མངོན་འགྱུར་བཅས་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཟེར།

“ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཁེ་ལས་ཀྱི་ཁུར་པོ་དངོས་འབྲེལ་ཇེ་ཡང་དུ་བཏང་ཞིང་། མཐུན་ཞིང་གཙང་བའི་སྲིད་དང་ཚོང་གི་འབྲེལ་བ་འཛུགས་པ་དང་། འགོ་ཁྲིད་ལས་བྱེད་པ་གནས་འབྲེལ་དམངས་གཉེར་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། བློ་གཅིག་སེམས་གཅིག་གིས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ། བློ་ཁོག་ཡངས་པོས་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བ། དམངས་གཉེར་ཁེ་ལས་བློ་བདེའི་ངང་མ་དངུལ་གཏོང་འཇོག་དང་། བློ་གཅིག་སེམས་གཅིག་གིས་ལས་གཏོད། བློ་བདེའི་ངང་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། ཝང་ཧྭ་ཡི་སེམས་ནང་བརྟན་པོར་གནས་ཡོད། 

རང་རེའི་ཞིང་ཆེན་གྱི་ཁྲལ་དོན་པའི་ལས་རིགས་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ཝང་ཧྭ་ཡིས། “དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཆེད་ལས་ཞབས་ཞུའི་སྒྲིག་གཞི་ནི་ཁྲལ་རིན་གཉིས་གཅོག་གི་ཕན་པ་ཐོབ་མཁན་ཞིག་ཡིན་པ་མ་ཟད། ད་དུང་དོན་འཁྱོལ་བྱེད་མཁན་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་མཁན་གྱི་འགན་འཁྲི་ཡང་ཕྲག་ཐོག་ཏུ་འཁུར་ནས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་ཁྲལ་འཇལ་བའི་དྲིལ་སྒྲོག་དང་། གསོ་སྦྱོང་། ཟུར་ཁྲིད་བཅས་ཀྱི་སྲིད་ཇུས་གསར་པ་ལག་ལེན་དུ་བསྟར་བ་དང་། ནོར་ཁྲལ་སྡེ་ཚན་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ལས་རིམ་སྟབས་བདེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ། ཐབས་ཇུས་འདོན་པ་བཅས་བྱས་ཏེ། རང་ཞིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཆེད་སྒུལ་ནུས་གསར་པ་མཁོ་འདོན་བྱས་ཡོད”ཟེར།

ལོ་ཙཱ་བ། ཀླུ་མོ།