【ཐོག་མའི་བསམ་འདུན་ལག་བསྟར། ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར】འབྲོག་ཁུལ་གྱིས་ཐོན་ལས་མཉམ་ལས་ཁང་སྔར་ལས་མང་བ་གཉེར་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྨ་ཆེན་རྫོང་གི་རྫོང་དཔོན་སངས་འབུམ་གྱིས“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་དང་དེ་བཞིན་དབུལ་ཐར་འགག་སྒྲོལ་སྲ་བརྟན་རིམ་སྤོར། གྲོང་གསེབ་དར་རྒྱས། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་བཅས་ཚང་མ་ནི་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ་བརྒྱུད་བསྒྲགས་བྱས་པའི་ནང་དོན་གལ་ཆེན་ཞིག་ཡིན་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་ཞེས་བཤད།

སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་དང་། ཞིང་པའི་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་། ཡུལ་དེའི་དཔལ་འབྱོར་དངོས་ཚན་བཅས་ཁག་གཅིག་བཏོད་དེ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཕྱུག་གྲོང་གསེབ་ཀྱི་ཐོན་ལས་དང་ངལ་ནུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ནི། རྨ་ཆེན་རྫོང་གིས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། 

སངས་འབུམ་གྱིས་རྨ་ཆེན་རྫོང་ལ་མཚོན་ན། མུའུ་ཁྲི1360གི་སྤུས་ལེགས་སྐྱེ་ལྡན་ཕྱུགས་ར་དང་། སྤྱི་ལེ95ཡི་རྨ་ཆུའི་འབབ་ཁུལ་ཡོད།འདི་དག་ཚང་མ་ནི་རྨ་ཆེན་རྫོང་གིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་སྣོད་བཅུད་སྲུང་སྐྱོང་གི་ཤུགས་རྒྱག་ས་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་དང་སྐྱེ་ལྡན་འབྲོག་ལས་ཀྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཀྱང་ཡིན་པ་རེད། རྨ་ཆེན་རྫོང་གིས་སྣོད་བཅུད་སྐྱེ་ལྡན་ཐོན་ལས་སྦྲེལ་ཐག་གི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། གཞི་ཁྱོན་ཅན་དང་ཁྲོམ་ར་ཅན་གྱི་ཐད་ཤུགས་རྒྱག་པ། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འབྲོག་ཁུལ་ཐོན་ལས་མཉམ་ལས་ཁང་དེ་བས་མང་བ་བཏོད་པ་དང་། ཞིང་འབྲོག་པའི་བདེ་སྐྱིད་ཆེ་རུ་གཏོང་བ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཇེ་མང་དུ་ཕྱིན་ནས་འབྲོག་པར་བདེ་སྐྱིད་བསྐྲུན་ཞེས་བཤད་པ་རེད།

ལོ་ཙཱ་བ། ཀླུ་མོ།