【ཐོག་མའི་བསམ་འདུན་ལག་བསྟར། ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར】སྡེ་མི་ཡོངས་ལ་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་པར་བྱ།

རང་རེའི་དྲ་བའི་འཕྲིན་ལྟར་ན། “གྲོང་ཁྱེར་མཁར་དཀྱིལ་ཁུལ་ཙུའུ་ཀྲེ་གྲོང་རྡལ་ཞ་ཞི་ཀོའུ་གྲོང་ཚོ་ནི་དཔེ་མཚོན་གྱི་རི་ཁུག་ཅིག་ཡིན་ཞིང་། གྲོང་ཚོ་ཡོངས་ཀྱི་མི་རྣམས་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ལོ་འདི་གཉིས་ལ་སྡེ་བར་འགྱུར་ལྡོག་མངོན་གསལ་བྱུང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལས་གྲྭ་བསྐྲུན་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། གྲོང་ཚོའི་ནང་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཙུང་ཀྲའེ་གྲོང་རྡལ་ཞ་ཞི་ཀོའུ་གྲོང་ཚོའི་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཅིང་ཧན་ཧུའེ་ཡི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་ཤར།

“ཧྲིན་ཀྲང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཉན་རྗེས་ང་ཚོར་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོ་དབུལ་ཐར་ཐུབ་པ་མ་ཟད། ད་དུང་ཚང་མ་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས། ཁོང་གིས་ཚོགས་འདུ་གཉིས་ཀྱི་སྐད་སྒྲ་གྲོང་མི་ཚོར་བརྒྱུད་སྒྲོག་བྱས་ནས་གྲོང་མི་ཚོར་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཧུར་ཐག་བྱ་རུ་འཇུག་རྒྱུ་ཡིན་ཞེས་བཤད། 

“གནད་འཁེལ་དབུལ་སྐྱོར་ལག་བསྟར་བྱས་ཚུན། དུད་ཚང་དབུལ་པོ་སྔ་ཙམ་དབུལ་སྒྲོལ་ཐུབ་ཆེད། གྲོང་ཚོར་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་མི་རྣམས་ཡུན་རིང་བརྟན་པོའི་ངང་ལས་ཞུགས་ཐུབ་པ་བྱས་ཡོད། “དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་བར“དབུལ་པོའི་རྩ་བ”མཐའ་གཅིག་ཏུ་འདོན་དགོས་པ་མ་ཟད། ད་དུང་མང་ཚོགས་དབུལ་པོའི་རང་ངོས་ཀྱི“རང་བརྟེན་ནུས་པ”ཡང་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། 

ན་ནིང་ནས་བཟུང་། ཞ་ཞི་ཀོའུ་གྲོང་ཚོས“གྲོང་གསེབ་དར་རྒྱས”ཀྱི་འཐབ་ཇུས་གོ་སྐབས་སུ་བྱས་ནས་གྲོང་ཚོ་ཁག་གི་ཐོན་ཁུངས་དང་ཁོར་ཡུག་གི་ཆ་རྐྱེན་ལ་གཞི་ཚུགས་ཏེ། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་སྣེ་ཁྲིད་ཀྱིས་མཉམ་སྡེབ་དཔལ་འབྱོར“གཉིད་མི་ཁུག་པ”དང“ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ”ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་ཟླ་རེར་ཡོང་འབབ་སྒོར་ཁྲི2.3བྱུང་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།